Cinta Base

༄༅། །བླ་མ་མཁྱེན་ཞེས་པའི་སྙན་ཚིག་ཐོར་བུ་གཟུགས་རྒྱན་ལས་དྲངས་བ་བཞུགས་སོ། །^p1

公开藏文013

མཚན་དཔེའི་དཔལ་འབར་བཅུ་དྲུག་ལང་ཚོ་ཡིས་སྙེམ་པའི། །^p2

ཚངས་སྲས་ཟླ་གཞོན་བཞད་པའི་མཛེས་སྡུག་གི་འོད་དཀར། །^p3

བདག་ཡིད་ཀུན་ད་དཀར་པོའི་དགའ་ཚལ་ལ་རྩེན་དང་། །^p4

མ་བཅོས་མགྲིན་པའི་རོལ་མོ་དལ་གྱིས་ནི་དཀྲོལ་འདོད། །^p5

བརྩེ་ཆེན་སྤྲིན་འཕྲེང་བྱེ་བའི་གུར་ཁང་གི་དབུས་ན། །^p6

གསུང་སྙན་གཡུ་འབྲུག་གཞོན་ནུའི་གླུ་དབྱངས་ཀྱི་འགྱུར་ཁུག །^p7

ལས་ལྡན་རྨ་བྱའི་ཚོགས་ལ་དགའ་བ་འབུམ་སྦྱིན་པའི། །^p8

རྫོགས་ལྡན་དཔྱིད་དཔལ་བསུ་བའི་བླ་མ་དེ་མཁྱེན་ནོ། །^p9

ཐུབ་བསྟན་འོ་མཚོ་དྭངས་མས་ལུས་སྟོབས་ཆེར་རྒྱས་པའི། །^p10

ཐུགས་བསྐྱེད་གཤོག་ཟུང་དཀར་པོས་སྲིད་མཁའ་ན་རྩེན་བཞིན། །^p11

འགྲོ་བསོད་ནགས་མའི་ཚལ་ཀུན་དབྱངས་སྙན་གྱིས་ཁྱབ་མཛད། །^p12

འཇམ་དཔལ་དགྱེས་པའི་འཛུམ་མདངས་བླ་མ་དེ་མཁྱེན་ནོ། །^p13

གང་གི་ཞབས་སེན་དྲི་མེད་གསེར་རྡུལ་གྱི་ཐིག་ལེ། །^p14

འཆི་མེད་དབང་པོ་འབུམ་གྱི་ཅོད་པན་དུ་འཆིང་བཞིན། །^p15

བསྔགས་བརྗོད་པད་དཀར་ཕྲེང་མཛེས་ཕྱོགས་ཀུན་ན་འཐོར་བའི། །^p16

བསྙིལ་མཛད་ལྷ་བརྒྱའི་གཙུག་ནོར་བླ་མ་དེ་མཁྱེན་ནོ། །^p17

གང་སྐུ༵་ཡིད་འཕྲོག་མདངས་ལྡན་པད་དཀར་གྱི་འཁྲི་ཤིང་། །^p18

ཁྲིམས་ཀྱི་དྲི་བསུང་མངར་བོས་གསེར་ལྗོངས་ཀུན་འཁྱུད་དེ། །^p19

བློ་གསལ་རྐང་དྲུག་ཚོགས་རྣམས་དབང་མེད་དུ་འགུགས་པ། །^p20

ངེས་ལེགས་དཔལ་ཡོན་བཞད་པའི་བླ་མ་དེ་མཁྱེན་ནོ། །^p21

གང་གསུ༵ང་ཡིད་འཕྲོག་སྙན་ཚིག་རྒྱུད་མངས་ཀྱི་གདངས་སྙན། །^p22

འཛུམ་སྒེག་དྲི་ཟའི་བུ་མོའི་གླུ་དབྱངས་ཀྱི་དཔལ་འཕྲོག །^p23

ཡིད་ལ་དམ་ཆོས་བདུད་རྩིའི་དགའ་སྟོན་རང་འགྱེད་པའི། །^p24

མཚོ་བྱུང་དགྱེས་པའི་འཛུམ་མདངས་བླ་མ་དེ་མཁྱེན་ནོ། །^p25

གང་ཐུ༵གས་ཟབ་ཡངས་ན་ཀྲའི་གྲོང་ཁྱེར་གྱི་ཀློང་ན། །^p26

ཟབ་རྒྱས་ལེགས་བཤད་ནོར་བུའི་གཏེར་བརྒྱ་དེ་འཛུམ་པའི། །^p27

གདུང་བ་ཀུན་འཕྲོག་འདོད་དགུ་ཡིད་བཞིན་གྱི་ནོར་བུ། །^p28

གདངས་ཅན་བྱེ་བའི་གཙུག་ནོར་བླ་མ་དེ་མཁྱེན་ནོ། །^p29

མཚམས་སྤྲིན་གུར་གུམ་ཆབ་ཀྱིས་ལན་བརྒྱ་རུ་བྲན་ཅིང་། །^p30

མཛེས་སྡུག་ཉི་མ་འབུམ་གྱི་གཟི་བྱིན་གྱི་ལང་ཚོ། །^p31

ཤེས་རབ་འཁྲི་ཤིང་གཡོ་བ་འཇམ་དཔལ་ནི་དཔའ་བོ། །^p32

རྣམ་པ་མི་ཡི་གར་འཛིན་བླ་མ་དེ་མཁྱེན་ནོ། །^p33

ཟབ་མོ་ལྟ་བའི་སྒོ་འབྱེད་བློ་གྲོས་ཀྱི་ཉི་གཞོན། །^p34

རྒྱ་ཆེན་སྤྱོད་པའི་མཆོག་སྦྱིན་གཞན་ཕན་གྱི་ཟླ་དཀར། །^p35

དབྱེར་མེད་མཁྱེན་གཏེར་རྒྱ་མཚོ་གང་འདོད་ཀྱི་འབྱུང་གནས། །^p36

མཐའ་དག་རྣམ་དཔྱོད་གཅིག་བསྡུས་བླ་མ་དེ་མཁྱེན་ནོ། །^p37

ཐར་འདོད་ཡིད་སྣང་འགུགས་པ་རྒྱུད་སྟོང་གི་སྒྲ་དབྱངས། །^p38

ལེགས་བཤད་གཏེར་གྱི་རོལ་མོ་གདངས་སྙན་གྱི་མྱོས་གླུ། །^p39

སྐྱེ་འགྲོའི་སྒྲ་འཛིན་བདུད་རྩིའི་གསོས་སྨན་དུ་སིམ་པ། །^p40

གསུང་སྙན་ཚངས་སྲས་དགྱེས་བཞད་བླ་མ་དེ་མཁྱེན་ནོ། །^p41

མཁྱེན་བརྩེ་སྤྲིན་རུམ་ཀུན་འཁྲིགས་གདེངས་ཀ་ཡི་ཀློང་ན། །^p42

ལུང་རིགས་སྒྲ་བརྒྱ་གནམ་ལྕགས་ཐོག་ཞགས་ཀྱི་ཚ་ཟེར། །^p43

ཉེས་བཤད་དུག་ཆུས་རབ་མྱོས་བྲག་རི་ཀུན་བསྙིལ་བའི། །^p44

ཕྱོགས་གླང་གྲགས་པའི་ཟློས་གར་བླ་མ་དེ་མཁྱེན་ནོ། །^p45

ཁྱེད་ཀྱི་མཛད་ཕྲིན་ལི་ཁྲིའི་ཐིག་ལེ་ཡི་འཛུམ་དཀར། །^p46

བསིལ་ལྡན་ལྷ་ཡི་ཚལ་ན་ལམ་ལམ་དུ་ངོམ་ཚེ། །^p47

རྒྱལ་བསྟན་པདྨ་དཀར་པོའི་ཚེམས་ཕྲེང་གི་མཛེས་སྡུག །^p48

བཀྲོལ་མཛད་བསྟན་པའི་ཉིན་བྱེད་བླ་མ་དེ་མཁྱེན་ནོ། །^p49

གང་ཐུགས་ཟག་མེད་དྲི་བྲལ་མ་དྲོས་ཀྱི་ཀློང་ཡངས། །^p50

རྣམ་དཔྱོད་རླབས་ཀྱི་ཕྲེང་དཀར་རྩེད་འཇོ་ཡི་འབབ་སྟེགས། །^p51

མཁྱེན་གཏེར་ནོར་བུའི་དོ་ཤལ་འབུམ་ཕྲག་གིས་བརྒྱན་པ། །^p52

རྣམ་དཀར་བྱེ་བའི་འབྱུང་གནས་བླ་མ་དེ་མཁྱེན་ནོ། །^p53

གངས་རི་རང་བྱུང་ཤེལ་དཀར་འདབ་ཕྲེང་གི་གླིང་ན། །^p54

ཆོས་སྲིད་སྣང་བ་དཀར་པོའི་འོད་ཞགས་ཀྱིས་འཁྱུད་བཞིན། །^p55

གྲགས་དཀར་ཁ་བའི་མེ་ཏོག་མཁའ་དབྱིངས་ནས་འབབ་པའི། །^p56

ནོར་འཛིན་དཔལ་མོའི་སྲོག་འཛིན་བླ་མ་དེ་མཁྱེན་ནོ། །^p57

མདོ་སྔགས་འདབ་སྟོང་འཛུམ་པའི་འཁྲི་ཤིང་གི་གཡུ་ལྗོན། །^p58

སྦྲང་རྩིའི་ཐིག་ལེ་གཡོ་བའི་བཅུད་ལྡན་གྱི་རོ་ལ། །^p59

བློ་གསལ་སྦྲང་མ་ར་ཡི་སྤྲིན་ཚོགས་ཀྱིས་རོལ་བཞིན། །^p60

ཡིད་འཕྲོག་དབྱངས་སྙན་འགུགས་མཛད་བླ་མ་དེ་མཁྱེན་ནོ། །^p61

འཇམ་དཔལ་གཞོན་ནུ་བསམ་བཞིན་བཤེས་གཉེན་གྱི་རོལ་གར། །^p62

བརྩེ་ཆེན་དུང་ཟླ་དཀར་པོའི་ཞལ་ཁྱིམ་དེ་མཇལ་ན། །^p63

སྲིད་པའི་ལས་ཉོན་ཚ་གདུང་དུས་གཅིག་ལ་གཞིལ་ནས། །^p64

ཐར་ལམ་སྣང་བ་སྦྱིན་མཛད་བླ་མ་དེ་མཁྱེན་ནོ། །^p65

ཚོགས་གཉིས་འོ་མཚོ་དྭངས་མའི་རླབས་ཕྲེང་ལས་འཁྲུངས་པའི། །^p66

ཡེ་ཤེས་ཟླ་དཀར་གཞོན་ནུ་མཛེས་སྡུག་གི་དཀྱིལ་འཁོར། །^p67

ཕན་བདེ་ག་བུར་ཟེགས་མའི་ཐིགས་ཕྲེང་གི་དགའ་སྟོན། །^p68

འགྱེད་མཛད་ལྷ་བརྒྱའི་ཅོད་པན་བླ་མ་དེ་མཁྱེན་ནོ། །^p69

རབ་དམར་རྡུལ་གྱི་གྲངས་སྙེད་འགྲོ་བ་ཡི་ཚོགས་ཀུན། །^p70

ཆུ་ལྷའི་ཕྱོགས་ཀྱི་བདེ་ཆེན་ཉམས་དགའ་ཡི་གྲོང་ལ། །^p71

བདེ་བླག་འགོད་ཅེས་བཀའ་ལུང་དུང་དཀར་གྱི་རང་སྒྲས། །^p72

གཅིག་མིན་ལན་བརྒྱར་བསྔགས་པའི་བླ་མ་དེ་མཁྱེན་ནོ། །^p73

ད་དུང་སྤྲོས་ན་བསྔགས་བརྗོད་སྣ་ཚོགས་ཤིག་བདོག་མོད། །^p74

ཉིན་བྱེད་གཞོན་ནུའི་འཛུམ་ཞལ་ལྷོ་སྤྲིན་གྱིས་ཁེབས་ཏེ། །^p75

དབྱར་སྐྱེས་བུ་མོའི་མགྲིན་གླུ་དར་དུར་དུ་སྒྲོག་ཚེ། །^p76

ཁོ་བོའི་སོར་མོའི་འདུ་བྱེད་ལྷོད་པོ་རུ་གྱུར་སོང་། །^p77

མདོར་ན་ད་ནས་སྐྱེ་བ་ཚེ་རབས་ཀྱི་ཕྲེང་བར། །^p78

མགོན་ཁྱེད་ཞིང་ཁམས་རྣམས་སུ་གང་འདུལ་དུ་སྣང་ཚེ། །^p79

ཉམ་ཆུང་བདག་ཀྱང་འདུས་པའི་གྲལ་མཐའ་རུ་འཁོད་པར། །^p80

སྙིང་ནས་སྨོན་ན་དེ་ལྟར་མཐུན་འགྱུར་རང་ཞུའོ། །^p81

མཁྱེན་ནོ་མཁྱེན་ནོ་ཁམས་གསུམ་དབང་སྡུད་དེ་མཁྱེན་ནོ། །^p82

མཁྱེན་ནོ་མཁྱེན་ནོ་རྒྱལ་ཀུན་འདུས་ཞལ་དེ་མཁྱེན་ནོ། །^p83

མཁྱེན་ནོ་མཁྱེན་ནོ་བཀའ་དྲིན་འཁོར་མེད་དེ་མཁྱེན་ནོ། །^p84

མཁྱེན་ནོ་མཁྱེན་ནོ་སྐྱེ་ཀུན་འབྲལ་མེད་དེ་མཁྱེན་ནོ། །^p85

ཞེས་པའང་བསོད་དར་རྒྱས་ནས་རང་ལོ་ཉེར་བདུན་དུ་སོན་སྐབས་སྐྱབས་རྗེ་ཡིད་བཞིན་ནོར་བུ་དང་མཉམ་དུ་རྒྱ་གར་ལ་འགྲོ་སྐབས་༡༩༩༠ལོའི་ཟླ་༦ཚེས་༣༠ལ་ཝཱ་ར་ཎ་སའི་གནས་མཆོག་ཏུ་ཤར་མར་བྲིས་པའོ། །^p86

颂词
མཚན་དཔེའི་དཔལ་འབར་བཅུ་དྲུག་ལང་ཚོ་ཡིས་སྙེམ་པའི། །ཚངས་སྲས་ཟླ་གཞོན་བཞད་པའི་མཛེས་སྡུག་གི་འོད་དཀར། །བདག་ཡིད་ཀུན་ད་དཀར་པོའི་དགའ་ཚལ་ལ་རྩེན་དང་། །མ་བཅོས་མགྲིན་པའི་རོལ་མོ་དལ་གྱིས་ནི་དཀྲོལ་འདོད། །བརྩེ་ཆེན་སྤྲིན་འཕྲེང་བྱེ་བའི་གུར་ཁང་གི་དབུས་ན། །གསུང་སྙན་གཡུ་འབྲུག་གཞོན་ནུའི་གླུ་དབྱངས་ཀྱི་འགྱུར་ཁུག །ལས་ལྡན་རྨ་བྱའི་ཚོགས་ལ་དགའ་བ་འབུམ་སྦྱིན་པའི། །རྫོགས་ལྡན་དཔྱིད་དཔལ་བསུ་བའི་བླ་མ་དེ་མཁྱེན་ནོ། །ཐུབ་བསྟན་འོ་མཚོ་དྭངས་མས་ལུས་སྟོབས་ཆེར་རྒྱས་པའི། །ཐུགས་བསྐྱེད་གཤོག་ཟུང་དཀར་པོས་སྲིད་མཁའ་ན་རྩེན་བཞིན། །འགྲོ་བསོད་ནགས་མའི་ཚལ་ཀུན་དབྱངས་སྙན་གྱིས་ཁྱབ་མཛད། །འཇམ་དཔལ་དགྱེས་པའི་འཛུམ་མདངས་བླ་མ་དེ་མཁྱེན་ནོ། །གང་གི་ཞབས་སེན་དྲི་མེད་གསེར་རྡུལ་གྱི་ཐིག་ལེ། །འཆི་མེད་དབང་པོ་འབུམ་གྱི་ཅོད་པན་དུ་འཆིང་བཞིན། །བསྔགས་བརྗོད་པད་དཀར་ཕྲེང་མཛེས་ཕྱོགས་ཀུན་ན་འཐོར་བའི། །བསྙིལ་མཛད་ལྷ་བརྒྱའི་གཙུག་ནོར་བླ་མ་དེ་མཁྱེན་ནོ། །གང་སྐུ༵་ཡིད་འཕྲོག་མདངས་ལྡན་པད་དཀར་གྱི་འཁྲི་ཤིང་། །ཁྲིམས་ཀྱི་དྲི་བསུང་མངར་བོས་གསེར་ལྗོངས་ཀུན་འཁྱུད་དེ། །བློ་གསལ་རྐང་དྲུག་ཚོགས་རྣམས་དབང་མེད་དུ་འགུགས་པ། །ངེས་ལེགས་དཔལ་ཡོན་བཞད་པའི་བླ་མ་དེ་མཁྱེན་ནོ། །གང་གསུ༵ང་ཡིད་འཕྲོག་སྙན་ཚིག་རྒྱུད་མངས་ཀྱི་གདངས་སྙན། །འཛུམ་སྒེག་དྲི་ཟའི་བུ་མོའི་གླུ་དབྱངས་ཀྱི་དཔལ་འཕྲོག །ཡིད་ལ་དམ་ཆོས་བདུད་རྩིའི་དགའ་སྟོན་རང་འགྱེད་པའི། །མཚོ་བྱུང་དགྱེས་པའི་འཛུམ་མདངས་བླ་མ་དེ་མཁྱེན་ནོ། །གང་ཐུ༵གས་ཟབ་ཡངས་ན་ཀྲའི་གྲོང་ཁྱེར་གྱི་ཀློང་ན། །ཟབ་རྒྱས་ལེགས་བཤད་ནོར་བུའི་གཏེར་བརྒྱ་དེ་འཛུམ་པའི། །གདུང་བ་ཀུན་འཕྲོག་འདོད་དགུ་ཡིད་བཞིན་གྱི་ནོར་བུ། །གདངས་ཅན་བྱེ་བའི་གཙུག་ནོར་བླ་མ་དེ་མཁྱེན་ནོ། །མཚམས་སྤྲིན་གུར་གུམ་ཆབ་ཀྱིས་ལན་བརྒྱ་རུ་བྲན་ཅིང་། །མཛེས་སྡུག་ཉི་མ་འབུམ་གྱི་གཟི་བྱིན་གྱི་ལང་ཚོ། །ཤེས་རབ་འཁྲི་ཤིང་གཡོ་བ་འཇམ་དཔལ་ནི་དཔའ་བོ། །རྣམ་པ་མི་ཡི་གར་འཛིན་བླ་མ་དེ་མཁྱེན་ནོ། །ཟབ་མོ་ལྟ་བའི་སྒོ་འབྱེད་བློ་གྲོས་ཀྱི་ཉི་གཞོན། །རྒྱ་ཆེན་སྤྱོད་པའི་མཆོག་སྦྱིན་གཞན་ཕན་གྱི་ཟླ་དཀར། །དབྱེར་མེད་མཁྱེན་གཏེར་རྒྱ་མཚོ་གང་འདོད་ཀྱི་འབྱུང་གནས། །མཐའ་དག་རྣམ་དཔྱོད་གཅིག་བསྡུས་བླ་མ་དེ་མཁྱེན་ནོ། །ཐར་འདོད་ཡིད་སྣང་འགུགས་པ་རྒྱུད་སྟོང་གི་སྒྲ་དབྱངས། །ལེགས་བཤད་གཏེར་གྱི་རོལ་མོ་གདངས་སྙན་གྱི་མྱོས་གླུ། །སྐྱེ་འགྲོའི་སྒྲ་འཛིན་བདུད་རྩིའི་གསོས་སྨན་དུ་སིམ་པ། །གསུང་སྙན་ཚངས་སྲས་དགྱེས་བཞད་བླ་མ་དེ་མཁྱེན་ནོ། །མཁྱེན་བརྩེ་སྤྲིན་རུམ་ཀུན་འཁྲིགས་གདེངས་ཀ་ཡི་ཀློང་ན། །ལུང་རིགས་སྒྲ་བརྒྱ་གནམ་ལྕགས་ཐོག་ཞགས་ཀྱི་ཚ་ཟེར། །ཉེས་བཤད་དུག་ཆུས་རབ་མྱོས་བྲག་རི་ཀུན་བསྙིལ་བའི། །ཕྱོགས་གླང་གྲགས་པའི་ཟློས་གར་བླ་མ་དེ་མཁྱེན་ནོ། །ཁྱེད་ཀྱི་མཛད་ཕྲིན་ལི་ཁྲིའི་ཐིག་ལེ་ཡི་འཛུམ་དཀར། །བསིལ་ལྡན་ལྷ་ཡི་ཚལ་ན་ལམ་ལམ་དུ་ངོམ་ཚེ། །རྒྱལ་བསྟན་པདྨ་དཀར་པོའི་ཚེམས་ཕྲེང་གི་མཛེས་སྡུག །བཀྲོལ་མཛད་བསྟན་པའི་ཉིན་བྱེད་བླ་མ་དེ་མཁྱེན་ནོ། །གང་ཐུགས་ཟག་མེད་དྲི་བྲལ་མ་དྲོས་ཀྱི་ཀློང་ཡངས། །རྣམ་དཔྱོད་རླབས་ཀྱི་ཕྲེང་དཀར་རྩེད་འཇོ་ཡི་འབབ་སྟེགས། །མཁྱེན་གཏེར་ནོར་བུའི་དོ་ཤལ་འབུམ་ཕྲག་གིས་བརྒྱན་པ། །རྣམ་དཀར་བྱེ་བའི་འབྱུང་གནས་བླ་མ་དེ་མཁྱེན་ནོ། །གངས་རི་རང་བྱུང་ཤེལ་དཀར་འདབ་ཕྲེང་གི་གླིང་ན། །ཆོས་སྲིད་སྣང་བ་དཀར་པོའི་འོད་ཞགས་ཀྱིས་འཁྱུད་བཞིན། །གྲགས་དཀར་ཁ་བའི་མེ་ཏོག་མཁའ་དབྱིངས་ནས་འབབ་པའི། །ནོར་འཛིན་དཔལ་མོའི་སྲོག་འཛིན་བླ་མ་དེ་མཁྱེན་ནོ། །མདོ་སྔགས་འདབ་སྟོང་འཛུམ་པའི་འཁྲི་ཤིང་གི་གཡུ་ལྗོན། །སྦྲང་རྩིའི་ཐིག་ལེ་གཡོ་བའི་བཅུད་ལྡན་གྱི་རོ་ལ། །བློ་གསལ་སྦྲང་མ་ར་ཡི་སྤྲིན་ཚོགས་ཀྱིས་རོལ་བཞིན། །ཡིད་འཕྲོག་དབྱངས་སྙན་འགུགས་མཛད་བླ་མ་དེ་མཁྱེན་ནོ། །འཇམ་དཔལ་གཞོན་ནུ་བསམ་བཞིན་བཤེས་གཉེན་གྱི་རོལ་གར། །བརྩེ་ཆེན་དུང་ཟླ་དཀར་པོའི་ཞལ་ཁྱིམ་དེ་མཇལ་ན། །སྲིད་པའི་ལས་ཉོན་ཚ་གདུང་དུས་གཅིག་ལ་གཞིལ་ནས། །ཐར་ལམ་སྣང་བ་སྦྱིན་མཛད་བླ་མ་དེ་མཁྱེན་ནོ། །ཚོགས་གཉིས་འོ་མཚོ་དྭངས་མའི་རླབས་ཕྲེང་ལས་འཁྲུངས་པའི། །ཡེ་ཤེས་ཟླ་དཀར་གཞོན་ནུ་མཛེས་སྡུག་གི་དཀྱིལ་འཁོར། །ཕན་བདེ་ག་བུར་ཟེགས་མའི་ཐིགས་ཕྲེང་གི་དགའ་སྟོན། །འགྱེད་མཛད་ལྷ་བརྒྱའི་ཅོད་པན་བླ་མ་དེ་མཁྱེན་ནོ། །རབ་དམར་རྡུལ་གྱི་གྲངས་སྙེད་འགྲོ་བ་ཡི་ཚོགས་ཀུན། །ཆུ་ལྷའི་ཕྱོགས་ཀྱི་བདེ་ཆེན་ཉམས་དགའ་ཡི་གྲོང་ལ། །བདེ་བླག་འགོད་ཅེས་བཀའ་ལུང་དུང་དཀར་གྱི་རང་སྒྲས། །གཅིག་མིན་ལན་བརྒྱར་བསྔགས་པའི་བླ་མ་དེ་མཁྱེན་ནོ། །ད་དུང་སྤྲོས་ན་བསྔགས་བརྗོད་སྣ་ཚོགས་ཤིག་བདོག་མོད། །ཉིན་བྱེད་གཞོན་ནུའི་འཛུམ་ཞལ་ལྷོ་སྤྲིན་གྱིས་ཁེབས་ཏེ། །དབྱར་སྐྱེས་བུ་མོའི་མགྲིན་གླུ་དར་དུར་དུ་སྒྲོག་ཚེ། །ཁོ་བོའི་སོར་མོའི་འདུ་བྱེད་ལྷོད་པོ་རུ་གྱུར་སོང་། །མདོར་ན་ད་ནས་སྐྱེ་བ་ཚེ་རབས་ཀྱི་ཕྲེང་བར། །མགོན་ཁྱེད་ཞིང་ཁམས་རྣམས་སུ་གང་འདུལ་དུ་སྣང་ཚེ། །ཉམ་ཆུང་བདག་ཀྱང་འདུས་པའི་གྲལ་མཐའ་རུ་འཁོད་པར། །སྙིང་ནས་སྨོན་ན་དེ་ལྟར་མཐུན་འགྱུར་རང་ཞུའོ། །མཁྱེན་ནོ་མཁྱེན་ནོ་ཁམས་གསུམ་དབང་སྡུད་དེ་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་རྒྱལ་ཀུན་འདུས་ཞལ་དེ་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་བཀའ་དྲིན་འཁོར་མེད་དེ་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་སྐྱེ་ཀུན་འབྲལ་མེད་དེ་མཁྱེན་ནོ། །