Cinta Base

译作009 365颗钻石epub^p1

公开译作009

1.png^p2

^p3

^p4

南无本师释迦牟尼佛^p5

365 Diamonds of Wisdom^p6

365颗钻石^p7

索达吉堪布·翻译^p8

版本:2023年12月^p9

ལོ་འདིའི་སྤྱི་ཟླ་དང་པོའི་ཚེས་གཅིག་ནས་བཟུང་^p10

དུས་ཚོད་དང་བསྟུན་ཏེ་ཉིན་རེ་བཞིན་བོད་ཀྱི་^p11

མཁས་པ་རྣམས་དང་ཁྱད་པར་བདག་གི་བླ་མ་^p12

གོང་མ་དག་གིས་རྒྱུན་དུ་ཐུགས་ཐོག་ནས་^p13

གསུང་དར་ཞིང་རང་གིས་ཀྱང་སྔོན་བློ་ལ་ལེན་^p14

མྱོང་བའི་ལུང་ཚིག་བྱིན་རླབས་ཅན་འགའ་རེ་རྒྱ་^p15

སྐད་དུ་བསྒྱུར་ཏེ་རྣམ་པ་ཚོར་ཕུལ་བ་ལ་འདིའི་^p16

ཚིག་བློ་ལ་བཟུང་ནས་དོན་ཉམས་སུ་བླངས་ན་^p17

དོན་ཆེན་པོ་ཡོད་པར་སེམས།^p18

^p19

从今年(2018年)1月1日开始,我准备每天发一条藏文微博,内容是摘自不同经论的佛法教言,非常具有加持力。这些教言,前辈大德十分重视,尤其是我的上师们经常引用,我自己也曾背诵过。^p20

我将此翻译成汉语,与你分享。你若能背诵词句、依文修持,应该会有极大利益。^p21

^p22

2018.01.01^p23

^p24

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p25

རང་ཚུགས་མ་ཤོར། །^p26

གཞན་སེམས་མ་དཀྲུགས། །ཞེས་གསུངས།^p27

法王晋美彭措:^p28

莫舍己道,勿扰他心。^p29

2018.01.02^p30

^p31

མདོ་རྒྱ་ཆེར་རོལ་བ་ལས།^p32

བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །^p33

བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །^p34

བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །^p35

ཞེས་སོ། །^p36

《方广游戏经》:^p37

行善积德,离苦得乐。^p38

具足福德,所愿皆遂,^p39

摧毁魔众,速得菩提。^p40

2018.01.03^p41

^p42

རྒྱས་སྲས་ཞི་བ་ལྷས།^p43

བདག་ནི་རྙེད་དང་བཀུར་བསྟི་དང་། །^p44

ལུས་དང་འཚོ་བ་མེད་བླ་ཞིང་། །^p45

དགེ་བ་གཞན་ཡང་ཉམས་བླ་ཡི། །^p46

སེམས་ནི་ནམ་ཡང་ཉམས་མི་བྱ། །^p47

ཞེས་གསུངས།^p48

寂天菩萨:^p49

我宁可失坏供养、恭敬、身体、资具,^p50

以及其他善根,也绝不能有损利他心。^p51

2018.01.04^p52

^p53

ས་སྐྱ་པཎ་ཆེན་གྱིས།^p54

རང་ལ་དགོས་པའི་བསྟན་བཅོས་རྣམས། །^p55

ཉི་མ་རེ་རེར་ཚིག་རེ་བཟུང་། །^p56

གྲོག་མཁར་དང་ནི་སྦྲང་རྩི་ལྟར། །^p57

རིང་པོར་མི་ཐོགས་མཁས་པར་འགྱུར། །^p58

ཞེས་གསུངས།^p59

《萨迦格言》:^p60

自己所需诸论典,每日之中记一句,^p61

如同蜂蜜及蚁窝,不久即将成智者。^p62

2018.01.05^p63

^p64

ཁྱད་པར་འཕགས་བསྟོད་ལས།^p65

མུ་སྟེགས་ཅན་གྱི་གཞུང་ལུགས་ལ། །^p66

ཇི་ལྟ་ཇི་ལྟར་རྣམ་བསམ་པ། །^p67

དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །^p68

བདག་གི་སེམས་ནི་དད་པར་གྱུར། །^p69

ཞེས་སོ། །^p70

《殊胜赞》:^p71

对外道典籍越深究,^p72

对怙主(佛陀)您就越坚信。^p73

2018.01.06^p74

^p75

ཀུན་མཁྱེན་མི་ཕམ་པས།^p76

གདམས་ངག་བཟང་པོའི་ཚིག་འདི་ལ། །^p77

བལྟ་ཞིང་དེའི་དོན་བསམ་པ་དང་། །^p78

བསམས་ནས་དེ་ལ་ཡིད་ཆེས་པས། །^p79

དེ་ཡི་དོན་བཞིན་སྤྱད་པར་བྱ། །^p80

ཞེས་གསུངས།^p81

全知麦彭仁波切:^p82

对于殊胜教言,先要去看,^p83

再去思考并生起定解,之后去如理行持。^p84

2018.01.07^p85

^p86

མདོ་སྡེ་རྒྱན་ལས།^p87

དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །^p88

སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ནས། །^p89

འབྱོར་བའི་དུས་དང་རྒུད་པའི་དུས་ན་ཡང་། །^p90

ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །^p91

ཅེས་གསུངས།^p92

《大乘经庄严论》:^p93

了悟诸法如幻的圣者,^p94

在恶趣中流转投生,^p95

也像入于花园一样快乐,^p96

纵遇兴盛、衰败,也不会被烦恼染污。^p97

2018.01.08^p98

^p99

རྡོ་རྗེ་གཅོད་པ་ལས།^p100

འདས་པའི་སེམས་ཀྱང་དམིགས་སུ་མེད།^p101

མ་འོངས་པའི་སེམས་ཀྱང་དམིགས་སུ་མེད།^p102

ད་ལྟར་བྱུང་བའི་སེམས་ཀྱང་དམིགས་སུ་མེད།^p103

ཅེས་གསུངས།^p104

《金刚经》:^p105

过去心不可得,^p106

未来心不可得,^p107

现在心不可得。^p108

2018.01.09^p109

^p110

དཀོན་མཆོག་སྒྲོན་མེ་ལས།^p111

དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །^p112

ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །^p113

ཅེས་གསུངས།^p114

《宝灯经》:^p115

信为前行如生母,能护功德令增上。^p116

2018.01.10^p117

^p118

དབུས་ཟ་མཁའ་འགྲོའི་རང་རྣམ་ལས།^p119

ཨེ་མ་ཧོཿ^p120

སྐྱབས་གནས་ཀུན་འདུས་མཁའ་འགྲོ་མཚོ་རྒྱལ་མར། །^p121

བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །^p122

ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །^p123

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །^p124

ཞེས་གསུངས།^p125

《卫萨空行母自传》:^p126

唉玛吙,^p127

皈依总集措嘉空行母,^p128

无比强烈之信而祈祷,^p129

遣除内外密之诸违缘,^p130

一切所愿成就求加持。^p131

2018.01.11^p132

^p133

རྩ་ཤེས་ལས།^p134

བདག་ལས་མ་ཡིན་གཞན་ལས་མིན། །^p135

གཉིས་ལས་མ་ཡིན་གཞན་ལས་མིན། །^p136

དངོས་པོ་གང་དག་གང་ན་ཡང་། །^p137

སྐྱེ་བ་ནམ་ཡང་ཡོད་མ་ཡིན། །^p138

ཞེས་གསུངས།^p139

《中论》:^p140

诸法不自生,亦不从他生,^p141

不共不无因,是故知无生。^p142

2018.01.12^p143

^p144

མྱང་འདས་ཆེན་པོ་ལས།^p145

ང་མྱ་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་མ་འོངས་བའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྟུང་བར་རིག་པར་བྱའོ། །ཞེས་སོ། །^p146

《大涅槃经》:^p147

应当了知,我涅槃后,^p148

若有人听闻甚深大乘典籍,^p149

并对其生信,未来千百万劫不堕恶趣。^p150

2018.01.13^p151

^p152

མདོ་སྡེ་རྒྱན་ལས།^p153

ཇི་ལྟར་བློ་ལྡན་སེམས་ཅན་ལ། །^p154

རབ་ཏུ་བྱམས་པར་གྱུར་པ་ལྟར། །^p155

སེམས་ཅན་བདག་དང་ཆུང་མ་དང་། །^p156

བུ་བཤེས་གཉེན་ལ་དེ་ལྟ་མིན། །^p157

ཞེས་སོ། །^p158

《大乘经庄严论》:^p159

具有智慧的菩萨,^p160

对一切众生的爱,^p161

远远超过凡夫人对自己、^p162

妻子、儿女、亲友的爱。^p163

2018.01.14^p164

^p165

ཆུ་ཤིང་བསྟན་བཅོས་ལས།^p166

ཐོས་མང་ཉམས་སུ་མ་བླངས་ན། །^p167

རང་གི་རྒྱུད་ལ་མི་ཕན་ཏེ། །^p168

ཆུ་ནང་ལོ་བརྒྱར་གནས་པ་ཡི། །^p169

རྡོ་བའི་རང་བཞིན་སྐམ་པོར་གནས། །^p170

ཞེས་གསུངས།^p171

《水木格言》:^p172

只是多闻却未实修,^p173

自心不会有多大改变,^p174

犹如水中浸泡百年的石头,自性始终是干燥的。^p175

2018.01.15^p176

^p177

ཀླུ་སྒྲུབ་ཀྱིས།^p178

ཕྱུག་པོ་ཀླ་ཀློ་ལ་ཡང་ཡོད། །^p179

དཔའ་བོ་དུད་འགྲོ་ལ་ཡང་ཡོད། །^p180

དོན་དང་མཐུན་པའི་གཏམ་སྨྲ་བ། །^p181

འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །^p182

ཞེས་གསུངས།^p183

龙猛菩萨:^p184

富翁在愚夫中也有,^p185

英雄在动物中也有,^p186

但能说真理的人,在此世上却极罕见。^p187

2018.01.16^p188

^p189

རྗེ་བཙུན་བྱམས་པ་མགོན་པོས།^p190

ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །^p191

ས་བོན་མི་རུང་མི་འཁྲུངས་ལྟར། །^p192

སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །^p193

སྐལ་བ་མེད་པས་བཟང་མི་མྱོང་། །^p194

ཞེས་སོ། །^p195

弥勒菩萨:^p196

老天虽然降下大雨,但种子坏了,^p197

也不可能发芽。^p198

诸佛尽管出现于世,^p199

但无缘之人也得不到善妙的解脱。^p200

2018.01.17^p201

^p202

བཞི་བརྒྱ་པར།^p203

རིན་ཆེན་རང་བཞིན་མཆོད་རྟེན་ནི། །^p204

འཇིག་རྟེན་སྙེད་མཐོ་འགའ་བྱས་པ། །^p205

དེ་བས་སེམས་ཅན་གཅིག་འདུལ་བ། །^p206

མཆོག་ཏུ་སྤྲས་པར་བརྗོད་པ་ཡིན། །^p207

ཞེས་གསུངས།^p208

《四百论》:^p209

调伏一个众生令其发菩提心,^p210

其功德远远超过修造这世上最高的珍宝塔。^p211

2018.01.18^p212

^p213

ཀླུ་སྒྲུབ་ཀྱིས།^p214

འཇིག་རྟེན་པ་ཡི་ཡང་དག་ལྟ། །^p215

ཆེན་པོ་སུ་ལ་ཡོད་གྱུར་པ། །^p216

དེ་ནི་ཚེ་རབས་སྟོང་དུ་ཡང་། །^p217

ངན་འགྲོར་འགྲོ་བར་མི་འགྱུར་རོ། །^p218

ཞེས་སོ། །^p219

龙猛菩萨:^p220

谁具世间正见,千世不堕恶趣。^p221

2018.01.19^p222

^p223

མི་ཕམ་རིན་པོ་ཆེས།^p224

འདུ་འཛི་ཀུན་ཏུ་སྤང་བར་གྱིས། །^p225

གལ་ཏེ་དེ་སྤོང་མ་ནུས་ན། །^p226

དམ་པ་དག་དང་འདྲེ་བར་གྱིས། །^p227

དེ་ཉིད་དེ་ཡི་སྨན་ཡིན་ནོ། །^p228

ཞེས་གསུངས།^p229

麦彭仁波切:^p230

要舍弃散乱愦闹。若实在不能舍弃,^p231

则去与贤者交往,这是最好的“药”。^p232

2018.01.20^p233

^p234

གུང་ཐང་བསྟན་པའི་སྒྲོན་མེས།^p235

ཆོས་ཀུན་ཅིག་ཅར་མི་ཤེས་ཀྱང་། །^p236

ཅི་ཙམ་ཤེས་བཞིན་དོན་དུ་འགྱུར། །^p237

ཆུ་ཀླུང་རྫོགས་པར་མ་འཐུངས་ཀྱང་། །^p238

ཅི་ཙམ་བཏུངས་པས་སྐོམ་པ་སེལ། །^p239

ཞེས་གསུངས།^p240

贡塘丹毕准美:^p241

世间万法纵然难以全部了知,^p242

略知一点也会得到大利。^p243

江河虽然无法全部饮光,^p244

喝上几口也可以解渴。^p245

2018.01.21^p246

^p247

ལུགས་ཀྱི་བསྟན་བཅོས་ལས།^p248

མི་ལ་བཟང་ངན་སྣ་ཚོགས་ཀྱི། །^p249

སྐྱོན་ཡོན་ཁོང་ན་གནས་གྱུར་པ། །^p250

ཁ་ནས་བཤད་པ་ཅི་འདྲ་ཡང་། །^p251

ལག་གི་བྱ་བས་ངེས་པར་རྟོགས། །^p252

ཞེས་སོ། །^p253

《君规教言论》:^p254

人有好坏不同,^p255

功德、过失都藏在心中,^p256

不管嘴上怎么说,^p257

了解他还是要看行为。^p258

2018.01.22^p259

^p260

མཁས་དབང་དགེ་ཆོས་ཀྱིས།^p261

ཕྱུག་པོ་ཕྱུག་པོའི་ས་ནས་སྡུག་གཏམ་བྱེད། །^p262

དབུལ་བོ་དབུལ་པོའི་ས་ནས་སྨྲེ་སྔགས་འདོན། །^p263

མི་རེ་སེམས་ལ་སྡུག་བསྔལ་ཁུར་བོ་རེ། །^p264

འཁོར་བའི་གནས་ན་བདེ་བའི་སྐབས་མི་མཆིས། །^p265

ཞེས་སོ། །^p266

根登群佩:^p267

富人有富人的哭泣,^p268

穷人有穷人的哀嚎,^p269

人人都背着痛苦包袱,^p270

轮回之中难觅快乐。^p271

2018.01.23^p272

^p273

ལྕང་སྐྱའི་བསླབ་བྱ་གཞན་ཕན་བདུད་རྩི་སྙིང་པོ་ལས།^p274

ཁྱད་པར་ལྷ་དང་བླ་མ་དབྱེར་མེད་ལ། །^p275

མོས་གུས་ཤུགས་དྲག་བློ་སེམས་གཅིག་དྲིལ་གྱིས། །^p276

ཚིག་ཙམ་མིན་པར་གསོལ་བ་ལེགས་བཏབ་ན། །^p277

ཅི་བྱས་ལམ་དུ་འགྲོ་བ་གདོན་མི་ཟ། །^p278

ཞེས་སོ། །^p279

章嘉国师《利他甘露精要》:^p280

若观上师与本尊无二无别,^p281

以强烈的信心、^p282

虔诚的恭敬心由衷祈祷,^p283

所做一切必定如愿以偿。^p284

2018.01.24^p285

^p286

སློབ་དཔོན་ཨཱརྱ་དྷེ་ཝས།^p287

འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །^p288

འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་། །^p289

དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །^p290

ཞེས་གསུངས།^p291

圣天论师:^p292

死缘极众多,^p293

生缘极稀少,^p294

彼亦成死缘。^p295

2018.01.25^p296

^p297

ཨོ་རྒྱན་ཆེན་པོས།^p298

ཆོས་ལ་ཕྱི་བཤོལ་མ་བྱེད་རྗེ་འབངས་རྣམས། །^p299

སྙིང་རུས་མ་ཆུང་སྒྲུབ་ལ་རེམ་པར་གྱིས། །^p300

ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན། །^p301

ཞེས་གསུངས།^p302

莲花生大士:^p303

诸弟子对修法切莫拖延,^p304

应以大精进来修行,^p305

遇法如百日一餐极难得。^p306

2018.01.26^p307

^p308

རྗེ་བཙུན་མི་ལས།^p309

མི་མེད་དབེན་པའི་བྲག་ཕུག་ནས། །^p310

སྐྱོ་ཆད་དེ་བ་ལ་སང་དུས་མེད། །^p311

བླ་མ་དུས་གསུམ་སངས་རྒྱས་ལ། །^p312

ཡིད་དུང་ངེ་བ་ལ་འབྲལ་བ་མེད། །^p313

ཅེས་སོ། །^p314

米拉日巴尊者:^p315

无人山谷岩洞中,恒具出离厌世心,^p316

上师乃为三世佛,强烈坚信永不离。^p317

2018.01.27^p318

^p319

ཞི་བ་ལྷས།^p320

བདག་ནི་མེད་པར་འགྱུར་བའི་དུས། །^p321

དེ་ནི་གདོན་མི་ཟ་བར་འབྱུང་། །^p322

ཞེས་གསུངས།^p323

《入行论》:^p324

吾生终归尽,^p325

死期必降临。^p326

2018.01.28^p327

^p328

མི་ཕམ་རིན་པོ་ཆེས།^p329

ཤིན་ཏུ་གསང་བར་འོས་པ་ནི། །^p330

རང་ལས་གཞན་པ་སུ་ལའང་མིན། །^p331

མཛའ་བས་མཛའ་བར་ཚིག་སྤེལ་ནས། །^p332

ཐ་མ་རྒྱལ་ཁམས་ཁྱབ་པར་འགྱུར། །^p333

ཞེས་གསུངས།^p334

麦彭仁波切:^p335

该保密的事情,除了自己谁都不要说,^p336

否则密友传密友,秘密就会遍天下。^p337

2018.01.29^p338

^p339

དགེ་ཆོས་ཀྱིས།^p340

བྱིས་པའི་དུས་ནས་རྒས་ཤིང་འཁོགས་པའི་བར། །^p341

སེམས་ཀྱི་འཁྱེར་སོ་ཅི་ཙམ་བརྗེས་གྱུར་པ། །^p342

རང་གི་མྱོང་བས་དཔྱད་ན་ཤེས་ནུས་པས། །^p343

ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཅི། །^p344

ཞེས་གསུངས།^p345

根登群佩:^p346

从孩提到耄耋,^p347

自己的心变化过很多次,^p348

这一点凭经验观察即可清楚。^p349

因此,当下的心念又有什么可信度?^p350

2018.01.30^p351

^p352

སྤྱོད་འཇུག་ལས།^p353

བསྐལ་པ་སྟོང་དུ་བསགས་པ་ཡི། །^p354

སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །^p355

ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །^p356

ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །^p357

ཅེས་གསུངས།^p358

《入行论》:^p359

一嗔能摧毁,千劫所积聚,^p360

施供善逝等,一切诸福善。^p361

2018.01.31^p362

^p363

པད་མ་བདུད་འདུལ་གྱིས།^p364

ཨ་ཧོ་ཐུབ་དབང་ཕྱོགས་དུས་རྒྱལ་བ་སྲས་བཅས་མཁྱེན། །^p365

རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །^p366

དྲིན་ཅན་རྩ་བརྒྱུད་བླ་མའི་ཚོགས་རྣམས་མཁྱེན། །^p367

རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །^p368

ལྷག་པའི་ལྷ་མཆོག་སྤྱན་རས་གཟིགས་དབང་མཁྱེན། །^p369

རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །^p370

班玛敦德:^p371

阿吙!^p372

十方诸佛佛子知,悲视颠倒因果者。^p373

大恩本传众师知,悲视颠倒因果者。^p374

殊胜本尊观音知,悲视颠倒因果者。^p375

2018.02.01^p376

^p377

མདོ་ལས།^p378

ཟབ་མོའི་ཆོས་ནི་སྟོན་པ་ལ། །^p379

གལ་ཏེ་མོས་པར་མ་གྱུར་ཀྱང་། །^p380

སྐུལ་བ་དག་ནི་མི་གདབ་སྟེ། །^p381

ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །^p382

ཞེས་གསུངས།^p383

佛经:^p384

宣说甚深微妙法,倘若于此未生信,^p385

亦不随意作诋毁,当念法性不思议。^p386

2018.02.02^p387

^p388

ཞབས་དཀར་པས།^p389

ཚེ་རབས་ཀུན་ཏུ་ཕ་མ་སེམས་ཅན་གྱི། །^p390

ཤ་ཁྲག་ནམ་ཡང་ཟ་བར་མ་གྱུར་ཅིག །^p391

སངས་རྒྱས་ཐུགས་རྗེ་ཅན་གྱི་བྱིན་རླབས་ཀྱིས། །^p392

ཤ་ལ་ནམ་ཡང་སྲེད་པ་མེད་པར་ཤོག །^p393

夏嘎巴:^p394

愿我生生世世中,不食父母众血肉,^p395

愿以悲尊佛加持,永不贪爱诸肉食。^p396

2018.02.03^p397

^p398

ཕལ་པོ་ཆེ་ལས།^p399

ཤེས་རབ་ཆུང་ངུས་ཆོས་འདི་དག །^p400

ཀུན་ནས་ཤེས་པར་མི་ནུས་ཏེ། །^p401

ཡེ་ཤེས་མིག་ནི་རྣམ་སྦྱངས་པས། །^p402

འདི་ཡི་ཚུལ་ལ་འཇུག་པར་འགྱུར། །^p403

ཞེས་གསུངས།^p404

《华严经》:^p405

小智于此法,不可悉通达,^p406

若净智慧目,则可趋入彼。^p407

2018.02.04^p408

^p409

མདོ་སྡེ་རྒྱན་ལས།^p410

རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བསྟེན་པ་སྟེ། །^p411

སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །^p412

ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །^p413

བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །^p414

ཞེས་གསུངས།^p415

《经庄严论》:^p416

佛子依胜勤,成熟有情众,^p417

为他一善心,久劫亦不厌。^p418

2018.02.05^p419

^p420

བཀའ་བསྡུས་ལས།^p421

ཉིན་མོ་བྱུང་དུས་ཐུགས་རྗེ་ཆེན་པོ་སྒོམས། །^p422

སེམས་ཅན་དོན་དུ་སྙིང་པོ་མ་ཎི་དྲོངས། །^p423

ཕ་མ་རིགས་དྲུག་དྲིན་ལན་ཁྱེར་ཏེ་འོང་། །^p424

མཚན་མོ་བྱུང་དུས་པད་མ་ང་ཉིད་སྒོམས། །^p425

རང་གི་དོན་དུ་བཛྲ་གུ་རུ་དྲོངས། །^p426

སྙིགས་མའི་སེམས་ཅན་ཐམས་ཅད་ང་ཡིས་སྐྱོབ། །^p427

ཅེས་གསུངས།^p428

《莲师略传》:^p429

白天修观世音菩萨,为众生念六字真言,^p430

报恩六道父母众;晚上修莲花生大士,^p431

为自己念莲师心咒,浊世众生得救护。^p432

2018.02.06^p433

^p434

རྒྱུད་བླ་མ་ལས།^p435

འཕགས་པས་འཆི་དང་ན་བ་དང་། །^p436

རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །^p437

ལས་དང་ཉོན་མོངས་དབང་གིས་སྐྱེ། །^p438

དེ་ལ་དེ་མེད་ཕྱིར་དེ་མེད། །^p439

ཅེས་གསུངས།^p440

《宝性论》:^p441

圣者已断除,死病与老苦,^p442

依业烦恼生,彼无故彼无。^p443

2018.02.07^p444

^p445

མགོན་པོ་ཀླུ་སྒྲུབ་ཀྱིས།^p446

རང་ལུས་དག་ལ་ཚེར་མ་ཡི། །^p447

རྩེ་མོའང་བཟོད་པར་མི་འགྱུར་ན། །^p448

གཞན་གྱི་ལུས་ལ་མཚོན་དག་གིས། །^p449

སྲོག་དང་འབྲལ་བ་ཅི་ཕྱིར་བཟོད། །^p450

ཅེས་གསུངས།^p451

龙猛菩萨:^p452

自己的身体,^p453

用尖刺触碰都难以忍受;^p454

他众的身体,^p455

用兵刃砍割令其丧生,^p456

又怎能忍心呢?^p457

2018.02.08^p458

^p459

ཀུན་མཁྱེན་ཀློང་ཆེན་པས།^p460

གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །^p461

ཟབ་མོའི་དཔེ་ཆ་མཁོ་དགུ་འཛོམས་ན་ཡང་། །^p462

ཉམས་ལེན་མ་བྱས་འཆི་ཚེ་དཔེས་མི་ཕན། །^p463

སེམས་ལ་བལྟ་བ་ཁོ་བོའི་སྙིང་གཏམ་ཡིན། །^p464

ཞེས་གསུངས།^p465

全知龙钦巴:^p466

典籍教言以及记录等,^p467

虽聚种种所需深义书,^p468

若无修持临死书无利,^p469

当观心性即是吾忠告。^p470

2018.02.09^p471

^p472

པད་མ་བདུད་འདུལ་གྱིས།^p473

དགེ་བའི་འབྲས་བུས་སེམས་ཅན་ཐམས་ཅད་ཀྱི། །^p474

ཤ་ཟོས་ཉེས་སྒྲིབ་མ་ལུས་ཀུན་བྱང་ནས། །^p475

སངས་རྒྱས་སྟོང་གི་ཞལ་ཡང་མཐོང་བར་ཤོག །^p476

班玛敦德:^p477

愿以善果悉清净,^p478

食众生肉诸罪障,^p479

亦得面见千佛陀。^p480

2018.02.10^p481

^p482

འདུལ་བ་ལུང་ལས།^p483

རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །^p484

དུས་ལས་ཡོལ་བ་འགྱུར་སྲིད་ཀྱང་། །^p485

གདུལ་བར་བྱ་བའི་སྲས་རྣམས་ལ། །^p486

སངས་རྒྱས་དུས་ལས་ཡོལ་མི་མངའ། །^p487

ཞེས་གསུངས།^p488

《毗奈耶经》:^p489

假使大海离开波浪,^p490

佛陀的慈悲也不会离开众生。^p491

2018.02.11^p492

^p493

ཐེག་བསྡུས་ལས།^p494

ཐབས་ཆེན་རྣམས་དང་ལྡན་པ་ལ། །^p495

ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །^p496

འཁོར་བ་ཞི་བའི་བདེ་བ་ལ། །^p497

དེ་ལྟར་རྒྱལ་སྲས་བསམ་མི་ཁྱབ། །^p498

ཅེས་གསུངས།^p499

《摄大乘论》:^p500

具足大方便,烦恼菩提支,^p501

轮回寂法性,如来不可思。^p502

2018.02.12^p503

^p504

དྲན་པ་ཉེར་བཞག་ལས།^p505

གང་ཞིག་སྡིག་ལ་ཉེར་བསྟེན་པ། །^p506

དེ་ནི་ཤིན་ཏུ་བཀྲ་མི་ཤིས། །^p507

ཐོག་མ་བར་དང་མཐར་ངན་པ། །^p508

དམ་པས་དེ་ནི་རྣམ་པར་སྨད། །^p509

ཅེས་གསུངས།^p510

《正法念处经》:^p511

何人造罪恶,此为不吉祥,^p512

初中后皆厄,圣者所呵斥。^p513

2018.02.13^p514

^p515

མཛོད་ལས།^p516

འཕགས་པ་མིན་ཡང་ཕ་མ་དང་། །^p517

ནད་པ་དང་ནི་ཆོས་སྨྲ་དང་། །^p518

བྱང་ཆུབ་སེམས་དཔའ་ངེས་གནས་དང་། །^p519

སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །^p520

ཡོན་ནི་གཞལ་དུ་མེད་པ་ཡིན། །^p521

ཞེས་གསུངས།^p522

《俱舍论》:^p523

虽非圣者然而于,父母病人说法者,^p524

最后有者之菩萨,供养功德无有量。^p525

2018.02.14^p526

^p527

མ་དྲོས་པས་ཞུས་པའི་མདོ་ལས།^p528

གང་ཞིག་རྐྱེན་ལས་སྐྱེས་པས་དེ་མ་སྐྱེས། །^p529

དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །^p530

རྐྱེན་ལ་རག་ལས་གང་དེ་སྟོང་ཉིད་དེ། །^p531

གང་གིས་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །^p532

ཞེས་གསུངས།^p533

《无热恼请问经》:^p534

依缘则不生,彼生无自性,^p535

依缘彼空性,悟空不放逸。^p536

2018.02.15^p537

^p538

མི་ཕམ་རིན་པོ་ཆེས།^p539

ས་འདི་མ་རབས་ཀྱིས་གང་ཡང་། །^p540

རང་ཉིད་ཡ་རབས་སྤྱོད་པ་བྱ། །^p541

དེ་ལྟ་ན་ནི་ཆོས་ཉིད་ཀྱིས། །^p542

རང་ལ་ཕུན་སུམ་ཚོགས་པར་འགྱུར། །^p543

ཞེས་གསུངས།^p544

麦彭仁波切:^p545

虽此大地满恶人,然自当持高尚行,^p546

如是行持则自己,自然功德圆满成。^p547

2018.02.16^p548

^p549

མགོན་པོ་ཀླུ་སྒྲུབ་ཀྱིས།^p550

གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །^p551

ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །^p552

དམ་པའི་ཆོས་ནི་སྟོན་མཛད་པ། །^p553

གོ་ཏམ་དེ་ལ་ཕྱག་འཚལ་ལོ། །^p554

ཞེས་གསུངས།^p555

《中论》:^p556

瞿昙大圣主,怜愍说正法,^p557

悉断一切见,我今稽首礼。^p558

2018.02.17^p559

^p560

འཕགས་པ་ལྷས།^p561

ཇི་ལྟར་རྒྱུན་ལ་བལྟ་ཉེས་ན། །^p562

རྟག་པ་ཡོད་ཅེས་བྱ་འགྱུར་ལ། །^p563

ཇི་ལྟར་ཚོགས་ལ་བལྟ་ཉེས་ན། །^p564

དངོས་པོ་ཡོད་ཅེས་བྱ་བར་འགྱུར། །^p565

ཞེས་གསུངས།^p566

圣天论师:^p567

于相续假法,恶见谓真常,^p568

积集假法中,邪执言实有。^p569

2018.02.18^p570

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་སྐུ་སྐྱེ་སྔ་མ་^p571

གཏེར་ཆེན་ལས་རབ་གླིང་པས་མི་འགྱུར་བ་བདུན་^p572

གྱི་ཡང་སྲིད་ཕྱི་མ་ལུང་བསྟན་པ་ནི་འདི་ལྟར།^p573

གནས་མི་འགྱུར་ཆོས་ཀྱི་འབྱུང་གནས་སུ། །^p574

མདངས་མི་འགྱུར་གཡུ་ཡི་མཚོ་མོ་ལ། །^p575

རིགས་མི་འགྱུར་པདྨའི་སྡོང་པོའི་རྩེར། །^p576

སྔགས་སྣ་ནམ་སྤྲུལ་པའི་ཁྱེའུ་མཆོག །^p577

ལོ་མི་འགྱུར་མཁའ་ལྡིང་བྱ་ལ་བལྟམས། །^p578

ལུས་མི་འགྱུར་ལག་མཐིལ་མཁའ་འགྲོའི་དལ། །^p579

ངག་མི་འགྱུར་སྡེ་སྣོད་རྒྱ་མཚོས་བརྒྱན། །^p580

སེམས་མི་འགྱུར་ཆོས་སྐུའི་རང་ངོ་འཕྲོད། །^p581

法王如意宝的前世——伏藏大师列绕朗巴,^p582

授记自己转世的七种标志:^p583

降魔金刚之化身,出生年不变,鸡年降生;^p584

出生地不变,为秋及迥内;^p585

父族不变,名班玛德瓦;^p586

母名不变,即耶衣措姆;^p587

身不变,掌具空行坛城;^p588

语不变,庄严如海三藏;^p589

心不变,认识法身本面。^p590

2018.02.19^p591

^p592

དྲན་པ་ཉེར་བཞག་ལས།^p593

སྐྱོན་དང་ཡོན་ཏན་ཡོངས་ཤེས་པ། །^p594

དེ་དག་མཁས་པའི་མཚན་ཉིད་ཡིན། །^p595

སྐྱོན་ཡོན་ཡོངས་སུ་མི་ཤེས་པ། །^p596

དེ་དག་བླུན་པོའི་བྱེད་པ་ཡིན། །^p597

ཞེས་གསུངས།^p598

《正法念处经》:^p599

了知功与过,此为智者相;^p600

不知功与过,则是愚者行。^p601

2018.02.20^p602

^p603

བྱང་ཆུབ་སེམས་འགྲེལ་ལས།^p604

གཞན་དོན་ལས་ལ་མཐུ་མེད་ཀྱང་། །^p605

དེ་ཡི་བསམ་པ་རྟག་ཏུ་བྱ། །^p606

གང་ལ་བསམ་པ་དེ་ཡོད་པ། །^p607

དེ་ནི་དེ་ལ་དོན་གྱིས་ཞུགས། །^p608

ཞེས་གསུངས།^p609

《菩提心释》:^p610

纵无利他力,恒有利他心,^p611

何人有此心,彼亦谓利他。^p612

2018.02.21^p613

^p614

མི་ཕམ་རིན་པོ་ཆེས།^p615

བྱིས་པ་ནོག་ཆུང་རྩེ་མོས་བསླུ། །^p616

དར་མ་ཆགས་སྡང་ཡུལ་གྱིས་བསླུ། །^p617

རྒན་པ་ལུས་སེམས་རྒུད་པས་བསླུ། །^p618

བག་མེད་ནམ་ཡང་བསླུ་ཞིང་བསླུས། །^p619

ཞེས་གསུངས།^p620

麦彭仁波切:^p621

孩童时受玩具游戏所惑,^p622

年轻时受贪嗔对境所惑,^p623

年老时受身心衰败所惑,^p624

一生始终被放逸迷惑。^p625

2018.02.22^p626

^p627

མདོ་ལས།^p628

རྣམ་རྟོག་མ་རིག་ཆེན་པོ་སྟེ། །^p629

འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །^p630

མི་རྟོག་ཏིང་འཛིན་ལ་གནས་ན། །^p631

མཁའ་བཞིན་དྲི་མ་མེད་པར་འགྱུར། །^p632

ཞེས་གསུངས།^p633

佛经:^p634

动念大无明,能堕轮回海,^p635

若住无念定,无垢如虚空。^p636

2018.02.23^p637

^p638

ཆོས་ཀྱི་གྲགས་པས།^p639

བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །^p640

ཤིན་ཏུ་ཉེས་པ་ཚར་གཅོད་མིན། །^p641

ཞེས་གསུངས།^p642

法称论师:^p643

慈等痴无违,故非尽除过。^p644

2018.02.24^p645

^p646

ཡེ་ཤེས་སྣང་བརྒྱན་གྱི་མདོ་ལས།^p647

བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །^p648

འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །^p649

ཅེས་གསུངས།^p650

《智慧庄严经》:^p651

执着于相的凡夫俗子,^p652

在此世间界,^p653

将“无”妄执“有”而行。^p654

2018.02.25^p655

^p656

ཁྱད་པར་འཕགས་བསྟོད་ལས།^p657

བདག་ནི་སྟོན་པ་གཞན་སྤངས་ནས། །^p658

བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །^p659

དེ་ཅིའི་སླད་དུ་ཞེ་ན་ཁྱོད། །^p660

སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །^p661

ཞེས་གསུངས།^p662

《殊胜赞》:^p663

我舍弃其他本师,而皈依佛陀您,^p664

为什么呢?^p665

因为您没有过失,只有功德。^p666

2018.02.26^p667

^p668

རྩ་ཤེས་ལས།^p669

ནང་དང་ཕྱི་རོལ་ཉིད་དག་ལ། །^p670

བདག་དང་བདག་གིར་སྙམ་ཟད་ན། །^p671

ཉེ་བར་ལེན་པ་ཟད་འགྱུར་ཞིང་། །^p672

དེ་ཟད་པས་ན་སྐྱེ་བ་ཟད། །^p673

ཅེས་གསུངས།^p674

《中论》:^p675

内外我我所,若尽灭无有,^p676

诸取即为灭,取灭则生灭。^p677

2018.02.27^p678

^p679

དཀོན་བརྩེགས་ལས།^p680

ཆོས་དབྱིངས་རྣམ་པ་ཐམས་ཅད་དུ། །^p681

འགྱུར་མེད་མཁས་པའི་སྐྱེ་བོས་རྟོགས། །^p682

བྱིས་པ་རྣམས་ནི་དེ་ལ་འཁྲུལ། །^p683

བློ་སྦྱངས་བས་ནི་ཡང་དག་རྟོགས། །^p684

ཞེས་གསུངས།^p685

《大宝积经》:^p686

不变之法界,智者通达彼,^p687

凡愚则迷惑,心净可了悟。^p688

2018.02.28^p689

^p690

རྒྱལ་པོ་ཚངས་བྱིན་གྱིས་ཞུས་པ་ལས།^p691

ལེགས་པར་གསུངས་པའི་ཆོས་ནི་སྟོན་པ་ན། །^p692

སྡིག་པའི་སྤྱོད་ཡུལ་ཅན་དེས་མི་འཐད་འཛིན། །^p693

དད་མེད་ཆོས་ལ་ཐེ་ཚོམ་བསྐྱེད་ནས་ནི། །^p694

བསྐལ་པ་བྱེ་བ་མང་པོར་སྨྱོན་པར་འགྱུར། །^p695

ཞེས་གསུངས།^p696

《梵施王所问经》:^p697

善说佛法时,恶者谓非理,^p698

无信生疑惑,多劫成疯癫。^p699

2018.03.01^p700

^p701

མགོན་པོ་ཀླུ་སྒྲུབ་ཀྱིས།^p702

གལ་ཏེ་མི་སྟོང་ཅུང་ཟད་ཡོད། །^p703

སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །^p704

སྟོང་མིན་ཅུང་ཟད་ཡོད་མིན་ན། །^p705

སྟོང་པ་ཡོད་པ་ག་ལ་འགྱུར། །^p706

ཞེས་གསུངས།^p707

龙猛菩萨:^p708

若有不空法,则应有空法。^p709

实无不空法,何得有空法?^p710

2018.03.02^p711

^p712

འདུལ་བ་ལས།^p713

རང་དབང་ཐམས་ཅད་བདེ་བ་ཡིན། །^p714

གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །^p715

ཐུན་མོང་དག་གི་གནོད་བྱེད་དེ། །^p716

འབྲེལ་བ་ཤིན་ཏུ་འདའ་བར་དཀའ། །^p717

ཞེས་གསུངས།^p718

《毗奈耶经》:^p719

自由是快乐的,没有自由是痛苦的,^p720

互相损害的业缘,是难以超离的。^p721

2018.03.03^p722

^p723

ལེགས་བཤད་རིན་པོ་ཆེའི་གཏེར་ལས།^p724

བསྟོད་པས་དགའ་བར་མི་འགྱུར་ལ། །^p725

སྨད་པས་མི་དགར་མི་འགྱུར་ཞིང་། །^p726

རང་གི་ཡོན་ཏན་ལེགས་གནས་པ། །^p727

སྐྱེ་བོ་དམ་པའི་མཚན་ཉིད་ཡིན། །^p728

ཞེས་གསུངས།^p729

《格言宝藏论》:^p730

不因赞称而高兴,不因辱骂而忧伤,^p731

善持自之功德者,此乃正士之法相。^p732

2018.03.04^p733

^p734

མདོ་སྡེ་རྒྱན་ལས།^p735

དབང་པོ་དམན་ཞིང་ཁམས་ཀྱང་ཤིན་ཏུ་དམན། །^p736

གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བས། །^p737

ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །^p738

གལ་ཏེ་འདི་ལ་མོས་མེད་གྲུབ་པ་ཡིན། །^p739

ཞེས་གསུངས།^p740

《大乘经庄严论》:^p741

信劣界极劣,劣伴普围绕,^p742

正说深广法,无信成立此。^p743

2018.03.05^p744

^p745

ཕལ་པོ་ཆེ་ལས།^p746

ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །^p747

ཤིན་ཏུ་བལྟ་དཀའ་སྨྲ་བར་མི་ནུས་པ། །^p748

དེ་བཞིན་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་། །^p749

ཡིད་དང་སེམས་ཀྱི་ཡུལ་གྱིས་མི་ཤེས་སོ། །^p750

ཞེས་གསུངས།^p751

《华严经》:^p752

犹如空中之鸟迹,无法观见无法言,^p753

如是善逝佛子地,以意心境无法知。^p754

2018.03.06^p755

^p756

རྟེན་འབྲེལ་བསྟོད་པ་ལས།^p757

སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །^p758

མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །^p759

དགེ་བ་འདི་ཡང་མ་ལུས་འགྲོ་བ་མ་ལུས་པ། །^p760

བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །^p761

ཞེས་གསུངས།^p762

《缘起赞》:^p763

无上导师之圣教,有幸值遇源师恩,^p764

此善回向无余众,承蒙正师摄受因。^p765

2018.03.07^p766

^p767

བསླབ་བྱ་ནོར་བུའི་ཕྲེང་བ་ལས།^p768

ཀུན་དང་མཐུན་ན་རྩ་བ་ཡིན་མོད་ཀྱང་། །^p769

མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །^p770

སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །^p771

རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །^p772

ཞེས་གསུངས།^p773

《教言宝鬘论》:^p774

与人和谐相处是很好,^p775

但若所做都模仿别人,^p776

这是没头脑的行为。^p777

精通多种语言是很好,^p778

但若忘记自己的母语,^p779

这是很羞耻的行为。^p780

2018.03.08^p781

^p782

སྤྱོད་འཇུག་ལས།^p783

འདི་འདྲའི་དལ་བ་རྙེད་གྱུར་ནས། །^p784

བདག་གིས་དགེ་གོམས་མ་བྱས་ན། །^p785

འདི་ལས་བསླུས་པ་གཞན་མེད་དེ། །^p786

འདི་ལས་རྨོངས་པའང་གཞན་མེད་དོ། །^p787

ཞེས་གསུངས།^p788

《入行论》:^p789

得如是暇已,我若不修善,^p790

无余欺过此,亦无过此愚。^p791

2018.03.09^p792

^p793

དཀོན་མཆོག་སྤྲིན་ལས།^p794

འཇིག་རྟེན་སེམས་ཀྱིས་བྲིས་པ་སྟེ། །^p795

སེམས་ནི་སེམས་ཀྱིས་མི་མཐོང་ངོ་། །^p796

དགེ་བའམ་འོན་ཏེ་མི་དགེ་བ། །^p797

ལས་ནི་སེམས་ཀྱིས་བསགས་པ་ཡིན། །^p798

ཞེས་གསུངས།^p799

《宝云经》:^p800

世间心所画,心者不见心,^p801

善业或恶业,皆由心所造。^p802

2018.03.10^p803

^p804

འཕགས་པ་སྤྱན་རས་གཟིགས་ཀྱིས།^p805

གང་གིས་རྒུད་ཚེ་བདག་དྲན་ན། །^p806

དེ་ཡི་རྒུད་པ་བདག་གིས་བཟློག །^p807

རང་གི་ཐོག་མའི་སྨོན་ལམ་འདི། །^p808

བདག་ལ་འབྲས་བུ་ལྡན་པར་མཛོད། །^p809

ཅེས་གསུངས།^p810

观音菩萨:^p811

谁遇难时能忆念我,^p812

我即能遣除一切灾难,^p813

这是我往昔发愿的结果。^p814

2018.03.11^p815

^p816

བསླབ་བྱ་རིན་ཆེན་ཕྲེང་བ་ལས།^p817

གཅེས་པའི་བུ་དང་སྙིང་གི་གྲོགས་ལ་ཡང་། །^p818

སྙིང་གཏམ་སྔོན་དུ་མ་བཤད་རེ་ཞིག་གསོང་། །^p819

ཧ་ཅང་དགའ་བའི་དུས་དང་ཁྲོས་པའི་དུས། །^p820

སེམས་ལ་གང་ཡོད་ཁ་ནས་འཆོར་ཉེན་ཡོད། །^p821

ཅེས་གསུངས།^p822

《教言宝鬘论》:^p823

哪怕对最爱的孩子、最亲的朋友,^p824

也不能说出自己的秘密。^p825

因为当他们极度欢喜或非常生气时,^p826

心里的秘密就会不小心泄露。^p827

2018.03.12^p828

^p829

མཁས་དབང་དགེ་ཆོས་ཀྱིས།^p830

མི་ཆེན་དཔོན་པོའི་རྗེས་སུ་རྒྱུགས་མཁས་ཤིང་། །^p831

འབྱོར་ལྡན་ཕྱུག་པོའི་ངོ་ལ་འཛུམ་མཁས་པ། །^p832

མདོར་ན་ཡར་འགྲོའི་མི་ལ་ངོ་དགའ་མཁན། །^p833

འཁྲེལ་མེད་ཁྲམ་པའི་བུ་དེ་དེང་སང་མང་། །^p834

ཞེས་གསུངས།^p835

根登群佩:^p836

对大高官善于溜须拍马,^p837

对富贵者善于谄媚取宠,^p838

总之,^p839

在飞黄腾达者面前演戏的无愧之人,^p840

如今可谓比比皆是。^p841

2018.03.13^p842

^p843

རྩ་ཤེས་ལས།^p844

སྡུག་པ་ཡོད་པ་མ་ཡིན་ན། །^p845

འདོད་ཆགས་ཡོད་པ་ག་ལ་འགྱུར། །^p846

མི་སྡུག་ཡོད་པ་མ་ཡིན་ན། །^p847

ཞེ་སྡང་ཡོད་པ་ག་ལ་འགྱུར། །^p848

ཞེས་གསུངས།^p849

《中论》:^p850

若无有净者,由何而有贪,^p851

若无有不净,由何而有恚?^p852

2018.03.14^p853

^p854

ས་ཆེན་གྲགས་པ་རྒྱལ་མཚན་གྱིས།^p855

ཚེ་འདི་ལ་ཞེན་ན་ཆོས་པ་མིན།^p856

འཁོར་བ་ལ་ཞེན་ན་ངེས་འབྱུང་མིན།^p857

བདག་དོན་ལ་ཞེན་ན་བྱང་སེམས་མིན།^p858

འཛིན་པ་བྱུང་ན་ལྟ་བ་མིན།^p859

ཞེས་གསུངས།^p860

萨迦扎巴加参:^p861

贪着今生不是修行人,^p862

贪着轮回不是出离心,^p863

贪着自利不是菩提心,^p864

心有执着不是正知见。^p865

2018.03.15^p866

^p867

རིན་ཆེན་ཕྲེང་བ་ལས།^p868

མེད་པ་བ་ནི་ངན་འགྲོར་འགྲོ། །^p869

ཡོད་པ་བ་ནི་བདེ་འགྲོར་འགྲོ། །^p870

ཡང་དག་ཇི་བཞིན་ཡོངས་ཤེས་པས། །^p871

གཉིས་ལ་མི་བརྟེན་ཐར་བ་ལགས། །^p872

ཞེས་གསུངས།^p873

《中观宝鬘论》:^p874

无见堕恶趣,有见趋善趣,^p875

如实知真义,不依二解脱。^p876

2018.03.16^p877

^p878

ཞི་བ་ལྷས།^p879

གང་གི་ཆོས་ཀྱི་གཙོ་བོ་མཆོག །^p880

སེམས་ཀྱི་གསང་འདི་མ་ཤེས་ན། །^p881

བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །^p882

དེ་དག་དོན་མེད་གྱི་ནར་འཁྱམས། །^p883

ཞེས་གསུངས།^p884

寂天菩萨:^p885

若不知此心,奥秘法中尊,^p886

求乐或避苦,无义终漂泊。^p887

2018.03.17^p888

^p889

ལེགས་བཤད་རིན་ཆེན་ཕྲེང་བ་ལས།^p890

འཁོར་འདས་ཆོས་རྣམས་མ་ལུས་པ། །^p891

སྒྱུ་མ་ཆུ་ནང་ཟླ་བ་ལྟར། །^p892

བདེན་མེད་རྟོགས་པའི་ལམ་གོམས་པས། །^p893

ཉེས་བརྒྱའི་རྩ་བ་དྲུང་ནས་འབྱིན། །^p894

ཞེས་གསུངས།^p895

《善说宝鬘论》:^p896

通达轮回与涅槃一切法如幻、^p897

如水月,现而无实,^p898

并对此进行修持,^p899

则可根除百恶之患。^p900

2018.03.18^p901

^p902

དཔལ་ལྡན་མར་མེ་མཛད་ཀྱིས།^p903

མང་པོའི་ནང་དུ་ངག་ལ་བརྟག །^p904

གཅིག་པུར་འདུག་ཚེ་སེམས་ལ་བརྟག །^p905

ཅེས་གསུངས།^p906

阿底峡尊者:^p907

众人中要观察自己的语言,^p908

独处时要观察自己的心。^p909

2018.03.19^p910

^p911

རྫ་དཔལ་སྤྲུལ་ཚང་གིས།^p912

སྐྱིད་ན་མི་དགའ་སྡུག་ན་དགའ། །^p913

སྐྱིད་ན་ཉོན་མོངས་དུག་ལྔ་འབར། །^p914

སྡུག་ན་སྔོན་བསགས་ལས་ངན་འཛད། །^p915

སྡུག་བསྔལ་བླ་མའི་ཐུགས་རྗེ་ཡིན། །^p916

ཞེས་གསུངས།^p917

华智仁波切:^p918

快乐不如受痛苦,快乐令五毒炽盛,^p919

痛苦令罪业消弥,痛苦乃上师恩赐。^p920

2018.03.20^p921

^p922

བཤེས་སྤྲིང་ལས།^p923

གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །^p924

ཕྱི་ནས་བག་དང་ལྡན་པར་གྱུར་ཏེ་ཡང་། །^p925

ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །^p926

དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །^p927

ཞེས་གསུངས།^p928

《亲友书》:^p929

何者昔日极放逸,尔后行为倍谨慎,^p930

如月离云极绚丽,难陀指鬘见乐同。^p931

2018.03.21^p932

^p933

རྒྱལ་པོ་ལ་གདམས་པའི་མདོ་ལས།^p934

དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །^p935

ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲང་། །^p936

སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །^p937

ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །^p938

ཞེས་གསུངས།^p939

《教王经》:^p940

国王趋入死亡时,受用亲友不随身,^p941

士夫无论至何处,业如身影紧随后。^p942

2018.03.22^p943

^p944

མི་ཕམ་རིན་པོ་ཆེས།^p945

ན་ཚོད་མ་སྨིན་པ་དང་ནི། །^p946

ས་རྒྱ་ཆུང་ངུའི་རང་མཐོང་གིས། །^p947

སྐྱེ་བོ་རང་གིས་སྔར་བྱས་ལ། །^p948

རང་ཉིད་ཁྲེལ་བ་མང་དུ་འོང་། །^p949

ཞེས་གསུངས།^p950

麦彭仁波切:^p951

或由年龄未成熟,或是孤陋寡闻者,^p952

自己往昔所做事,亦有众多自所笑。^p953

2018.03.23^p954

^p955

དབུ་མ་བཞི་བརྒྱ་པ་ལས།^p956

མི་རྟག་པ་ལ་ངེས་པར་གནོད། །^p957

གང་ལ་གནོད་ཡོད་དེ་བདེ་མིན། །^p958

དེ་ཕྱིར་གང་ཞིག་མི་རྟག་པ། །^p959

དེ་ནི་ཐམས་ཅད་སྡུག་བསྔལ་ཡིན། །^p960

ཞེས་གསུངས།^p961

《四百论》:^p962

无常定有损,有损则非乐,^p963

故说凡无常,一切皆是苦。^p964

2018.03.24^p965

^p966

རྫ་དཔལ་སྤྲུལ་རིན་པོ་ཆེས།^p967

ཅི་ནས་རང་གི་སེམས་ལ་མི་ཕན་པའི། །^p968

ཆོས་དེ་ཁ་ཆོས་ཡིན་གྱི་དོན་ཆོས་མིན། །^p969

རང་གི་སེམས་ལ་ཁྱད་པར་མི་འདུག་ན། །^p970

ལོ་བརྒྱ་མཚམས་བསྒྲུབ་བྱས་ཀྱང་ངལ་བའི་རྒྱུ། །^p971

ཞེས་གསུངས།^p972

华智仁波切:^p973

对心不利的法,只是口头的法,^p974

不是真正的法。^p975

如果心没有改变,^p976

闭关百年也徒劳无益。^p977

2018.03.25^p978

^p979

རྗེ་ཙོང་ཁ་པས།^p980

རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །^p981

གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །^p982

ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །^p983

ས་སྟེང་འདི་ལ་རིན་ཆེན་རྣམ་གསུམ་སྣང་། །^p984

ཞེས་གསུངས།^p985

宗喀巴大师:^p986

辨别细微理性之智慧,^p987

诸论转为教言之修行,^p988

精通言辞诀窍之辩才,^p989

于此世间乃为三珍宝。^p990

2018.03.26^p991

^p992

སྤྱོད་འཇུག་ལས།^p993

ཇི་སྲིད་ནམ་མཁའ་གནས་པ་དང་། །^p994

འགྲོ་བ་ཇི་སྲིད་གནས་གྱུར་པ། །^p995

དེ་སྲིད་བདག་ནི་གནས་གྱུར་ནས། །^p996

འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །^p997

ཅེས་གསུངས།^p998

《入行论》:^p999

乃至有虚空,以及众生住,^p1000

愿吾住世间,尽除众生苦。^p1001

2018.03.27^p1002

^p1003

རྗེ་ཞབས་དཀར་པས།^p1004

བཟོད་པ་ཚིག་ངན་བྱུང་དུས་སྒོམས། །^p1005

སྦྱིན་པ་ཟས་ནོར་ཡོད་དུས་ཐོངས། །^p1006

ཕྱག་སྐོར་སྒྱུ་ལུས་བདེ་དུས་ཀྱིས། །^p1007

གདམས་ངག་བློ་རིག་གསལ་དུས་སྒོམས། །^p1008

ཞེས་གསུངས།^p1009

夏嘎巴尊者:^p1010

出现恶语时,应该修安忍;^p1011

具足财富时,应该做布施;^p1012

身康体健时,应该转绕礼拜;^p1013

精力旺盛时,应该精进修行。^p1014

2018.03.28^p1015

^p1016

མདོ་ལས།^p1017

དམ་པའི་ཆོས་ནི་ཐོག་མར་དགེ་བ།^p1018

བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ།^p1019

ཚིག་འབྲུ་བཟང་པོ། མ་འདྲེས་པ།^p1020

ཡོངས་སུ་རྫོགས་པ། ཡོངས་སུ་དག་པ།^p1021

ཡོངས་སུ་བྱང་བ། ཞེས་གསུངས།^p1022

佛经:^p1023

正法者,^p1024

初善、中善、后善。义妙、文巧。^p1025

纯一、圆满、清净、鲜白。^p1026

2018.03.29^p1027

^p1028

རྩོད་བཟློག་ལས།^p1029

གང་ཞིག་སྟོང་དང་རྟེན་འབྱུང་དག །^p1030

དབུ་མའི་ལམ་དུ་དོན་གཅིག་པར། །^p1031

གསུང་མཆོག་མཚུངས་པ་མེད་པ་ཡི། །^p1032

སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །^p1033

ཞེས་གསུངས།^p1034

《回诤论》:^p1035

性空缘起法,中观道一体,^p1036

无比善说者,佛前我顶礼。^p1037

2018.03.30^p1038

^p1039

རྒྱལ་པོ་ལ་གདམས་པ་ལས།^p1040

བདག་གིས་ནོར་འདི་བཏང་ལ་ལུས་བསྲུང་བྱ། །^p1041

ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་སྟེ། །^p1042

ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་དང་། །^p1043

ཐམས་ཅད་བཏང་ནས་འདིར་ནི་ཆོས་བསྲུང་ངོ་། །^p1044

ཞེས་གསུངས།^p1045

《教王经》:^p1046

吾为护身舍财产,为护生命舍身财,^p1047

为护正法可舍弃,财产身体与生命。^p1048

2018.03.31^p1049

^p1050

མདོ་སྡེ་ས་བཅུ་པ་ལས།^p1051

དུ་བ་ལས་ནི་མེར་ཤེས་དང་། །^p1052

ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །^p1053

བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །^p1054

རིགས་ནི་མཚན་མ་དག་ལས་ཤེས། །^p1055

ཞེས་གསུངས།^p1056

《佛说大乘十法经》:^p1057

相烟即知火,鸳鸯以显水,^p1058

复相知诸性,菩萨大名称。^p1059

2018.04.01^p1060

^p1061

ཀླུ་སྒྲུབ་ཀྱིས།^p1062

དགེ་བའི་བཤེས་གཉེན་དེ་དག་གི །^p1063

མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །^p1064

ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །^p1065

ཉོན་མོངས་སེལ་བའི་ཤེས་རབ་ཅན། །^p1066

དེ་དག་ལ་ནི་ཁྱོད་བསྟེན་ན། །^p1067

ཁྱོད་ཀྱིས་མཁྱེན་གྱིས་གུས་པར་མཛོད། །^p1068

ཅེས་གསུངས།^p1069

龙猛菩萨:^p1070

善知识法相,略说当了知,^p1071

知足悲具戒,有除烦恼慧,^p1072

彼等若教诲,汝应知恭敬。^p1073

2018.04.02^p1074

^p1075

ཚོམས་ལས།^p1076

སྡིག་པ་ཆུང་ངུ་བྱས་པས་ཀྱང་། །^p1077

འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །^p1078

ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །^p1079

ཁོང་བར་སོང་བའི་དུག་བཞིན་ནོ། །^p1080

ཞེས་གསུངས།^p1081

《因缘品》:^p1082

纵然造小恶,来世大恐怖,^p1083

并生诸祸患,犹如毒入腹。^p1084

2018.04.03^p1085

^p1086

ཆོས་རྗེ་ཏིལ་མགོན་མཁྱེན་བརྩེ་རིན་པོ་ཆེས།^p1087

བླ་མ་མ་བརྗེད་རྟག་ཏུ་གསོལ་བ་ཐོབ། །^p1088

རང་སེམས་མ་ཡེངས་རང་ངོ་རང་གིས་ལྟོས། །^p1089

འཆི་བ་མ་བརྗེད་ཆོས་ལ་བསྐུལ་མ་ཐོབ། །^p1090

སེམས་ཅན་མ་བརྗེད་སྙིང་རྗེ་བསྔོ་སྨོན་གྱིས། །^p1091

ཞེས་གསུངས།^p1092

顶果钦哲法王:^p1093

勿忘上师,时时祈请。^p1094

勿随妄想,善观自心。^p1095

勿忘死亡,坚持佛法。^p1096

勿忘众生,慈心回向。^p1097

2018.04.04^p1098

^p1099

དབུ་མ་རྩ་ཤེས་ལས།^p1100

གང་ལ་སྟོང་པ་ཉིད་རུང་བ། །^p1101

དེ་ལ་ཐམས་ཅད་རུང་བར་འགྱུར། །^p1102

གང་ལ་སྟོང་ཉིད་མི་རུང་བ། །^p1103

དེ་ལ་ཐམས་ཅད་མི་རུང་འགྱུར། །^p1104

ཞེས་གསུངས།^p1105

《中论》:^p1106

以有空义故,一切法得成;^p1107

若无空义者,一切则不成。^p1108

2018.04.05^p1109

^p1110

སྡོང་པོ་བཀོད་པ་ལས།^p1111

འཇིག་རྟེན་ཁམས་མང་ལ་ལ་དག །^p1112

བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །^p1113

ནམ་མཁའ་འཇིག་པར་འགྱུར་བ་མེད། །^p1114

རང་བྱུང་ཡེ་ཤེས་དེ་བཞིན་ནོ། །^p1115

ཞེས་གསུངས།^p1116

《华严经》:^p1117

不可思世间,纵经烈火焚,^p1118

虚空不可坏,本智亦如是。^p1119

2018.04.06^p1120

^p1121

འཕགས་པ་ཀླུ་སྒྲུབ་ཀྱིས།^p1122

རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན། །^p1123

དེ་ནི་སྟོང་པ་ཉིད་དུ་བཤད། །^p1124

དེ་ནི་རྟེན་ནས་གདགས་པ་སྟེ། །^p1125

དེ་ཉིད་དབུ་མའི་ལམ་ཡིན་ནོ། །^p1126

ཞེས་གསུངས།^p1127

龙猛菩萨:^p1128

众因缘生法,我说即是空,^p1129

亦为是假名,亦是中道义。^p1130

2018.04.07^p1131

^p1132

རྒྱན་སྟུག་པོ་བཀོད་པ་ལས།^p1133

ཇི་ལྟར་སྲེག་པར་བྱེད་པའི་མེ། །^p1134

བསྲེག་བྱ་མེད་པས་མི་གནས་སོ། །^p1135

དེ་བཞིན་བསྲེག་བྱའི་ལྟ་ཚིག་ན། །^p1136

སྟོང་ཉིད་མེ་ཡང་འགག་པར་འགྱུར། །^p1137

ཞེས་གསུངས།^p1138

《密严庄严经》:^p1139

如同能烧火,无所烧则无,^p1140

如是见薪焚,空性火亦灭。^p1141

2018.04.08^p1142

^p1143

དབུ་མ་རྩ་བ་ཤེས་རབ་ལས།^p1144

གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །^p1145

ཆོས་འགའ་ཡོད་པ་མ་ཡིན་ལ། །^p1146

དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །^p1147

ཆོས་འགའ་ཡོད་པ་མ་ཡིན་ནོ། །^p1148

ཞེས་གསུངས།^p1149

《中论》:^p1150

未曾有一法,不从因缘生。^p1151

是故一切法,无不是空者。^p1152

2018.04.09^p1153

^p1154

ཇི་སྐད་དུ།^p1155

ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །^p1156

འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །^p1157

ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །^p1158

ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །^p1159

ཅེས་གསུངས།^p1160

佛典:^p1161

佛非水洗众生罪,亦非手拔有情苦,^p1162

非将已德移于余,唯为说法令解脱。^p1163

2018.04.10^p1164

^p1165

མགོན་པོ་ཀླུ་སྒྲུབ་ཀྱིས།^p1166

ཁ་དོན་མར་མེ་མེ་ལོང་རྒྱ། །^p1167

མེ་ཤེལ་ས་བོན་སྐྱུར་དང་སྒྲས། །^p1168

ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །^p1169

མི་འཕོ་བར་ཡང་མཁས་རྟོགས་བྱ། །^p1170

ཞེས་གསུངས།^p1171

龙猛菩萨:^p1172

讽诵灯镜印,火晶种酸声,^p1173

令蕴结生者,不迁智者知。^p1174

2018.04.11^p1175

^p1176

རྩ་ཤེས་ལས།^p1177

ཡོད་ཅེས་བྱ་བ་རྟག་པར་ལྟ། །^p1178

མེད་ཅེས་བྱ་བ་ཆད་པར་འཛིན། །^p1179

དེ་ཕྱིར་ཡོད་དང་མེད་པ་ལ། །^p1180

མཁས་པ་གནས་པར་མི་བྱའོ། །^p1181

ཞེས་གསུངས།^p1182

《中论》:^p1183

定有则著常,定无则著断。^p1184

是故有智者,不应著有无。^p1185

2018.04.12^p1186

^p1187

མདོ་ཏིང་འཛིན་རྒྱལ་པོ་ལས།^p1188

མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །^p1189

ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །^p1190

གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །^p1191

འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །^p1192

ཞེས་གསུངས།^p1193

《三摩地王经》:^p1194

眼耳鼻非量,舌身意亦非,^p1195

若诸根为量,圣道复益谁?^p1196

2018.04.13^p1197

^p1198

དུས་འཁོར་བསྡུས་རྒྱུད་ལས།^p1199

བསྲེག་བཅད་བརྡར་བས་གསེར་བཞིན་དུ། །^p1200

མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །^p1201

བདག་གསུང་བླང་བྱ་དགེ་སློང་དག །^p1202

གུས་པའི་ཕྱིར་ནི་མ་ཡིན་ནོ། །^p1203

ཞེས་གསུངས།^p1204

《时轮金刚略续》:^p1205

诸智者、比丘,对于我的教言,^p1206

应像冶炼、锻造、打磨黄金一样,^p1207

通过观察而接受,^p1208

不应以恭敬而遵从。^p1209

2018.04.14^p1210

^p1211

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p1212

དུས་ཀུན་ཏུ་བསམ་སྤྱོད་གྲོགས་དང་བསྟུན། །^p1213

རྒྱུད་དྲང་ཞིང་བསམ་པ་དཀར་ལ་བརྩོན། །^p1214

ཕུགས་རང་དོན་རྒྱ་ཆེར་བསྒྲུབ་འདོད་ཀྱང་། །^p1215

ཚུལ་གཞན་ཕན་བྱེད་པ་མན་ངག་ཡིན། །^p1216

ཞེས་གསུངས།^p1217

法王晋美彭措:^p1218

言行恒时随顺友,秉性正直心善良,^p1219

若欲长久利己者,暂时利他乃窍诀。^p1220

2018.04.15^p1221

^p1222

སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས།^p1223

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །^p1224

མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །^p1225

སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །^p1226

དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །^p1227

ཞེས་གསུངས།^p1228

《罗睺罗般若赞》:^p1229

无可言思般若度,不生不灭虚空体,^p1230

各别自证智行境,三世佛母我敬礼。^p1231

2018.04.16^p1232

^p1233

དྲན་པ་ཉེར་བཞག་ལས།^p1234

མེ་ནི་གྲང་བར་འགྱུར་ཡང་སྲིད། །^p1235

རླུང་ནི་ཞགས་པས་ཟིན་ཡང་སྲིད། །^p1236

ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །^p1237

ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །^p1238

ཅེས་གསུངས།^p1239

《正法念处经》:^p1240

火可令变凉,风可令系缚,^p1241

日月可令坠,业力不可惑。^p1242

2018.04.17^p1243

^p1244

མགོན་པོ་ཀླུ་སྒྲུབ་ཀྱིས།^p1245

ཐ་སྙད་ལ་ནི་མ་བརྟེན་པར། །^p1246

དམ་པའི་དོན་ནི་བསྟན་མི་ནུས། །^p1247

དམ་པའི་དོན་ནི་མ་རྟོགས་པར། །^p1248

མྱ་ངན་འདས་པ་ཐོབ་མི་འགྱུར། །^p1249

ཞེས་གསུངས།^p1250

龙猛菩萨:^p1251

若不依俗谛,不得第一义。^p1252

不得第一义,则不得涅槃。^p1253

2018.04.18^p1254

^p1255

དྲི་མ་མེད་པར་གྲགས་པའི་མདོ་ལས།^p1256

གཙང་ཞིང་མཛེས་པ་པད་མའི་འདབ་ལྟར་ཡངས་པའི་སྤྱན། །^p1257

དགོངས་པ་དག་ཅིང་ཞི་གནས་ཕ་རོལ་ཕྱིན་མཆོག་བརྙེས། །^p1258

དགེ་བའི་ལས་བསགས་ཡོན་ཏན་རྒྱ་མཚོ་དཔག་མི་ལང་། །^p1259

དགེ་སྦྱོང་ཞི་བའི་ལམ་བརྟེན་ཁྱོད་ལ་ཕྱག་འཚལ་ལོ། །^p1260

ཞེས་གསུངས།^p1261

《维摩诘经》:^p1262

目净修广如青莲,心净已度诸禅定,^p1263

久积净业称无量,导众以寂故稽首。^p1264

2018.04.19^p1265

^p1266

མདོ་སྡེ་མྱང་འདས་ཆེན་པོ་ལས།^p1267

དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །^p1268

འཇིགས་པ་མེད་པ་ཐོབ་པར་འགྱུར། །^p1269

ཞེས་གསུངས།^p1270

《大般涅槃经》:^p1271

皈依三宝者,远离诸恐怖。^p1272

2018.04.20^p1273

^p1274

བཤེས་སྤྲིང་ལས།^p1275

དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །^p1276

དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །^p1277

འཇིགས་པ་སྐྱེས་པར་གྱུར་ན་མི་བཟད་པའི། །^p1278

རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །^p1279

ཞེས་གསུངས།^p1280

《亲友书》:^p1281

即便见闻地狱图,忆念读诵或造形,^p1282

亦能生起怖畏心,何况真受异熟果。^p1283

2018.04.21^p1284

^p1285

མདོ་མྱང་འདས་ལས།^p1286

སངས་རྒྱས་དག་ལ་སྐྱབས་སོང་བ། །^p1287

དེ་ནི་ཡང་དག་དགེ་བསྙེན་ཏེ། །^p1288

ནམ་ཡང་ལྷ་རྣམས་གཞན་དག་ལ། །^p1289

སྐྱབས་སུ་གསོལ་བར་མི་འགྱུར་རོ། །^p1290

ཞེས་གསུངས།^p1291

《涅槃经》:^p1292

皈依诸佛者,乃为真居士,^p1293

始终不皈依,其余天尊众。^p1294

2018.04.22^p1295

^p1296

ཞི་བ་ལྷས།^p1297

ཡིད་བརྟན་མི་རུང་འཆི་བདག་འདིས། །^p1298

བྱས་དང་མ་བྱས་མི་སྡོད་པར། །^p1299

ན་དང་མི་ན་ཀུན་གྱིས་ཀྱང་། །^p1300

གློ་བུར་ཚེ་ལ་ཡིད་མི་བརྟན། །^p1301

ཞེས་གསུངས།^p1302

寂天菩萨:^p1303

死神不足信,不待罪净否,^p1304

无论病未病,寿暂不可恃。^p1305

2018.04.23^p1306

^p1307

གསེར་འོད་དམ་པའི་མདོ་ལས།^p1308

གང་གིས་བསྐལ་པ་སྟོང་རྣམས་སུ། །^p1309

སྡིག་པ་ཤིན་ཏུ་མི་ཟད་བགྱིས། །^p1310

ལན་གཅིག་རབ་ཏུ་བཤགས་པ་ཡིས། །^p1311

དེ་དག་ཐམས་ཅད་བྱང་བར་འགྱུར། །^p1312

ཞེས་གསུངས།^p1313

《胜光明经》:^p1314

何人千劫中,造作极重罪,^p1315

若以猛忏悔,彼等皆清净。^p1316

2018.04.24^p1317

^p1318

དབུ་མ་རྒྱན་ལས།^p1319

དངོས་པོ་གང་དང་གང་རྣམ་དཔྱད། །^p1320

དེ་དང་དེ་ལ་གཅིག་ཉིད་མེད། །^p1321

གང་ལ་གཅིག་ཉིད་ཡོད་མིན་པ། །^p1322

དེ་ལ་དུ་མ་ཉིད་ཀྱང་མེད། །^p1323

ཅེས་གསུངས།^p1324

《中观庄严论》:^p1325

分析何实法,某法无一性,^p1326

何法一非有,彼亦无多体。^p1327

2018.04.25^p1328

^p1329

མ་སུ་རཀྵས།^p1330

ཇི་སྲིད་འཇིགས་པ་མ་བྱུང་བ། །^p1331

དེ་སྲིད་བར་དུ་འཇིགས་པར་བྱ། །^p1332

འཇིགས་པ་དངོས་སུ་བྱུང་བའི་ཚེ། །^p1333

འཇིགས་པ་བཏང་སྟེ་བརྡེག་པར་བྱ། །^p1334

ཞེས་གསུངས།^p1335

马斯绕嘉大师:^p1336

恐惧未出时,应怀畏惧心,^p1337

一旦恐惧现,不惧而接受。^p1338

2018.04.26^p1339

^p1340

རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས།^p1341

ཕ་ནི་ཡོངས་དུ་གསོ་བའི་ཆེད། །^p1342

མ་དག་བཀུམ་པ་སྲིད་མིན་ལྟར། །^p1343

རང་གི་བསྟན་པ་སྤེལ་བའི་ཕྱིར། །^p1344

གཞན་གྱི་བསྟན་པ་ཇི་ལྟར་བཤིག །^p1345

ཅེས་གསུངས།^p1346

至尊根噶卓确:^p1347

若为养父,不可杀母;^p1348

为弘自教,不可坏他。^p1349

2018.04.27^p1350

^p1351

རྡོ་རྗེ་འཆང་གིས།^p1352

ཉིན་བཞིན་བྲམ་ཟེ་གསོད་པ་དང་། །^p1353

མཚམས་མེད་ལྔ་པོ་བྱེད་པ་ཡང་། །^p1354

གདམས་པ་འདི་དང་འཕྲད་གྱུར་ན། །^p1355

གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །^p1356

ཅེས་གསུངས།^p1357

金刚持如来:^p1358

白天杀梵志,并造无间罪,^p1359

若于此教言,无疑得解脱。^p1360

2018.04.28^p1361

^p1362

མི་ཕམ་རིན་པོ་ཆེས།^p1363

རིག་པ་ནམ་མཁའ་འདྲ་བའི་དོན་རྟོགས་ན། །^p1364

བརྗེད་པའི་གོ་སྐབས་ཤིན་ཏུ་ཉུང་བར་འགྱུར། །^p1365

ཞེས་གསུངས།^p1366

麦彭仁波切:^p1367

若证虚空般觉性,^p1368

遗忘之事极鲜少。^p1369

2018.04.29^p1370

^p1371

རྒྱུད་ཀུན་བྱེད་ལས།^p1372

ལུས་ནི་གང་ཟག་ལྷ་མི་ཡང་། །^p1373

དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །^p1374

དེ་ཡིས་སེམས་ཅན་དོན་བྱས་ནས། །^p1375

རྩོལ་སྒྲུབ་མི་བྱེད་བདེ་བར་གནས། །^p1376

ཞེས་གསུངས།^p1377

《普作续》:^p1378

虽为人天身,意则法性佛,^p1379

彼恒利众生,不勤而乐住。^p1380

2018.04.30^p1381

^p1382

ས་སྐྱ་པཎ་ཆེན་གྱིས།^p1383

ཐེག་པ་ཆེ་ལས་ཤ་རྣམས་བཀག །^p1384

ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས། །^p1385

ཞེས་གསུངས།^p1386

萨迦班智达:^p1387

大乘遮食肉,否则堕恶趣。^p1388

2018.05.01^p1389

^p1390

མགོན་པོ་ཀླུ་སྒྲུབ་ཀྱིས།^p1391

འགྲོ་བ་འདི་དག་ཐམས་ཅད་ནི། །^p1392

རྟག་ཏུ་མ་སྐྱེ་མ་འགག་ཉིད། །^p1393

འགྲོ་བ་རྨི་ལམ་ལྟ་བུ་སྟེ། །^p1394

རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །^p1395

ཞེས་གསུངས།^p1396

龙猛菩萨:^p1397

此等诸有情,不生亦不灭,^p1398

若析此众生,如梦如芭蕉。^p1399

2018.05.02^p1400

^p1401

རྗེ་རིན་པོ་ཆེས།^p1402

བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །^p1403

གསུང་རབ་མ་ལུས་གདམས་པར་ཤར་བ་དང་། །^p1404

རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །^p1405

ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །^p1406

ཞེས་གསུངས།^p1407

宗喀巴大师:^p1408

通达一切佛法不相违,^p1409

一切教典显现为窍诀,^p1410

轻易获取如来秘密意,^p1411

由从大患深渊中救护。^p1412

2018.05.03^p1413

^p1414

མདོ་རྒྱན་ལས།^p1415

ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །^p1416

མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །^p1417

ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །^p1418

དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །^p1419

ཅེས་གསུངས།^p1420

《经庄严论》:^p1421

意罪自性恶,非理色非理,^p1422

疑法何须说,等舍善无过。^p1423

2018.05.04^p1424

^p1425

ཞི་བ་ལྷས།^p1426

བདག་ལ་རྨོངས་པའི་འབད་པ་ཡིས། །^p1427

སྨྱོས་པས་ས་སྟེང་ཀུན་ཏུ་འཁྲུགས། །^p1428

ཞེས་གསུངས།^p1429

寂天菩萨:^p1430

自迷痴狂徒,呜呼满天下。^p1431

2018.05.05^p1432

^p1433

མགོན་པོ་ཀླུ་སྒྲུབ་ཀྱིས།^p1434

ཆོས་རྣམས་སྟོང་པ་ཉིད་ཤེས་ན། །^p1435

ལས་དང་འབྲས་བུ་བརྟེན་པ་གང་། །^p1436

ངོ་མཚར་བས་ཀྱང་འདི་ངོ་མཚར། །^p1437

རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །^p1438

ཞེས་གསུངས།^p1439

龙猛菩萨:^p1440

知此诸法空性理,一切业果依缘起,^p1441

稀有又此极稀有,稀奇又此极稀奇。^p1442

2018.05.06^p1443

^p1444

དཔལ་ལྡན་ཟླ་བ་གྲགས་པས།^p1445

འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །^p1446

མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །^p1447

སད་པར་གྱུར་ན་གསུམ་ཆར་ཡོད་མ་ཡིན། །^p1448

གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །^p1449

ཞེས་གསུངས།^p1450

月称论师:^p1451

此中犹如已觉位,乃至未觉三皆有,^p1452

如已觉后三非有,痴睡尽后亦如是。^p1453

2018.05.07^p1454

^p1455

དྲི་མ་མེད་པའི་མདོ་ལས།^p1456

སྐྱབས་སུ་སོང་བའི་བསོད་ནམས་གང་། །^p1457

གལ་ཏེ་དེ་ལ་གཟུགས་མཆི་ན། །^p1458

ནམ་མཁའི་ཁམས་ནི་ཀུན་བཀང་ན། །^p1459

དེ་ནི་དེ་བས་ལྷག་པར་འགྱུར། །^p1460

ཞེས་གསུངས།^p1461

《无垢经》:^p1462

皈依之福德,若其具色相,^p1463

遍满虚空界,彼将胜虚空。^p1464

2018.05.08^p1465

^p1466

ཨོ་རྒྱན་རིན་པོ་ཆེས།^p1467

སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ། །^p1468

ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །^p1469

སྣང་ནི་འཁོར་འདས་ཐེག་པ་སྣ་ཚོགས་སྣང་། །^p1470

ཞེས་གསུངས།^p1471

莲花生大士:^p1472

心为明明清清,^p1473

有则一无所有,^p1474

现则轮涅诸乘。^p1475

2018.05.09^p1476

^p1477

སློབ་དཔོན་དབྱིག་གཉེན་གྱིས།^p1478

སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །^p1479

ལུང་དང་རྟོགས་པའི་བདག་ཉིད་དོ། །^p1480

དེ་འཛིན་བྱེད་པ་སྨྲ་བྱེད་དང་། །^p1481

སྒྲུབ་པར་བྱེད་པ་ཁོ་ན་ཡིན། །^p1482

ཞེས་གསུངས།^p1483

世亲论师:^p1484

佛之妙法有二种,教法证法之体性,^p1485

持教法者唯讲经,持证法者唯修行。^p1486

2018.05.10^p1487

^p1488

མདོ་སྡེ་པད་དཀར་ལས།^p1489

མང་དུ་ཐོས་ཤིང་འཇིགས་མེད་སྣ་ཚོགས་བརྗོད། །^p1490

རྟག་ཏུ་མི་སྐྱོ་ཡང་དག་དགའ་བར་བྱེད། །^p1491

ཅེས་གསུངས།^p1492

《法华经》(鸠摩罗什译):^p1493

志念力坚固,常勤求智慧,^p1494

说种种妙法,其心无所畏。^p1495

2018.05.11^p1496

^p1497

ཨོ་རྒྱན་ཆེན་པོས།^p1498

མི་ངན་ཚིག་ནི་དུག་གི་སྡོང་པོ་འདྲ། །^p1499

གར་ཕོག་ས་ན་དུམ་རེ་ཆད་དུ་འགྲོ། །^p1500

ཞེས་གསུངས།^p1501

莲花生大士:^p1502

恶人之语如毒树,^p1503

触于何处断一节。^p1504

2018.05.12^p1505

^p1506

འཕགས་པ་ཀླུ་སྒྲུབ་ཀྱིས།^p1507

གལ་ཏེ་མཐོ་རིས་ཐར་བ་མངོན་བཞེད་ན། །^p1508

ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །^p1509

གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང་། །^p1510

ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །^p1511

ཞེས་གསུངས།^p1512

龙猛菩萨:^p1513

若欲趋善趣,当修习正见,^p1514

邪见者行善,其果亦难忍。^p1515

2018.05.13^p1516

^p1517

ཚོམས་ལས།^p1518

སྡིག་པ་ཆུང་ངུ་བྱས་གྱུར་ཀྱང་། །^p1519

འཇིག་རྟེན་ཕ་རོལ་སྡུག་བསྔལ་ཐོབ། །^p1520

བསོད་ནམས་ཆུང་ངུ་བྱས་གྱུར་ཀྱང་། །^p1521

འཇིག་རྟེན་ཕ་རོལ་བདེ་བ་ཐོབ། །^p1522

ཅེས་གསུངས།^p1523

《因缘品》:^p1524

虽造微小罪,来世受痛苦,^p1525

虽积微小福,来世得安乐。^p1526

2018.05.14^p1527

^p1528

རྒྱུད་བླ་མ་ལས།^p1529

གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །^p1530

དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །^p1531

ཐར་བ་ཐོབ་པའི་ལམ་དང་རྗེས་འབྲེལ་ན། །^p1532

དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །^p1533

ཞེས་གསུངས།^p1534

《宝性论》:^p1535

何人一心为佛法,无有散乱意宣说,^p1536

相合获得解脱道,当如佛语作顶戴。^p1537

2018.05.15^p1538

^p1539

སློབ་དཔོན་དབྱིག་གཉེན་གྱིས།^p1540

སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །^p1541

དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །^p1542

དེ་ཉིད་མ་མཐོང་རང་དགར་གྱུར་བ་ཡི། །^p1543

ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །^p1544

ཞེས་གསུངས།^p1545

世亲论师:^p1546

本师世目今已闭,堪作证者多入灭,^p1547

未见真谛放肆者,以邪分别乱佛教。^p1548

2018.05.16^p1549

^p1550

སློབ་དཔོན་ཀླུ་སྒྲུབ་ཀྱིས།^p1551

གར་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག །^p1552

བཅས་བཅོས་མ་བྱས་རང་བབ་ལྷུག་པར་ཞོག །^p1553

མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །^p1554

དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །^p1555

ཞེས་གསུངས།^p1556

龙猛菩萨:^p1557

不要分别勿思维,不要改造自然住,^p1558

不改无生之宝藏,三世诸佛之足迹。^p1559

2018.05.17^p1560

^p1561

མདོ་རྒྱན་ལས།^p1562

ཇི་ལྟར་བློ་ལྡན་སེམས་ཅན་ལ། །^p1563

རབ་ཏུ་བྱམས་པར་གྱུར་བ་ལྟར། །^p1564

སེམས་ཅན་བདག་དང་ཆུང་མ་དང་། །^p1565

བུ་བཤེས་གཉེན་ལ་དེ་ལྟ་མིན། །^p1566

ཞེས་གསུངས།^p1567

《经庄严论》:^p1568

犹如具慧者,极慈诸有情,^p1569

众生于自妻,子亲非如是。^p1570

2018.05.18^p1571

^p1572

མདོ་ཏིང་འཛིན་རྒྱལ་པོ་ལས།^p1573

ཐུབ་པའི་སྐུ་ནི་མཚན་གྱིས་རབ་བརྒྱན་པ། །^p1574

འཆག་ཅིང་འདུག་དང་འགྲེང་དང་ཉལ་བ་ན། །^p1575

གང་ཞིག་ཐུབ་པའི་དབང་པོ་དྲན་བྱེད་པ། །^p1576

དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །^p1577

ཞེས་གསུངས།^p1578

《三摩地王经》:^p1579

妙相庄严之佛像,无论行住与坐卧,^p1580

何人观想彼佛陀,佛于彼前恒安住。^p1581

2018.05.19^p1582

^p1583

བདེ་མཆོག་རྩ་རྒྱུད་ལས།^p1584

སེམས་ཅན་མོས་པ་བསམ་མི་ཁྱབ། །^p1585

སངས་རྒྱས་རོལ་བ་བསམ་མི་ཁྱབ། །^p1586

རང་གི་གཞུང་དང་མ་མཐུན་ཡང་། །^p1587

སྨོད་ཅིང་སྤང་བར་མི་བྱ་སྟེ། །^p1588

ནམ་ཞིག་གོ་བར་སྨོན་ལམ་ཐོབ། །^p1589

ཅེས་གསུངས།^p1590

《胜乐金刚续》:^p1591

众生意乐不思议,佛陀游舞不思议,^p1592

虽与自宗不相同,不可诋毁而舍弃,^p1593

发愿一朝能通达。^p1594

2018.05.20^p1595

^p1596

མགོན་པོ་ཀླུ་སྒྲུབ་ཀྱིས།^p1597

གདོད་ནས་སྐྱེ་མེད་ཆོས་ཉིད་འདི། །^p1598

བློ་ཡི་གཏིང་ནས་རྟོགས་གྱུར་ན། །^p1599

འཁོར་བའི་འདམ་དུ་བྱིང་བ་ལ། །^p1600

སྙིང་རྗེ་ངང་གིས་སྐྱེ་བར་འགྱུར། །^p1601

ཞེས་གསུངས།^p1602

龙猛菩萨:^p1603

本来无生之法性,若已通达其意义,^p1604

于沉轮回淤泥众,自然生起大悲心。^p1605

2018.05.21^p1606

^p1607

ཚད་མ་རིགས་གཏེར་ལས།^p1608

བྱམས་སོགས་བདག་དང་མི་འགལ་ཕྱིར། །^p1609

འཁོར་བའི་རྩ་བ་གཅོད་ནུས་མིན། །^p1610

བདག་མེད་བདག་དང་འགལ་བས་ན། །^p1611

བདག་མེད་མཐོང་བས་དེ་སུན་འབྱིན། །^p1612

ཞེས་གསུངས།^p1613

《量理宝藏论》:^p1614

慈等与我不相违,因非能断轮回根。^p1615

无我与我相违故,现见无我彼即除。^p1616

2018.05.22^p1617

^p1618

རིན་ཆེན་ཕྲེང་བ་ལས།^p1619

རྗེའུ་ཚོང་སུམ་བརྒྱའི་ཁ་ཟས་དག །^p1620

ཉིན་རེ་དུས་གསུམ་བྱིན་པས་ཀྱང་། །^p1621

བྱམས་པ་ཡུད་ཙམ་ཐང་ཅིག་གི །^p1622

བསོད་ནམས་དག་ལ་ཆར་མི་ཕོད། །^p1623

ཅེས་གསུངས།^p1624

《中观宝鬘论》:^p1625

每日三时施,三百罐饮食,^p1626

不及须臾间,修慈一分福。^p1627

2018.05.23^p1628

^p1629

རྩ་བ་ཤེས་རབ་ལས།^p1630

གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །^p1631

འགག་པ་མེད་པ་སྐྱེ་མེད་པ། །^p1632

ཆད་པ་མེད་པ་རྟག་མེད་པ། །^p1633

འོང་བ་མེད་པ་འགྲོ་མེད་པ། །^p1634

ཐ་དད་དོན་མིན་དོན་གཅིག་མིན། །^p1635

སྤྲོས་པ་ཉེ་བར་ཞི་བསྟན་པ། །^p1636

རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །^p1637

དམ་པ་དེ་ལ་ཕྱག་འཚལ་ལོ། །^p1638

ཞེས་གསུངས།^p1639

《中论》:^p1640

不生亦不灭,不常亦不断,^p1641

不一亦不异,不来亦不去。^p1642

能说是因缘,善灭诸戏论,^p1643

我稽首礼佛,诸说中第一。^p1644

2018.05.24^p1645

^p1646

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།^p1647

བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས། །^p1648

ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པས། །^p1649

འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས། །^p1650

ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣང་རེ་འདུག་གོ །^p1651

ཞེས་གསུངས།^p1652

根登群佩:^p1653

看似令人快乐的世间美满,^p1654

得到后会有各自的痛苦,^p1655

如梦般的短暂快乐结束后,^p1656

总有让你厌烦的因缘出现。^p1657

2018.05.25^p1658

^p1659

མི་ཕམ་རྒྱ་མཚོའི་བྱིན་རླབས་སྙིང་ལ་ཞུགས། །^p1660

ཀུན་བཟང་བླ་མའི་བཀའ་ལུང་གནད་དུ་སྨིན། །^p1661

འཇིགས་མེད་བླ་མའི་མན་ངག་ཡིད་ལ་སུམ། །^p1662

འཇམ་དབྱངས་གྲུབ་པའི་བློ་གྲོས་ལ་གསོལ་བ་འདེབས། །^p1663

德巴堪布祈祷文:^p1664

麦彭上师加持入心间,^p1665

根桑上师教传无二得,^p1666

晋美上师窍诀融于意,^p1667

祈祷嘉扬智比罗珠尊。^p1668

2018.05.26^p1669

^p1670

མདོ་སྡེ་པད་དཀར་ལས།^p1671

མང་དུ་ཐོས་ཤིང་འཇིགས་མེད་སྣ་ཚོགས་བརྗོད། །^p1672

རྟག་ཏུ་མི་སྐྱོ་ཡང་དག་དགའ་བར་བྱེད། །^p1673

ཅེས་གསུངས།^p1674

《法华经》:^p1675

志念力坚固,常勤求智慧,^p1676

说种种妙法,其心无所畏。^p1677

2018.05.27^p1678

^p1679

ཆགས་མེད་རིན་པོ་ཆེས།^p1680

ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །^p1681

སེམས་བལྟས་པས་མི་མཐོང་སྟོང་པ་ཉིད། །^p1682

དེ་མཐོང་བའི་ངང་ལ་ལྷོད་ཀྱིས་གློད། །^p1683

ཆོས་ཕྱག་རྒྱ་ཆེན་པོ་ལོགས་ན་མེད། །^p1684

ཅེས་གསུངས།^p1685

乔美仁波切:^p1686

当下内观观自心,观心不见即空性,^p1687

见性彼中自放松,别无余大手印法。^p1688

2018.05.28^p1689

^p1690

མགོན་པོ་ཀླུ་སྒྲུབ་ཀྱིས།^p1691

བཅོམ་ལྡན་དངོས་དང་དངོས་མེད་པ། །^p1692

མཁྱེན་པའི་ཀཱ་ཏ་ཡ་ན་ཡི། །^p1693

གདམས་ངག་ལས་ནི་ཡོད་པ་དང་། །^p1694

མེད་པ་གཉི་གའང་དགག་པ་མཛད། །^p1695

ཅེས་གསུངས།^p1696

龙猛菩萨:^p1697

佛能灭有无,于化迦旃延,^p1698

经中之所说,离有亦离无。^p1699

2018.05.29^p1700

^p1701

མདོ་ལས།^p1702

གཟུགས་ནི་དབུ་བ་རྡོས་པ་འདྲ། །^p1703

ཚོར་བ་ཆུ་ཡི་ཆུ་བུར་བཞིན། །^p1704

འདུ་ཤེས་རྨིག་རྒྱུ་ལྟ་བུ་སྟེ། །^p1705

འདུ་བྱེད་ཆུ་ཤིང་སྡོང་པོ་འདྲ། །^p1706

རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །^p1707

ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །^p1708

ཞེས་གསུངས།^p1709

《阿含经》:^p1710

色如聚沫,受如浮泡,想如野马,^p1711

行如芭蕉,识为幻法,最胜所说。^p1712

2018.05.30^p1713

^p1714

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p1715

དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །^p1716

ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཀུན། །^p1717

བསམ་སྤྱོད་བཟང་པོ་གཉིས་སུ་འདུ། །^p1718

ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས། །^p1719

ཞེས་གསུངས།^p1720

法王晋美彭措:^p1721

三世一切佛,甚深广大法,^p1722

摄为善心行,有缘者当修。^p1723

2018.05.31^p1724

^p1725

ཁྲག་འཐུང་བདུད་འཇོམས་རྡོ་རྗེས།^p1726

སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་པ། །^p1727

ནམ་མཁའ་མིག་གིས་མ་བོར་ཙམ་གྱིས་ཆོག །^p1728

ཅེས་གསུངས།^p1729

第一世敦珠法王:^p1730

修时一切皆不修,^p1731

目视虚空则即可。^p1732

2018.06.01^p1733

^p1734

མདོ་ལས།^p1735

དམ་ཆོས་རྣམ་པར་མི་ཤེས་པའི། །^p1736

བྱིས་པ་རྣམས་ལ་འཁོར་བ་རིང་། །^p1737

ཞེས་གསུངས།^p1738

佛经:^p1739

不知正法者,凡愚生死长。^p1740

2018.06.02^p1741

^p1742

དཔལ་སྤྲུལ་རིན་པོ་ཆེས།^p1743

འཆར་ལུགས་སྔར་དང་འདྲ་བ་ལ། །^p1744

གྲོལ་ལུགས་ཁྱད་པར་གནད་དུ་ཆེ། །^p1745

ཞེས་གསུངས།^p1746

华智仁波切:^p1747

所现与前相同,解脱迥然有异。^p1748

2018.06.03^p1749

^p1750

མི་ཕམ་རིན་པོ་ཆེས།^p1751

གྲུབ་མཐའི་ཆོས་སྐད་ཙམ་འདིའི་དོན། །^p1752

ལོ་བརྒྱར་བསྒྲིམས་ཏེ་འབད་བྱས་ཀྱང་། །^p1753

སྔོན་གོམས་སྨིན་པའི་རྒྱུ་མེད་ན། །^p1754

བློ་ཆེན་སྦྱངས་བ་མི་དམན་མོད། །^p1755

ཐུགས་སུ་ཆུད་པ་མ་ཡིན་ནོ། །^p1756

ཞེས་གསུངས།^p1757

《定解宝灯论》:^p1758

仅是宗派术语义,纵经百年勤思维,^p1759

若无宿修成熟因,具大智慧极精进,^p1760

然却不能通达也。^p1761

2018.06.04^p1762

^p1763

དཔལ་ཆོས་ཀྱི་གྲགས་པས།^p1764

མཐོང་དང་མ་མཐོང་དངོས་པོ་ཡི། །^p1765

དོན་དེ་དག་ལ་མངོན་སུམ་དང་། །^p1766

རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང་། །^p1767

གནོད་མེད་འདི་ཡི་མི་བསླུ་བའོ། །^p1768

ཞེས་གསུངས།^p1769

《释量论》^p1770

于见不见事,现量及比量,^p1771

一切理无害,此乃无欺惑。^p1772

2018.06.05^p1773

^p1774

རྒྱལ་སྲས་ཞི་བ་ལྷས།^p1775

བསག་དང་བསྲུང་དང་བརླགས་པའི་གདུང་བ་ཡིས། །^p1776

ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །^p1777

ནོར་ལ་ཆགས་པས་གཡེང་བར་གྱུར་པ་རྣམས། །^p1778

སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །^p1779

ཞེས་གསུངས།^p1780

寂天菩萨:^p1781

积护耗尽苦,应知财多祸,^p1782

贪金涣散人,脱苦遥无期。^p1783

2018.06.06^p1784

^p1785

འདུལ་བ་མདོ་རྩ་བ་ལས།^p1786

གདམས་ངག་མེད་པར་བསྒོམ་པར་མི་བྱའོ། །་་་^p1787

བརྩོན་འགྲུས་ལྷོད་པར་མི་བྱའོ། །^p1788

ཞེས་གསུངས།^p1789

《戒律根本论》:^p1790

无教言不应修行……精进不松懈。^p1791

2018.06.07^p1792

^p1793

དགེ་བཤེས་གླང་ཐང་པས།^p1794

མདོར་ན་དངོས་སམ་བརྒྱུད་པ་ཡིས། །^p1795

ཕན་བདེ་མ་རྣམས་ཀུན་ལ་འབུལ། །^p1796

མ་ཡི་གནོད་དང་སྡུག་བསྔལ་ཀུན། །^p1797

གསང་བས་བདག་ལ་ལེན་པར་ཤོག །^p1798

ཅེས་གསུངས།^p1799

格西朗日塘巴:^p1800

愿我直接与间接,利乐敬献诸慈母,^p1801

老母有情诸苦厄,自己默默而承受。^p1802

2018.06.08^p1803

^p1804

ཀརྨ་གླིང་པས།^p1805

ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །^p1806

འཁོར་འདས་ཆོས་རྣམས་ཁྱེད་ཀྱིས་ཤེས་པར་གྱིས། །^p1807

ཞེས་གསུངས།^p1808

噶玛林巴:^p1809

以所知幻化十喻,汝应了知轮涅法。^p1810

2018.06.09^p1811

^p1812

སློབ་དཔོན་ཨརྱ་དེ་ཝས།^p1813

ཡོད་པ་མ་ཡིན་མེད་པའང་མིན། །^p1814

གཉིས་ཀ་མ་ཡིན་གཉིས་མེད་མིན། །^p1815

མཐའ་བཞི་དག་དང་བྲལ་བ་ནི། །^p1816

དབུ་མའི་ལམ་དུ་འདོད་པ་ཡིན། །^p1817

ཞེས་གསུངས།^p1818

圣天论师:^p1819

非有亦非无,非俱非非俱,^p1820

远离四边者,许为中观道。^p1821

2018.06.10^p1822

^p1823

མདོ་ཕལ་པོ་ཆེ་ལས།^p1824

ཇི་ལྟར་འོན་པ་རོལ་མོ་མཁན། །^p1825

གཞན་དག་དེ་ཡི་དགའ་བྱེད་ཀྱང་། །^p1826

རང་ཉིད་ཀྱི་ནི་མི་ཐོས་ལྟར། །^p1827

མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །^p1828

ཞེས་གསུངས།^p1829

《华严经》:^p1830

如聋奏音乐,悦彼不自闻,^p1831

于法不修行,多闻亦如是。^p1832

2018.06.11^p1833

^p1834

རིག་འཛིན་འཇིགས་མེད་གླིང་པས།^p1835

བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག །^p1836

དོན་གཞན་དོན་ལྷུར་ལེན་སེམས་བསྐྱེད་ཀྱི་ངོ་བོ། །^p1837

དྲན་ཤེས་བཞིན་སྐྱོང་བ་མདོ་སྔགས་ཀྱི་ལམ་ཁྱེར། །^p1838

ལས་ཤེས་ཤེས་མང་པོའི་ཕེར་ཡོད་དེ་ཞོག་མཛོད། །^p1839

ཅེས་གསུངས།^p1840

持明晋美朗巴:^p1841

念师乃为究竟之皈依,^p1842

利他乃为发心之本体,^p1843

正念乃为显密之修法,^p1844

其余众多形象皆放弃。^p1845

2018.06.12^p1846

^p1847

བྱམས་སྨོན་ལས།^p1848

ངན་འགྲོ་ཐམས་ཅད་ཟློག་བྱེད་ཅིང་། །^p1849

མཐོ་རིས་ལམ་ནི་རབ་སྟོན་ལ། །^p1850

རྒ་ཤི་མེད་པར་འདྲེན་བགྱིད་པ། །^p1851

བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །^p1852

ཞེས་གསུངས།^p1853

《弥勒发愿品》:^p1854

断除诸恶趣,明示善趣道,^p1855

能趋无老死,顶礼菩提心。^p1856

2018.06.13^p1857

^p1858

མཆོད་རྟེན་སྐོར་བ་ཞེས་བྱ་བའི་མདོ་ལས།^p1859

མཆོད་རྟེན་སྐོར་བ་བྱས་པས་ནི། །^p1860

མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །^p1861

ལྷ་དང་དེ་བཞིན་མི་རྣམས་ཀྱི། །^p1862

ཚེ་རིང་བ་ཡང་དེ་ཡིས་འཐོབ། །^p1863

ཅེས་གསུངས།^p1864

《右绕佛塔功德经》:^p1865

转绕佛塔者,远离于八难,^p1866

获得人与天,寿命悉长远。^p1867

2018.06.14^p1868

^p1869

དམ་ཆོས་པད་དཀར་ལས།^p1870

གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག །^p1871

བསོད་ནམས་རྒྱལ་མཚན་ཡོངས་སུ་རྫོགས་པའི་སྐུ། །^p1872

བདག་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །^p1873

དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །^p1874

ཞེས་གསུངས།^p1875

《法华经》:^p1876

彩画作佛像,百福庄严相,^p1877

自作若使人,皆已成佛道。^p1878

2018.06.15^p1879

^p1880

དམ་ཆོས་པད་དཀར་ལས།^p1881

གང་གི་རང་བསྲེལ་གནས་པ་དེ་དག་ལ། །^p1882

གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །^p1883

ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །^p1884

དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །^p1885

ཅེས་གསུངས།^p1886

《法华经》:^p1887

若人散乱心,入于塔庙中,^p1888

一称南无佛,皆已成佛道。^p1889

2018.06.16^p1890

^p1891

དམ་ཆོས་པད་དཀར་ལས།^p1892

བྱིས་པས་རྩེད་མོས་དེ་དང་དེ་དག་དུ། །^p1893

གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དང་། །^p1894

བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་། །^p1895

དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །^p1896

ཞེས་གསུངས།^p1897

《法华经》:^p1898

乃至童子戏,聚沙为佛塔,^p1899

如是诸人等,皆已成佛道。^p1900

2018.06.17^p1901

^p1902

རྒྱལ་བའི་ཡུམ་ལས།^p1903

གང་ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་ལ་^p1904

ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་འཇིགས་པར་བལྟ་བ་ནི་ཡང་དག་པའི་ཆོས་སོ། །ཞེས་གསུངས།^p1905

《般若经》:^p1906

证悟诸法如虚空,^p1907

然于业及业果心敬畏,^p1908

此乃正法也。^p1909

2018.06.18^p1910

^p1911

ཚད་མ་རྣམ་འགྲེལ་ལས།^p1912

བླང་དང་དོར་བྱའི་དེ་ཉིད་ནི། །^p1913

ཐབས་བཅས་རབ་ཏུ་ངེས་པ་ཡིས། །^p1914

གཙོ་བོའི་དོན་ལ་མི་བསླུ་ཕྱིར། །^p1915

གཞན་ལའང་རྗེས་སུ་དཔག་པ་ཡིན། །^p1916

ཞེས་གསུངས།^p1917

《释量论》:^p1918

所取所舍性,及方便决定,^p1919

要义无欺故,可比度其余。^p1920

2018.06.19^p1921

^p1922

སློབ་དཔོན་ཕྱོགས་ཀྱི་གླང་པོས།^p1923

རྣམ་རྟོག་མ་རིག་ཆེན་པོ་སྟེ། །^p1924

འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །^p1925

ཞེས་གསུངས།^p1926

陈那论师:^p1927

妄念大无明,能堕轮回海。^p1928

2018.06.20^p1929

^p1930

དབུ་མ་བཞི་བརྒྱ་བ་ལས།^p1931

སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །^p1932

གང་ཞིག་ཐེ་ཚོམ་སྐྱེས་གྱུར་པ། །^p1933

དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །^p1934

དེ་ཉིད་ཁོ་ནར་ཡིད་ཆེས་བྱ། །^p1935

ཞེས་གསུངས།^p1936

《四百论》:^p1937

若于佛所说,深事以生疑,^p1938

可依无相空,而生决定信。^p1939

2018.06.21^p1940

^p1941

ཚད་མ་རྣམ་འགྲེལ་ལས།^p1942

བླང་དང་དོར་བྱའི་དེ་ཉིད་ནི། །^p1943

ཐབས་བཅས་རབ་ཏུ་ངེས་པ་ཡིས། །^p1944

གཙོ་བོའི་དོན་ལ་མི་བསླུ་ཕྱིར། །^p1945

གཞན་ལའང་རྗེས་སུ་དཔག་པ་ཡིན། །^p1946

ཞེས་གསུངས།^p1947

《释量论》:^p1948

所取所舍性,及方便决定,^p1949

要义无欺故,可比度其余。^p1950

2018.06.22^p1951

^p1952

རྗེ་རིན་པོ་ཆེས།^p1953

བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །^p1954

བསམ་པ་ངན་ན་ས་དང་ལམ་ཡང་ངན། །^p1955

ཐམས་ཅད་བསམ་པ་དག་ལ་རག་ལས་པས། །^p1956

རྟག་ཏུ་བསམ་པ་བཟང་ལ་འབད་པར་བྱ། །^p1957

ཞེས་གསུངས།^p1958

宗喀巴大师:^p1959

心善地道亦贤善,心恶地道亦恶劣,^p1960

一切依赖于自心,故应精勤修善心。^p1961

2018.06.23^p1962

^p1963

འབྲོམ་སྟོན་པས།^p1964

མདོར་ན་མཐོ་བ་ཐམས་ཅད་ཞྭ་བཞིན་ཁུར། །^p1965

དམའ་བ་རལ་གྲིའི་སོ་བཞིན་ཀུན་ནས་སྐྱོངས། །^p1966

མཉམ་པ་རྨོས་དོར་བཞིན་དུ་དགའ་བར་འགྲོགས། །^p1967

བྱ་བ་གང་ལའང་རང་འདོད་ཆུང་བར་མཛོད། །^p1968

ཅེས་གསུངས།^p1969

仲敦巴尊者:^p1970

对上者如帽子般顶戴,^p1971

对下者如护刃般爱惜,^p1972

对中者如耕牛般相处,^p1973

凡做何事莫太过自我。^p1974

2018.06.24^p1975

^p1976

ཤེས་རབ་སྡོང་བུ་ལས།^p1977

མཁས་རྣམས་རྣ་བར་མི་སྙན་ཡང་། །^p1978

ཕན་ཚིག་སྨན་བཞིན་འཐུང་བར་གྱིས། །^p1979

ཞེས་གསུངས།^p1980

《智慧树》:^p1981

智者闻逆言,饮之如良药。^p1982

2018.06.25^p1983

^p1984

བསྟོད་པ་བརྒྱ་ལྔ་བཅུ་པ་ལས།^p1985

བག་མེད་རྣམས་ནི་སྐྲགས་པར་མཛད། །^p1986

མཁས་པ་རྣམས་ཀྱི་དགའ་བ་སྐྱེད། །^p1987

བར་མ་རྣམས་ཀྱི་བློ་ཡང་སྤེལ། །^p1988

གསུང་འདི་སྐྱེ་བོ་ཀུན་ལ་སྨན། །^p1989

ཞེས་གསུངས།^p1990

《一百五十赞》:^p1991

愚者生怖畏,智者生欢喜,^p1992

中者开智慧,彼语皆利之。^p1993

2018.06.26^p1994

^p1995

མདོ་ལས།^p1996

ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །^p1997

བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །^p1998

དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །^p1999

ཀུན་རྫོབ་སེམས་ཅན་ཞེས་བྱའོ། །^p2000

ཞེས་གསུངས།^p2001

佛经:^p2002

如支分积聚,故称之为车,^p2003

如是依诸蕴,俗谛名众生。^p2004

2018.06.27^p2005

^p2006

ས་སྐྱ་པཎ་ཆེན་གྱིས།^p2007

སྐྱེས་མཆོག་རང་གི་སྐྱོན་ལ་ལྟ། །^p2008

སྐྱེ་བོ་ངན་པ་གཞན་སྐྱོན་འཚོལ། །^p2009

རྨ་བྱ་རང་གི་ལུས་ལ་རྟོག །^p2010

སྲིན་བྱ་གཞན་ལ་ལྟས་ངན་གཏོང་། །^p2011

ཞེས་གསུངས།^p2012

萨迦班智达:^p2013

圣士观察自过失,劣者观察他过失,^p2014

孔雀观察自身体,鸱鸮给人起恶兆。^p2015

2018.06.28^p2016

^p2017

རྒྱལ་སྲས་ཞི་བ་ལྷས།^p2018

བདག་གིས་གཞན་གྱི་སྡུག་བསྔལ་བསལ། །^p2019

སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན། །^p2020

བདག་གིས་གཞན་ལ་ཕན་པར་བྱ། །^p2021

སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན། །^p2022

ཞེས་གསུངས།^p2023

寂天菩萨:^p2024

吾应除他苦,他苦如自苦,^p2025

吾当利乐他,有情如吾身。^p2026

2018.06.29^p2027

^p2028

དགྱེས་པའི་རྡོ་རྗེ་ལས།^p2029

སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །^p2030

འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །^p2031

དེ་བསལ་ན་ནི་སངས་རྒྱས་ཉིད། །^p2032

ཅེས་གསུངས།^p2033

《喜金刚续》:^p2034

众生本来佛,^p2035

然以客尘遮,^p2036

除彼乃真佛。^p2037

2018.06.30^p2038

^p2039

མདོ་ཕལ་བོ་ཆེ་ལས།^p2040

ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །^p2041

ཤིན་ཏུ་སྨྲ་དཀའ་བལྟ་བར་མི་ནུས་པ། །^p2042

དེ་ལྟར་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་། །^p2043

ཡིད་དང་སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས། །^p2044

ཞེས་གསུངས།^p2045

《华严经》:^p2046

犹如空中之鸟迹,极难观见无法言,^p2047

如是善逝佛子地,以意心境无法知。^p2048

2018.07.01^p2049

^p2050

མདོ་ཕལ་པོ་ཆེ་ལས།^p2051

འོན་ཀྱང་བྱམས་དང་སྙིང་རྗེ་སྨོན་ལམ་གྱིས། །^p2052

དེ་ལ་ཕྱོགས་ཙམ་རིམ་པའི་ཚུལ་བཞིན་དུ། །^p2053

སྤྱད་པར་བྱ་སྟེ་སེམས་ཀྱི་སྤྱོད་ཡུལ་མིན། །^p2054

ཡེ་ཤེས་ཚུལ་གྱིས་རྫོགས་པར་བྱ་བའོ། །^p2055

ཞེས་གསུངས།^p2056

《华严经》:^p2057

是事虽为难,发愿行慈悲,^p2058

渐次具诸地,智者所能及。^p2059

2018.07.02^p2060

^p2061

རིགས་པ་དྲུག་ཅུ་པ་ལས།^p2062

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །^p2063

བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང་། །^p2064

བསོད་ནམས་ཡེ་ཤེས་ལས་བྱུང་བའི། །^p2065

དམ་པ་གཉིས་ནི་ཐོབ་པར་ཤོག །^p2066

ཅེས་གསུངས།^p2067

《六十正理论》:^p2068

以此之善根,回向诸众生,^p2069

愿积福慧资,终得法色身。^p2070

2018.07.03^p2071

^p2072

ཀུན་མཁྱེན་མི་ཕམ་པས།^p2073

མ་བསླབ་ཁ་རོག་འདུག་པ་ལ། །^p2074

ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །^p2075

མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན། །^p2076

བརྩོན་པས་དཀའ་བ་དང་དུ་ལོངས། །^p2077

ཞེས་གསུངས།^p2078

全知麦彭仁波切:^p2079

无精打采不学者,纵过百年无上进,^p2080

若欲获得智者位,则当刻苦勤奋学。^p2081

2018.07.04^p2082

^p2083

གུང་ཐང་བསྟན་པའི་སྒྲོན་མེས།^p2084

རྩ་བ་བསོད་ནམས་མེད་གྱུར་ན། །^p2085

བསགས་པས་དབུལ་བ་མི་སེལ་ཏེ། །^p2086

སྡོང་པོ་རླན་དང་བྲལ་བ་ལ། །^p2087

ཡལ་ག་ཆུ་བོས་བྱུགས་ཀྱང་ཅི། །^p2088

ཞེས་གསུངས།^p2089

贡塘丹毕准美:^p2090

无有根本福德,积财无法除贫,^p2091

树干离开湿润,树枝浇水何用?^p2092

2018.07.05^p2093

^p2094

ཀུན་མཁྱེན་མི་ཕམ་པས།^p2095

དེང་དུས་སྐྱེ་བོ་བློ་དང་ཐོས་པ་དམན། །^p2096

ཕྱོགས་ལྷུང་ཕྲག་དོག་སྙེམས་པའི་འདུ་ཤེས་མཐོ། །^p2097

དེ་ཕྱིར་གཞན་དོན་འགྱུར་བར་དཀའ་ན་ཡང་། །^p2098

རང་བློ་ལེགས་བཤད་གོམས་པའི་ཆེད་དུ་བྲིས། །^p2099

ཞེས་གསུངས།^p2100

全知麦彭仁波切:^p2101

今士寡闻智慧浅,偏堕嫉妒慢心高,^p2102

是故实难成利他,为自心修善说著。^p2103

2018.07.06^p2104

^p2105

ཡབ་སྲས་མཇལ་བའི་མདོ་ལས།^p2106

མེ་ལོང་ཤིན་ཏུ་ཡོངས་དག་ལ། །^p2107

ཇི་ལྟར་རང་བཞིན་མེད་པ་ཡི། །^p2108

གཟུགས་བརྙན་སྣང་བ་དེ་བཞིན་དུ། །^p2109

ལྗོན་པ་ཆོས་འདི་ཤེས་པར་གྱིས། །^p2110

ཞེས་གསུངས།^p2111

《父子相会经》:^p2112

犹如明镜中,显现无自性,^p2113

影像之呈现,诸法如是知。^p2114

2018.07.07^p2115

^p2116

ཏིང་འཛིན་རྒྱལ་པོ་ལས།^p2117

ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །^p2118

དྭངས་ཤིང་རྙོག་པ་མེད་པའི་ཆུ་ནང་སྣང་། །^p2119

ཆུ་ཟླ་སྟོང་པ་གསོག་སྟེ་གཟུང་དུ་མེད། །^p2120

ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །^p2121

ཞེས་གསུངས།^p2122

《月灯三昧经》:^p2123

如净虚空月,影现于清池,^p2124

非月形入水,诸法亦复然。^p2125

2018.07.08^p2126

^p2127

ཀུན་མཁྱེན་མི་ཕམ་པས།^p2128

གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །^p2129

གླིང་བཞིའི་ཕུན་ཚོགས་བསྟབས་ཀྱང་ཅི་བགྱིས་སྟེ། །^p2130

དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །^p2131

དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། །^p2132

ཞེས་གསུངས།^p2133

全知麦彭仁波切:^p2134

金粪等同圣者前,供四洲富有何用?^p2135

受持彼心铭刻法,必定满足其意愿。^p2136

2018.07.09^p2137

^p2138

མདོ་ལས།^p2139

བྱང་ཆུབ་སེམས་དཔས་ཆོས་གཅིག་ཉིད་ལ་^p2140

བསླབ་པར་བྱ་སྟེ་སྙིང་རྗེ་ཆེན་པོའོ། །^p2141

ཞེས་གསུངས།^p2142

佛经:^p2143

菩萨唯持一法,彼即为大悲心。^p2144

2018.07.10^p2145

^p2146

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས།^p2147

ཁ་ནས་མ་ཎི་པདྨེ་ཐོན། །^p2148

ཁོག་གི་བསམ་པ་དཀར་པོ་གྱིས། །^p2149

ལུས་ཀྱིས་ཕྱག་དང་སྐོར་བ་རེམ། །^p2150

ལག་གིས་མ་ཎི་ཆོས་འཁོར་སྐོར། །^p2151

ཞེས་གསུངས།^p2152

夏噶措智让珠:^p2153

口诵六字真言,心怀良善之念,^p2154

身行礼拜转绕,手转玛尼经轮。^p2155

2018.07.11^p2156

^p2157

དཔལ་ལྡན་ཟླ་བ་གྲགས་པས།^p2158

དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །^p2159

ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །^p2160

ཅེས་གསུངས།^p2161

月称论师:^p2162

是故以此缘起理,能破一切恶见网。^p2163

2018.07.12^p2164

^p2165

མགོན་པོ་ཀླུ་སྒྲུབ་ཀྱིས།^p2166

གལ་ཏེ་ངས་དམ་བཅའ་འགའ་ཡོད། །^p2167

དེས་ན་ང་ལ་སྐྱོན་དེ་ཡོད། །^p2168

ང་ལ་དམ་བཅའ་མེད་པས་ན། །^p2169

ང་ནི་སྐྱོན་མེད་ཁོ་ན་ཡིན། །^p2170

ཞེས་གསུངས།^p2171

龙猛菩萨:^p2172

若有少立宗,则我有彼过。^p2173

我无承认故,我乃唯无过。^p2174

2018.07.13^p2175

^p2176

བཞི་བརྒྱ་པ་ལས།^p2177

ལུས་ལ་ལུས་དབང་ཇི་བཞིན་དུ། །^p2178

གཏི་མུག་ཀུན་ལ་གནས་འགྱུར་ཏེ། །^p2179

དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །^p2180

གཏི་མུག་བཅོམ་པས་བཅོམ་པར་འགྱུར། །^p2181

ཞེས་གསུངས།^p2182

《四百论》:^p2183

如身中身根,痴遍一切住,^p2184

故一切烦恼,由痴断随断。^p2185

2018.07.14^p2186

^p2187

ལུང་རིང་མོར་གཏོགས་པའི་མདོ་སྡེ་ལས།^p2188

རྒྱལ་ན་དགྲ་འཁོན་ཆེས་ཆེར་འཕེལ། །^p2189

ཕམ་ན་སྡུག་བསྔལ་ཡིད་མི་བདེ། །^p2190

རྒྱལ་ཕམ་རྩོད་མེད་ཞི་བ་ནི། །^p2191

བདེ་བ་ཀུན་ཀྱི་མཆོག་ཡིན་ནོ། །^p2192

ཞེས་གསུངས།^p2193

《杂宝藏经》:^p2194

得胜增长怨,负则益忧苦,^p2195

不诤胜负者,其乐最第一。^p2196

2018.07.15^p2197

^p2198

བདུད་འཇོམས་རྡོ་རྗེས།^p2199

ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་། །^p2200

ནང་སློང་ལུས་ཀྱི་ན་ཚ་དང་། །^p2201

གསང་སློང་སེམས་ཀྱི་དགའ་སྡུག་ཀུན། །^p2202

འཛིན་ཞེན་མེད་པའི་ངང་དུ་ཞོག །^p2203

ཅེས་གསུངས།^p2204

第一世敦珠法王:^p2205

外现鬼神之扰变,内现身体之病痛,^p2206

密现自心之苦乐,皆于无执中安住。^p2207

2018.07.16^p2208

^p2209

མདོ་སྡེ་རྒྱན་ལས།^p2210

རབ་ཏུ་བྱུང་བའི་ཕྱོགས་དག་ནི། །^p2211

ཡོན་ཏན་ཚད་མེད་རྣམས་དང་ལྡན། །^p2212

དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །^p2213

བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །^p2214

ཞེས་གསུངས།^p2215

《经庄严论》:^p2216

诸位出家者,功德无有量。^p2217

精勤持戒者,胜在家菩萨。^p2218

2018.07.17^p2219

^p2220

མདོ་ལས།^p2221

ཁྱིམ་པའི་སྐྱེ་བོ་རྣམས་ཀྱིས་ནི། །^p2222

སེན་མོའི་སྟེང་ལ་ཞིང་རྨོས་ཀྱང་། །^p2223

ང་ཡི་རབ་ཏུ་བྱུང་བ་རྣམས། །^p2224

འཚོ་བས་ཕོངས་བར་མི་འགྱུར་རོ། །^p2225

ཞེས་གསུངས།^p2226

佛经:^p2227

纵诸在家者,指甲上耕田,^p2228

我之出家众,生活无贫穷。^p2229

2018.07.18^p2230

^p2231

བྱམས་པ་མགོན་པོས།^p2232

བརྩེ་དང་སྙན་པར་སྨྲ་བ་དང་། །^p2233

བརྟན་པ་ཉིད་དང་ལག་བརྐྱང་ཉིད། །^p2234

དགོངས་པ་ཟབ་མོ་ངེས་འགྲེལ་བ། །^p2235

འདི་དག་བློ་ལྡན་རྣམས་ཀྱི་རྟགས། །^p2236

ཞེས་གསུངས།^p2237

弥勒菩萨:^p2238

慈悲说爱语,坚稳与伸手,^p2239

决定解密意,此等具慧相。^p2240

2018.07.19^p2241

^p2242

མགོན་པོ་ཀླུ་སྒྲུབ་ཀྱིས།^p2243

གཞོན་པའི་དུས་སུ་རིག་པ་བསླབ། །^p2244

ཞོ་འདོད་པ་ནི་དགུན་ནས་གསོ། །^p2245

དྲོད་གཤེར་ལྡན་དུས་ས་བོན་གདབ། །^p2246

དེ་གསུམ་འཕྲལ་དུ་སྨིན་པའི་རྒྱུ། །^p2247

ཞེས་གསུངས།^p2248

龙猛菩萨:^p2249

童年学知识,冬季养奶牛,^p2250

春季播种子,此三成熟因。^p2251

2018.07.20^p2252

^p2253

དབུ་མ་རྒྱན་འགྲེལ་ལས།^p2254

ཤེས་བྱའི་ཁོང་ན་བདེན་གྲུབ་གཅིག་ཡོད་ན། །^p2255

ཤེས་བྱ་འདི་ཀུན་གཏན་དུ་མི་སྣང་འགྱུར། །^p2256

ཤེས་བྱ་གཅིག་ཀྱང་བདེན་པར་མ་གྲུབ་པས། །^p2257

མཐའ་མེད་ཤེས་བྱའི་ཆོས་ཚུལ་རྣམ་པར་བཀྲ། །^p2258

ཞེས་གསུངས།^p2259

《中观庄严论释》:^p2260

万法若有一成实,诸所知成永不现,^p2261

万法无一成实故,无边所知了分明。^p2262

2018.07.21^p2263

^p2264

རྒྱ་ཆེར་རོལ་པ་ལས།^p2265

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །^p2266

འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །^p2267

འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །^p2268

རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །^p2269

ཞེས་གསུངས།^p2270

《方广游戏经》:^p2271

三有无常如秋云,众生生死等观戏,^p2272

众生寿行如空电,犹崖瀑布速疾行。^p2273

2018.07.22^p2274

^p2275

དཔལ་སྤྲུལ་རིན་པོ་ཆེས།^p2276

བདག་སྐྱེས་བ་ནས་སྐྱེས་བ། ཚེ་རབས་ནས་ཚེ་རབས་^p2277

ཐམས་ཅད་དུ་སེམས་ཅན་གཞན་གྱི་ཐ་ན་བ་སྤུའི་^p2278

ཁུང་བུ་གཅིག་ཙམ་ལ་གནོད་པ་མ་བྱེད་པར་གྱུར་ཅིག^p2279

ཕན་འདོགས་པར་གྱུར་ཅིག^p2280

华智仁波切:^p2281

但愿我在辗转投生的生生世世中,^p2282

就连其他有情的一根毛孔也不损害,^p2283

一心一意利益他们。^p2284

2018.07.23^p2285

^p2286

འཕགས་པ་ཀ་དྱ་ནས།^p2287

ཕ་ཤ་ཟ་ཞིང་མ་ལ་རྡེག །^p2288

ལས་ངན་དགྲ་བོ་པང་དུ་བླངས། །^p2289

ཆུང་མས་ཁྱོ་ཡི་རུས་པ་འཆའ། །^p2290

འཁོར་བའི་ཆོས་ལ་གད་མོ་བྲོ། །^p2291

ཞེས་གསུངས།^p2292

嘎达亚那尊者:^p2293

口食父肉打其母,怀抱杀己之怨仇,^p2294

妻子啃食丈夫骨,轮回之法诚稀有。^p2295

2018.07.24^p2296

^p2297

རྫ་དཔལ་སྤྲུལ་རིན་པོ་ཆེས།^p2298

དུས་རྟག་པར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་^p2299

མ་སོང་ན། གནས་སྐབས་ལ་ཆོས་ལ་དད་ཀྱང་མི་རྣམས་^p2300

ཀྱི་སྣང་བ་བྲིད་མཁས། རིག་པ་ཅོར་ཆུང་། རྣམ་རྟོག་^p2301

བསླུ་རྐྱེན་པས་འགྱུར་སླའོ། །ཞེས་གསུངས།^p2302

华智仁波切:^p2303

若没有经常皈依祈祷三宝,^p2304

虽然暂时对佛法有信心,^p2305

但人们没有主见,^p2306

外境善于蛊惑人心,^p2307

加之分别念很容易被诱惑,^p2308

因此很快会退失善心。^p2309

2018.07.25^p2310

^p2311

རིག་འཛིན་འཇིགས་མེད་གླིང་པས།^p2312

ཇི་ལྟར་མ་ལ་ཡ་ཡི་ནགས་ཀློང་དུ། །^p2313

རྣམ་པ་འཁྱམས་པའི་སྡོང་དུ་ཕལ་པ་ཡང་། །^p2314

ཡལ་འདབ་བརླན་པས་ཙན་དན་དྲི་བསུང་ལྟར། །^p2315

གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། །^p2316

ཞེས་གསུངས།^p2317

智悲光尊者:^p2318

如玛拉雅树林中,漂落普通一节木,^p2319

枝叶浸润旃檀香,依止何人即随彼。^p2320

2018.07.26^p2321

^p2322

ཤེས་རབ་སྡོང་བུ་ལས།^p2323

གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །^p2324

ཉམས་སུ་ལེན་པར་མི་བྱེད་ན། །^p2325

ལག་ན་སྒྲོན་མེ་ཡོད་ཀྱང་ནི། །^p2326

ལོང་བས་ལམ་ནི་མཐོང་མི་འགྱུར། །^p2327

ཞེས་གསུངས།^p2328

《智慧树》:^p2329

纵然学论典,若不行持之,^p2330

如手持灯炬,盲人不见路。^p2331

2018.07.27^p2332

^p2333

པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས།^p2334

དམ་པ་རྣམས་དང་ཕལ་པ་ལ། །^p2335

བྱས་པ་མཉམ་ཡང་དྲིན་མི་འདྲ། །^p2336

ཞིང་ལ་ས་བོན་ཁྱད་མེད་ཀྱང་། །^p2337

ལོ་ཏོག་ཁྱད་པར་དཔག་ཏུ་མེད། །^p2338

ཅེས་གསུངས།^p2339

大班智达根噶嘉村:^p2340

正士常人同做事,彼二报恩却不同,^p2341

于田撒下同种子,长出庄稼不相同。^p2342

2018.07.28^p2343

^p2344

དབུ་མ་འཇུག་པ་ལས།^p2345

ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །^p2346

ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཏེ། །^p2347

བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །^p2348

རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །^p2349

ཅེས་གསུངས།^p2350

《入中论》:^p2351

慧见烦恼诸过患,皆从萨迦耶见生,^p2352

由了知我是彼境,故瑜伽师先破我。^p2353

2018.07.29^p2354

^p2355

འཕགས་པ་ལྷས།^p2356

ཀུན་རྟོག་ཐམས་ཅད་སྤོང་བའི་ཕྱིར། །^p2357

སྟོང་ཉིད་བདུད་རྩི་བསྟན་པར་མཛད། །^p2358

གང་ཞིག་དེ་ལ་ཞེན་གྱུར་པ། །^p2359

དེ་ཡང་ཁྱོད་ཀྱི་སྤང་བྱ་ཡིན། །^p2360

ཞེས་གསུངས།^p2361

圣天论师:^p2362

为断妄分别,说空性甘露,^p2363

若人耽执空,汝亦应舍弃。^p2364

2018.07.30^p2365

^p2366

མདོ་ཕལ་པོ་ཆེ་ལས།^p2367

ཇི་ལྟར་སྐྱེ་བོ་སྐོམ་པ་དག །^p2368

ཆུ་ནི་མཐོང་དང་ཐོས་པ་ཡིས། །^p2369

སྐོམ་པའི་སྡུག་བསྔལ་མི་སེལ་ལྟར། །^p2370

མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །^p2371

ཞེས་གསུངས།^p2372

《华严经》:^p2373

犹如诸士夫,见水或闻水,^p2374

不除干渴苦,不修法亦然。^p2375

2018.07.31^p2376

^p2377

རྒྱལ་སྲས་ཞི་བ་ལྷས།^p2378

འཇིགས་དང་དགའ་སྟོན་སོགས་འབྲེལ་བར། །^p2379

གལ་ཏེ་མི་ནུས་ཅི་བདེར་བྱ། །^p2380

འདི་ལྟར་སྦྱིན་པའི་དུས་དག་ཏུ། །^p2381

ཚུལ་ཁྲིམས་བཏང་སྙོམས་བཞག་པར་གསུངས། །^p2382

寂天菩萨:^p2383

危难喜庆时,心散亦应安,^p2384

经说行施时,可舍微细戒。^p2385

2018.08.01^p2386

^p2387

མདོ་ལས།^p2388

རང་གི་ལུས་ལ་དཔེ་ལོངས་ལ། །^p2389

གཞན་ལ་གནོད་པ་མ་བྱེད་ཅིག །^p2390

སེམས་ཅན་མགུ་བྱ་མ་གཏོགས་པ། །^p2391

དམ་པའི་ཆོས་ནི་གཞན་མེད་དོ། །^p2392

ཞེས་གསུངས།^p2393

佛经:^p2394

以自身为例,切莫害他众,^p2395

令众欢喜外,别无余正法。^p2396

2018.08.02^p2397

^p2398

དཔལ་སྤྲུལ་རིན་པོ་ཆེས།^p2399

བསྟན་པ་མི་ཤེས་བསྟན་དོན་བསྒྲུབ་པའི། །^p2400

བསྟན་འཛིན་དེ་འདྲ་དེང་སང་མང་སྟེ། །^p2401

ཕན་བདེ་འབྱུང་གནས་རྒྱལ་བསྟན་རིན་ཆེན། །^p2402

རྨང་ནས་བཤིགས་ལ་དེ་ཚོ་ཐུའོ། །^p2403

ཞེས་གསུངས།^p2404

华智仁波切:^p2405

不懂佛教而弘扬佛法的所谓^p2406

“持教大德”,^p2407

当今时代比比皆是,^p2408

从根本上毁坏利乐源泉的佛法如意宝,^p2409

他们是最厉害的。^p2410

2018.08.03^p2411

^p2412

རྗེ་གོང་ཐང་ཚང་གིས།^p2413

གོ་ན་འཇིག་རྟེན་གྱི་སྣང་བ། །^p2414

ཀུན་ཀྱང་བློ་སྦྱོང་དུ་ཤར་ཡོད། །^p2415

མིན་ན་གསུང་རབ་ཀྱི་པོ་ཏི། །^p2416

བརྒྱ་ཕྲག་ཕྱག་མཛོད་དུ་རྩིགས་ཤིག །^p2417

ཅེས་གསུངས།^p2418

贡唐仓尊者:^p2419

世间一切现象,^p2420

你若看懂了,^p2421

它就是修行的好书,^p2422

若看不懂,^p2423

那只能将千经万论堆满自己书房。^p2424

2018.08.04^p2425

^p2426

དབུ་མ་བཞི་བརྒྱ་པ་ལས།^p2427

མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །^p2428

དམན་པ་རྣམས་ལ་ལུས་ཀྱིའོ། །^p2429

སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །^p2430

ཉིན་རེ་ཉིན་རེ་འཇོམས་པར་བྱེད། །^p2431

ཅེས་གསུངས།^p2432

《四百论》:^p2433

胜者为意苦,劣者从身生,^p2434

即由此二苦,日日坏世间。^p2435

2018.08.05^p2436

^p2437

མདོ་ལས།^p2438

འདོད་པ་ལ་སེམས་གཡེངས་བས་དཀའ་ཐུབ་དང་^p2439

ཁ་བཏོན་ལ་སོགས་པ་ནི་འབྲས་བུ་མེད་པར་འགྱུར་རོ། །^p2440

ཞེས་གསུངས།^p2441

佛经:^p2442

对妙欲心生散乱者,^p2443

苦行或讽诵等行善皆无果。^p2444

2018.08.06^p2445

^p2446

རྒྱལ་སྲས་ཆེན་པོ་ཞི་བ་ལྷས།^p2447

དཔྱད་ན་གསོན་པོའི་འཇིག་རྟེན་འདི། །^p2448

གང་ཞིག་འདིར་ནི་འཆི་འགྱུར་ཏེ། །^p2449

འབྱུང་འགྱུར་གང་ཡིན་བྱུང་གྱུར་གང་། །^p2450

གཉེན་དང་བཤེས་ཀྱང་གང་ཞིག་ཡིན། །^p2451

ཐམས་ཅད་ནམ་མཁའ་འདྲ་བར་ནི། །^p2452

བདག་འདྲས་ཡོངས་སུ་བཟུང་བར་གྱིས། །^p2453

ཞེས་གསུངས།^p2454

寂天菩萨:^p2455

细究此世人,谁将辞此世?^p2456

孰生孰当生?谁为亲与友?^p2457

如我当受持,一切如虚空。^p2458

2018.08.07^p2459

^p2460

ཆགས་མེད་རི་ཆོས་ལས།^p2461

ཕ་མ་རྡོ་རྗེ་སློབ་དཔོན་དང་། །^p2462

ས་བཅུའི་སེམས་དཔའ་སངས་རྒྱས་ལ། །^p2463

དགེ་དང་སྡིག་པ་གང་བསགས་པ། །^p2464

ཚེ་འདིར་སྨིན་པའང་སྲིད་ཅེས་གསུངས། །^p2465

ཞེས་གསུངས།^p2466

《乔美山法》:^p2467

若于父母金刚师,十地菩萨及佛陀,^p2468

积累善或不善业,佛说今生能成熟。^p2469

2018.08.08^p2470

^p2471

རྡོ་རྗེ་གཅོད་པ་ལས།^p2472

གང་དག་ང་ལ་གཟུགས་སུ་མཐོང་། །^p2473

གང་དག་ང་ལ་སྒྲར་ཤེས་པ། །^p2474

ལོག་པའི་ལམ་དུ་ཞུགས་པ་ཡི། །^p2475

སྐྱེ་བོ་དེས་ནི་ང་མི་མཐོང་། །^p2476

ཞེས་གསུངས།^p2477

《金刚经》:^p2478

若以色见我,以音声求我,^p2479

是人行邪道,不能见如来。^p2480

2018.08.09^p2481

^p2482

རྒྱལ་བ་ཀློང་ཆེན་པས།^p2483

དེང་སང་ཨ་ཏིར་སྨྲ་བའི་གླང་ཆེན་དག །^p2484

འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །^p2485

རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དེ། །^p2486

རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །^p2487

རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །^p2488

བྱང་ཆུབ་སེམས་ཀྱི་ངོ་བོ་སྨྲོས་ཅི་དགོས། །^p2489

ཞེས་གསུངས།^p2490

龙钦巴尊者:^p2491

今诩阿底之大象,称动念聚菩提心,^p2492

迷茫黑暗之境界,远离自性大圆义。^p2493

妙力力现尚不知,菩提心体何需言?^p2494

2018.08.10^p2495

^p2496

དཔལ་ཏེ་ལོ་པས།^p2497

བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །^p2498

ཞེན་པ་ཆོད་ཅིག་ན་རོ་པ། །^p2499

ཞེས་གསུངས།^p2500

帝洛巴尊者:^p2501

显现不缚执著缚,断除执著那若巴。^p2502

2018.08.11^p2503

^p2504

སློབ་དཔོན་ཨརྱ་དེ་ཝས།^p2505

ཆོས་རྣམས་ནམ་མཁའ་ལྟར་མཐོང་ལ། །^p2506

རྣམ་པར་སྨིན་ལ་ཡིད་ཆེས་པ། །^p2507

ངོ་མཚར་བས་ཀྱང་འདི་ངོ་མཚར། །^p2508

རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །^p2509

ཞེས་གསུངས།^p2510

圣天论师:^p2511

见法如虚空,仍信业果报,^p2512

稀奇真稀奇,稀有真稀有。^p2513

2018.08.12^p2514

^p2515

དཔལ་སྤྲུལ་རིན་པོ་ཆེས།^p2516

ལུས་ངག་ཡིད་གསུམ་གཙོ་བོ་སེམས་ཞེས། །^p2517

རྙིང་རྒན་རྒན་པོའི་ཁ་སྲོལ་བདེན་ན། །^p2518

ལྷ་ཆོས་སྒྲུབ་ལ་སེམས་རང་གཙོ་ཡིས། །^p2519

གཞན་གྱིས་མི་ཕན་ཟེར་རྒྱུ་བདེན་ནམ། །^p2520

ཞེས་གསུངས།^p2521

华智仁波切:^p2522

宁玛老人言若真,身口意中意为主,^p2523

修行正法心为要,其余善行岂有用?^p2524

2018.08.13^p2525

^p2526

མངོན་པ་མཛོད་ལས།^p2527

གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །^p2528

འཁོར་བའི་འདམ་ལས་འགྲོ་བ་དྲང་མཛད་པ། །^p2529

དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ལོ། །^p2530

ཞེས་གསུངས།^p2531

《俱舍论》:^p2532

何者尽毁一切暗,^p2533

引众脱离轮回泥,^p2534

顶礼如理说法佛。^p2535

2018.08.14^p2536

^p2537

ཚད་མ་རྣམ་འགྲེལ་ལས།^p2538

རྟོག་པའི་དྲ་བ་རྣམ་བསལ་ཞིང་། །^p2539

ཟབ་དང་རྒྱ་ཆེ་སྐུ་མངའ་བ། །^p2540

ཀུན་ཏུ་བཟང་པོའི་འོད་ཟེར་དག །^p2541

ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །^p2542

ཞེས་གསུངས།^p2543

《释量论》:^p2544

敬礼于具足,除灭分别网,^p2545

甚深广大身,遍放普贤光。^p2546

2018.08.15^p2547

^p2548

བཞི་བརྒྱ་པ་ལས།^p2549

ཕལ་མོ་ཆེར་ན་མི་རྣམས་ནི། །^p2550

དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །^p2551

དེས་ན་སོ་སོའི་སྐྱེ་བོ་རྣམས། །^p2552

ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །^p2553

ཞེས་གསུངས།^p2554

《四百论》:^p2555

由于诸人类,多持不善品,^p2556

以是诸异生,多堕于恶趣。^p2557

2018.08.16^p2558

^p2559

རྩ་ཤེས་ལས།^p2560

ཡོད་ཅེས་བྱ་བ་རྟག་པར་འཛིན། །^p2561

མེད་ཅེས་བྱ་བ་ཆད་པར་ལྟ། །^p2562

དེ་ཕྱི་ཡོད་དང་མེད་པ་ལ། །^p2563

མཁས་པ་གནས་པར་མི་བྱའོ། །^p2564

ཞེས་གསུངས།^p2565

《中论》:^p2566

定有则著常,定无则著断。^p2567

是故有智者,不应著有无。^p2568

2018.08.17^p2569

^p2570

རྒྱལ་ཚབས་བྱམས་པས།^p2571

འདི་ལ་བསལ་བྱ་ཅི་ཡང་མེད། །^p2572

བཞག་པར་བྱ་བ་ཅུང་ཟད་མེད། །^p2573

ཡང་དག་ཉིད་ལ་ཡང་དག་ལྟ། །^p2574

ཡང་དག་མཐོང་ན་རྣམ་པར་གྲོལ། །^p2575

ཞེས་གསུངས།^p2576

弥勒菩萨:^p2577

于此无所破,所立亦毫无,^p2578

真实见真性,见真性解脱。^p2579

2018.08.18^p2580

^p2581

བྱང་ཆུབ་ལམ་རིམ་ཆེན་མོ་ལས།^p2582

བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །^p2583

ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི། །^p2584

སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །^p2585

ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །^p2586

ཅེས་གསུངས།^p2587

《菩提道次第广论》:^p2588

圣教大宝未普及,虽遍迁灭于是方,^p2589

愿由大悲动我意,光显如是利乐藏。^p2590

2018.08.19^p2591

^p2592

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།^p2593

བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། །^p2594

རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །^p2595

དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །^p2596

སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་བྱ། །^p2597

ཞེས་གསུངས།^p2598

根登群佩:^p2599

纵然愚者不随我,我绝不随愚者行,^p2600

此乃智者第一誓,纵遇命难也守护。^p2601

2018.08.20^p2602

^p2603

བཞི་བརྒྱ་པ་ལས།^p2604

བསོད་ནམས་མ་ཡིན་དང་པོ་བཟློག །^p2605

བར་དུ་བདག་ནི་བཟློག་པ་དང་། །^p2606

ཐ་མ་ལྟ་གཞི་ཀུན་བཟློག་པ། །^p2607

གང་གིས་ཤེས་དེ་མཁས་པ་ཡིན། །^p2608

ཞེས་གསུངས།^p2609

《四百论》:^p2610

先遮遣非福,中应遣除我,^p2611

后遮一切见,知此为智者。^p2612

2018.08.21^p2613

^p2614

མདོ་ལས།^p2615

དོན་ལ་ངེས་པའི་གདིང་རྙེད་ན། །^p2616

སེམས་ལས་ཆོས་གཏེར་འབུམ་ཕྲག་རྡོལ། །^p2617

ཞེས་གསུངས།^p2618

佛经:^p2619

若于真如确信定解,^p2620

心中流露十万法藏。^p2621

2018.08.22^p2622

^p2623

དྲན་པ་ཉེར་བཞག་ལས།^p2624

ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །^p2625

ལེ་ལོ་ཡིན་ཏེ་གང་ལ་ཡོད། །^p2626

གང་ལ་ལེ་ལོ་གཅིག་ཡོད་པ། །^p2627

དེ་ལ་ཆོས་ཀུན་མེད་པ་ཡིན། །^p2628

ཞེས་གསུངས།^p2629

《正法念处经》:^p2630

诸烦恼之根,即是为懈怠,^p2631

何人具懈怠,彼无诸善法。^p2632

2018.08.23^p2633

^p2634

རྒྱལ་སྲས་ཞི་བ་ལྷས།^p2635

བྱེ་མའི་ཁང་བུ་རྡིབ་གྱུར་ན། །^p2636

བྱིས་པ་རྣམས་ནི་ག་ཆད་ངུ་། །^p2637

དེ་བཞིན་བསྟོད་དང་གྲགས་ཉམས་ན། །^p2638

རང་གི་སེམས་ནི་བྱིས་པ་བཞིན། །^p2639

ཞེས་གསུངས།^p2640

《入行论》:^p2641

沙屋倾颓时,愚童哀极泣,^p2642

若我伤失誉,岂非似愚童?^p2643

2018.08.24^p2644

^p2645

དཔུང་བཟང་གིས་ཞུས་པ་ལས།^p2646

རེ་ཞིག་ཅིག་ན་དགྲ་བོ་ཡང་མཛའ་བོར་འགྱུར། །^p2647

མཛའ་བོ་ཡང་དེ་བཞིན་དགྲར་ཡང་འགྱུར། །^p2648

དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །^p2649

བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །^p2650

དེ་བཞིན་མཛའ་བཤེས་འགྱུར་བར་རིག་ནས་ནི། །^p2651

བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །^p2652

ཞེས་གསུངས།^p2653

《妙臂请问经》:^p2654

有时怨敌转为亲,亲爱如是亦为怨,^p2655

如是一类为中庸,即诸中庸复为怨。^p2656

如是亦复为亲爱,具慧了知终莫贪,^p2657

于亲当止爱分别,于心善法安乐住。^p2658

2018.08.25^p2659

^p2660

ཀུན་མཁྱེན་ཀློང་ཆེན་པས།^p2661

འཕོ་འགྱུར་མེད་པའི་རིག་པ་བྱང་ཆུབ་ལ། །^p2662

སྤངས་ཐོབ་མེད་པའི་སྣང་སྲིད་འཁོར་འདས་ཤར། །^p2663

གཟུང་འཛིན་མེད་པའི་རྣལ་འབྱོར་ངོ་ཁ་ལ། །^p2664

མེད་ལ་སྣང་འདི་ཡ་མཚན་དགོད་པོ་འཆོར། །^p2665

ཞེས་གསུངས།^p2666

龙钦巴尊者:^p2667

不变觉性菩提中,现无断得轮涅相,^p2668

无能所取瑜伽士,无而显现奇可笑!^p2669

2018.08.26^p2670

^p2671

འཕགས་པ་དཀོན་མཆོག་ཏ་ལའི་མདོ་ལས།^p2672

ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །^p2673

བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །^p2674

འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །^p2675

ཅེས་གསུངས།^p2676

《圣宝箧经》:^p2677

一切诸法如善逝,^p2678

一切凡愚执相状,^p2679

行持世间本无法。^p2680

2018.08.27^p2681

^p2682

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས།^p2683

ཚེ་འདི་ལས་ཕྱི་མ་གཅེས་པར་ཟུངས། །^p2684

མི་ཆོས་ལས་ལྷ་ཆོས་དམ་པོར་ཟུངས། །^p2685

རང་དོན་ལས་གཞན་དོན་གཙོ་བོར་ཟུངས། །^p2686

འདི་བསླབ་བྱ་ལགས་སོ་ཐུགས་ལ་ཟུངས། །^p2687

ཞེས་གསུངས།^p2688

协钦嘉察班玛南嘉:^p2689

来世比今生重要,正法比世法重要,^p2690

利他比利己重要,此乃教言铭记心。^p2691

2018.08.28^p2692

^p2693

རྗེ་མི་ལ་རས་པས།^p2694

བྲག་དཀར་རྟ་སོ་གོང་མ་འདི། །^p2695

བྱ་ཆེན་འཕུར་ན་གཤོགས་རྩ་འདར། །^p2696

བྱ་ཆུང་འཕུར་ན་སེམས་རྩ་ལྷོད། །^p2697

ང་མི་ལ་རས་པ་འཕུར་ཀྱང་ནི། །^p2698

སེམས་ལ་ཡ་ང་ཡོད་མ་ཡིན། །^p2699

བུ་ལྟད་མོ་ལྟ་ན་འདི་ལ་ལྟོས། །^p2700

རྐྱང་མ་བུ་གཅིག་ལ་ལྟད་མོ་མེད། །^p2701

ཅེས་གསུངས།^p2702

米拉日巴尊者:^p2703

达索贡玛之白岩,大鸟飞翔翅膀抖,^p2704

小鸟飞翔心胆颤,我米拉今此飞翔,^p2705

心里无有毫无惧。弟子若赏观此景,^p2706

野马母子有何看?^p2707

2018.08.29^p2708

^p2709

མི་ཕམ་རིན་པོ་ཆེས།^p2710

མེ་སྟག་ཕྲ་མོ་མི་བཟོད་གཅེས་དགུ་ཡི་ལུས་ལ། །^p2711

དམྱལ་བའི་ལྕགས་བསྲེག་ས་གཞི་སུ་ཞིག་གིས་^p2712

བཟོད་ནུས། །ཞེས་གསུངས།^p2713

麦彭仁波切:^p2714

不忍微小火星贪爱之身体,^p2715

何能堪忍燃烧地狱之铁地?^p2716

2018.08.30^p2717

^p2718

རྣལ་འབྱོར་ཆེན་པོ་དྷེ་ཀེ་བཛྲ་གྱིས།^p2719

རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །^p2720

ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །^p2721

ཞེས་གསུངས།^p2722

大瑜伽士德阁班札:^p2723

逸然解脱瑜伽如日出,^p2724

即是法身显现诶玛吙。^p2725

2018.08.31^p2726

^p2727

རྗེ་མི་ལས།^p2728

བྲག་ལ་བསྒོམ་པའི་སྒོམ་ཆེན་དང་། །^p2729

གྲོང་ལ་གནས་པའི་ཡོན་བདག་གཉིས། །^p2730

སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །^p2731

རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །^p2732

ཞེས་གསུངས།^p2733

米拉日巴尊者:^p2734

山间静修大行者,及作供养之施主,^p2735

彼二具有成佛缘,缘起精华即回向。^p2736

2018.09.01^p2737

^p2738

མགོན་པོ་ཀླུ་སྒྲུབ་ཀྱིས།^p2739

མཐོང་དང་མ་མཐོང་ཡོན་ཏན་འདི། །^p2740

ཀུན་གྱི་རྩ་བ་ཤེས་རབ་ཡིན། །^p2741

དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། །^p2742

ཤེས་རབ་ཡོངས་སུ་གཟུང་བར་བྱ། །^p2743

ཞེས་གསུངས།^p2744

龙猛菩萨:^p2745

慧为见不见,一切功德本,^p2746

为办此二故,应当摄受慧。^p2747

2018.09.02^p2748

^p2749

རིན་ཆེན་སྤུངས་པའི་རྒྱུད་ལས།^p2750

དངོས་པོ་གཤིས་ཀྱི་འདུག་ཚུལ་ལྟོས་དང་།^p2751

སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར།^p2752

བདེ་སྡུག་ཇི་ལྟར་བསམ་ཀྱང་། དོན་ལ་འགྱུར་བ་མེད་པ་^p2753

ཧ་ཧ། ཞེས་གསུངས།^p2754

《宝积续》:^p2755

且观万法之实相,^p2756

此等显现纤毫未改真稀有,^p2757

无论思维苦或乐,^p2758

实则无有改变哈哈。^p2759

2018.09.03^p2760

^p2761

མདོ་ལས།^p2762

ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །^p2763

བཅོམ་ལྡན་འདས་ལ་གསོལ་འདེབས་པ། །^p2764

བསོད་ནམས་དེ་ནི་ཁྱད་པར་འཕགས། །^p2765

ཞེས་གསུངས།^p2766

佛经:^p2767

谛听梵天王,^p2768

祈祷诸佛尊,^p2769

福德极超胜。^p2770

2018.09.04^p2771

^p2772

ཚུལ་གསུམ་སྒྲོན་མེ་ལས།^p2773

ཐབས་མང་དཀའ་བ་མེད་པ་དང་། །^p2774

དབང་པོ་རྣོན་པོའི་དབང་བྱས་པས། །^p2775

སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །^p2776

ཞེས་གསུངས།^p2777

《三相灯论》:^p2778

不难方便多,^p2779

是为利根故,^p2780

极胜秘密乘。^p2781

2018.09.05^p2782

^p2783

རིག་འཛིན་ཀུ་མཱ་རཱ་ཛས།^p2784

གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་^p2785

དང་བྲལ་བ་དང་མ་བྲལ་བས་ཤེས།^p2786

ཞེས་གསུངས།^p2787

大持明者格玛燃匝:^p2788

证没证悟实相,^p2789

以远没远离耽著便可知晓。^p2790

2018.09.06^p2791

^p2792

དཔལ་ས་ར་ཧའི་དོ་ཧ་ལས།^p2793

ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །^p2794

ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །^p2795

ཅེས་གསུངས།^p2796

萨绕哈巴《道情歌集》中说:^p2797

芝麻皮许之执著,亦永唯生痛苦已。^p2798

2018.09.07^p2799

^p2800

ཆོས་རྗེ་ཡིད་བཞིན་ནོར་བུས།^p2801

བསྟན་པ་ཐམས་ཅད་འགལ་མེད་དུ་ཤེས་པར་གྱིས།^p2802

བསྟན་འཛིན་རྣམས་ལ་ཕྱོགས་མེད་དུ་དག་སྣང་སྦྱོངས།^p2803

ཞེས་གསུངས།^p2804

法王如意宝:^p2805

对所有佛教教派,要懂得互不相违;^p2806

对所有持教大德,要无偏观清净心。^p2807

2018.09.08^p2808

^p2809

འཆི་མེད་རྔ་སྒྲའི་གཟུངས་ལས།^p2810

སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །^p2811

དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །^p2812

འཕགས་པའི་དགེ་འདུན་བསམ་མི་ཁྱབ། །^p2813

བསམ་མི་ཁྱབ་ལ་དད་རྣམས་ཀྱི། །^p2814

རྣམ་པར་སྨིན་པའང་བསམ་མི་ཁྱབ། །^p2815

ཅེས་གསུངས།^p2816

《无死鼓声陀罗尼经》:^p2817

诸佛不思议,正法不思议,^p2818

圣僧不思议,于此生诚信,^p2819

果报不思议。^p2820

2018.09.09^p2821

^p2822

དམ་པ་གོང་མ་དག་གིས།^p2823

གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ། །^p2824

ཉམས་པ་ན་བུན་འདྲ་སྟེ་ཡལ་ནས་འགྲོ། །^p2825

རྟོགས་པ་རི་རྒྱལ་འདྲ་སྟེ་འཕོ་འགྱུར་མེད། །^p2826

ཅེས་གསུངས།^p2827

古大德:^p2828

理解如补丁,很快凋落;^p2829

觉受如云雾,很快消散;^p2830

证悟如山王,恒常不动。^p2831

2018.09.10^p2832

^p2833

རྒྱལ་སྲས་ཞི་བ་ལྷས།^p2834

ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །^p2835

གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །^p2836

དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །^p2837

འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །^p2838

ཞེས་གསུངས།^p2839

寂天菩萨:^p2840

犹如乌云暗夜中,刹那闪电极明亮,^p2841

如是因佛威德力,世人暂萌修福意。^p2842

2018.09.11^p2843

^p2844

བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས།^p2845

གཏིང་མཐའ་མེད་པའི་འཁོར་བ་ནི། །^p2846

རྒྱ་མཚོའི་ནང་ན་རྣམ་པར་གནས། །^p2847

འདོད་ཆགས་ལ་སོགས་མི་བཟད་པའི། །^p2848

ཆུ་སྲིན་གྱིས་ནི་ལུས་ཟོས་པས། །^p2849

དེ་རིང་གང་ལ་སྐྱབས་སུ་མཆི། །^p2850

ཞེས་གསུངས།^p2851

陈那论师:^p2852

安住无边底,生死大海中,^p2853

贪等极暴恶,大鲸嚼其身,^p2854

今当归依谁。^p2855

2018.09.12^p2856

^p2857

རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས།^p2858

ཇི་སྲིད་སེམས་ལ་བརྟན་པ་མ་ཐོབ་བར། །^p2859

ཕྱི་རོལ་ཡུལ་གྱིས་རབ་ཏུ་བསླུ་བས་ན། །^p2860

དབེན་པའི་གནས་སུ་སྤྲོ་བས་གནས་པར་བྱ། །^p2861

ཞེས་གསུངས།^p2862

《大圆满心性休息》:^p2863

乃至自己之内心,尚未获得稳固前,^p2864

易受外境诱惑故,当喜安住静林间。^p2865

2018.09.13^p2866

^p2867

མདོ་ཕལ་པོ་ཆེ་ལས།^p2868

དཔེར་ན་འོན་པ་རོལ་མོ་མཁན། །^p2869

གཞན་དག་དེ་ཡིས་དགའ་བྱེད་ཀྱང་། །^p2870

བདག་ཉིད་ཀྱི་ནི་མི་ཐོས་པ། །^p2871

མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། །^p2872

ཞེས་གསུངས།^p2873

《华严经》:^p2874

比如聋乐师,能令他众乐,^p2875

然自听不见,不修法亦然。^p2876

2018.09.14^p2877

^p2878

མདོ་ཕལ་པོ་ཆེ་ལས།^p2879

ཆུ་བོ་དང་ནི་རྒྱ་མཚོ་ལས། །^p2880

གྲུ་དང་གཟིངས་བཅས་མཉན་པ་ཞིག །^p2881

གཞན་དག་དེ་ཡིས་སྒྲོལ་བྱེད་ཀྱང་། །^p2882

བདག་ཉིད་དེ་ན་འཆི་བ་བཞིན། །^p2883

མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །^p2884

ཞེས་གསུངས།^p2885

《华严经》:^p2886

河中大海上,具船之舟子,^p2887

能度载他众,然自葬其中,^p2888

不修法亦然。^p2889

2018.09.15^p2890

^p2891

མདོ་ཕལ་པོ་ཆེ་ལས།^p2892

དཔེར་ན་བུ་རམ་མངར་བའི་རོ། །^p2893

བརྗོད་པས་རོ་ནི་མི་མྱོང་སྟེ། །^p2894

ཟོས་པས་རོ་ནི་མྱོང་བ་ལྟར། །^p2895

དེ་བཞིན་སྟོང་པ་ཉིད་ཀྱི་རོ། །^p2896

བརྗོད་པས་དེ་ནི་མི་མྱོང་སྟེ། །^p2897

སྒོམ་པས་རོ་ནི་མྱོང་བར་འགྱུར། །^p2898

ཞེས་གསུངས།^p2899

《华严经》:^p2900

比如糖甜味,说不能感受,^p2901

咀嚼可品味。如是空性味,^p2902

说不能感受,以修可品味。^p2903

2018.09.16^p2904

^p2905

མཁན་ཆེན་བྱང་ཆུབ་སེམས་དཔའ་^p2906

ཞི་བ་འཚོའི་ཞལ་ནས།^p2907

རྒྱལ་བའི་བསྟན་པ་ཉམས་དམའ་ཞིངཿ^p2908

ཚེ་དང་ལྡན་པ་ཉམ་ཐག་ནཿ^p2909

སྟོན་པའི་ཐུགས་རྗེ་བསྐུལ་བར་གྱིསཿ^p2910

ང་ལ་གསོལ་བ་ཡང་ཡང་ཐོབསཿ^p2911

ཕྱི་ལྟར་འདུལ་ཁྲིམས་ལེགས་པར་བསྲུངསཿ^p2912

ནང་ལྟར་བྱང་ཆུབ་སེམས་འབྱོངས་ནསཿ^p2913

གསང་བ་སྔགས་ཀྱི་གྲུབ་པ་བརྙེསཿ^p2914

ཞེས་གསུངས།^p2915

大堪布静命菩萨:^p2916

若佛法衰败,修行人堪怜,^p2917

祈请慈悲佛,再三祈祷我。^p2918

外守净律仪,内修菩提心,^p2919

密获秘成就。^p2920

2018.09.17^p2921

^p2922

འཇམ་དཔལ་གྱིས་ལྟ་འདོད་མདོར་བསྟན་པ་ལས།^p2923

ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །^p2924

ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །^p2925

རྣམ་པ་ཐམས་ཅད་མཆོག་ལྡན་པའི། །^p2926

སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །^p2927

ཞེས་གསུངས།^p2928

《文殊欲见略说经》:^p2929

观察诸蕴皆空性,犹如芭蕉无实质;^p2930

具诸殊胜之空性,并非如是之自性。^p2931

2018.09.18^p2932

^p2933

ལང་ཀར་གཤེགས་པ་ལས།^p2934

ཕྱི་རོལ་སྣང་བ་ཡོད་མེད་དེ། །^p2935

སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །^p2936

ལུས་དང་ལོངས་སྤྱོད་གནས་འདྲ་བ། །^p2937

སེམས་ཙམ་དུ་ནི་ངས་བཤད་དོ། །^p2938

ཞེས་གསུངས།^p2939

《楞伽经》:^p2940

外境悉非有,心变种种相,^p2941

似身受用处,故我说唯心。^p2942

2018.09.19^p2943

^p2944

མགོན་པོ་ཀླུ་སྒྲུབ་ཀྱིས་སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས།^p2945

སེམས་མཐོང་བ་ནི་བྱང་ཆུབ་སྟེ། །^p2946

སེམས་ནི་འགྲོ་བ་ལྔ་པོ་ཡིན། །^p2947

བདེ་དང་སྡུག་བསྔལ་མཚན་ཉིད་དག །^p2948

སེམས་ལས་མ་གཏོགས་ཅུང་ཟད་མེད། །^p2949

ཅེས་གསུངས།^p2950

龙猛菩萨《赞金刚心》:^p2951

见心即菩提,心乃五趣众,^p2952

苦乐诸法相,除心无少许。^p2953

2018.09.20^p2954

^p2955

འཕགས་ལྷས།^p2956

ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །^p2957

གཟུང་བར་མི་ནུས་དེ་བཞིན་དུ། །^p2958

འཇིག་རྟེན་པ་ཡི་མ་གཏོགས་པ། །^p2959

འཇིག་རྟེན་གཟུང་བར་ནུས་མ་ཡིན། །^p2960

ཞེས་གསུངས།^p2961

圣天论师:^p2962

如对蔑戾车,余言不能摄,^p2963

世间未通达,不能摄世间。^p2964

2018.09.21^p2965

^p2966

རྣམ་འགྲེལ་ལས།^p2967

ཐ་མའི་སེམས་ནི་སེམས་གཞན་དང་། །^p2968

མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །^p2969

ཅེས་གསུངས།^p2970

《释量论》:^p2971

后心与余心,结续有何违?^p2972

2018.09.22^p2973

^p2974

ནམ་མཁའ་མཛོད་ཀྱི་ཞུས་པའི་མདོ་ལས།^p2975

ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །^p2976

སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །^p2977

དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །^p2978

བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །^p2979

ཞེས་གསུངས།^p2980

《虚空藏请问经》:^p2981

纵演千百劫,佛智无有边,^p2982

如是持正法,彼福亦无量。^p2983

2018.09.23^p2984

^p2985

ས་སྐྱ་པཎ་ཆེན་གྱིས།^p2986

སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །^p2987

བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །^p2988

བློ་གསལ་དབང་པོ་པདྨའི་ངང་ཚུལ་ཅན། །^p2989

རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །^p2990

ཞེས་གསུངས།^p2991

萨迦班智达:^p2992

持戒具德静命尊,禁行成就莲花生,^p2993

明智自在莲花戒,此为浊世第二佛。^p2994

2018.09.24^p2995

^p2996

མགོན་པོ་ཀླུ་སྒྲུབ་ཀྱིས།^p2997

གཞན་གྱི་ཡུལ་ན་གནས་པ་དང་། །^p2998

གཞན་གྱི་འཚོ་བས་འཚོ་བའི་ཚེ། །^p2999

ཇི་ལྟ་བུར་ནི་བརྙས་གྱུར་ཀྱང་། །^p3000

ཁ་རོག་འདུག་པས་བདེ་བ་འཐོབ། །^p3001

ཅེས་གསུངས།^p3002

怙主龙猛菩萨:^p3003

若住他人处,仰他人鼻息,^p3004

如何受轻蔑,不语最适宜。^p3005

2018.09.25^p3006

^p3007

སློབ་དཔོན་ཟླ་བ་གྲགས་པས།^p3008

མ་རིག་གཉིད་ལས་སངས་ཕྱིར་དང་། །^p3009

བློ་རྒྱས་ཕྱིར་ན་སངས་རྒྱས་ཡིན། །^p3010

ཞེས་གསུངས།^p3011

月称论师:^p3012

苏醒无明眠,增智故名佛。^p3013

2018.09.26^p3014

^p3015

རིག་འཛིན་ཚངས་དབྱངས་རྒྱ་མཚོས།^p3016

ལྕང་མ་བྱེའུར་སེམས་ཤོར། །^p3017

བྱེའུ་ལྕང་མར་སེམས་ཤོར། །^p3018

སེམས་ཤོར་མཐུན་པ་བྱུང་ན། །^p3019

བྱ་ཁྲ་ཧོར་པས་མི་ཐུབ། །^p3020

ཅེས་གསུངས།^p3021

持明仓央嘉措:^p3022

柳树爱上了小鸟,小鸟对柳树倾心。^p3023

只要情投意合,鹞鹰也无隙可乘。^p3024

2018.09.27^p3025

^p3026

ཟླ་གྲགས་ཀྱི་དབུ་མ་བཞི་བརྒྱ་བའི་རྒྱ་ཆེར་འགྲེལ་ལས།^p3027

རྟོག་གེའི་གཞུང་ལུགས་མུན་པས་བཀག་པ་ཡི། །^p3028

བློ་ཡི་མིག་འདི་ད་ལྟ་ཕྱེ་བྱས་ནས། །^p3029

བསོད་ནམས་གང་ཐོབ་དེ་ཡིས་སྐྱེ་བོ་འདི། །^p3030

ཡོངས་ཀྱིས་དེ་ཉིད་བློ་མིག་གིས་མཐོང་ཤོག །^p3031

ཅེས་གསུངས།^p3032

月称论师《四百论广释》:^p3033

寻思论典的黑暗所遮蔽的心眼,^p3034

当下已经开启。^p3035

以此获得之福德,^p3036

祈愿众生得到现见真如的慧眼。^p3037

2018.09.28^p3038

^p3039

མདོ་ཕལ་པོ་ཆེ་ལས།^p3040

སྟོན་པ་འཇིག་རྟེན་ཁམས་བྱོན་ནས། །^p3041

འཇིག་རྟེན་མ་རིག་མུན་པ་བསལ། །^p3042

དེ་འདྲའི་འཇིག་རྟེན་སྒྲོན་མེ་མཆོག །^p3043

མཇལ་བ་འདི་ནི་ངོ་མཚར་ཆེ། །^p3044

ཞེས་གསུངས།^p3045

《华严经》:^p3046

如来出世间,为世除痴冥,^p3047

如是世间灯,希有难可见。^p3048

2018.09.29^p3049

^p3050

སློབ་དཔོན་ཀླུ་སྒྲུབ་ཀྱིས།^p3051

ཤིན་ཏུ་བླུན་པ་ལ་ལ་དག །^p3052

འཆི་བའི་རྣམ་པ་རབ་བརྗེད་ནས། །^p3053

བྱ་བ་མང་པོ་རྩོམ་བྱེད་པ། །^p3054

བདུད་ཀྱིས་བསླུས་པར་ཤེས་པར་བྱ། །^p3055

ཞེས་གསུངས།^p3056

龙猛阿阇梨:^p3057

极其愚痴者,忘失终将死,^p3058

欲造种种事,当知魔所惑。^p3059

2018.09.30^p3060

^p3061

བཞི་བརྒྱ་པ་ལས།^p3062

བསམ་པས་བྱང་ཆུབ་སེམས་དཔའ་ལ། །^p3063

དགེའམ་ཡང་ན་མི་དགེ་བ། །^p3064

ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །^p3065

གང་ཕྱིར་སེམས་དེ་གཙོ་བོའི་ཕྱིར། །^p3066

ཞེས་གསུངས།^p3067

《四百论》:^p3068

菩萨由意乐,若善若不善,^p3069

一切成妙善,以意自在故。^p3070

2018.10.01^p3071

^p3072

ཕྱག་ཆེན་ཐིག་ལེ་ལས།^p3073

དབང་མེད་ན་ནི་དངོས་གྲུབ་མེད། །^p3074

བྱེ་མ་བཙུར་ཡང་མར་མེད་བཞིན། །^p3075

གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །^p3076

དབང་བསྐུར་མེད་པར་འཆད་བྱེད་པ། །^p3077

སློབ་དཔོན་སློབ་མ་ཤི་མ་ཐག །^p3078

དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །^p3079

ཞེས་གསུངས།^p3080

《大手印明点》:^p3081

若无灌顶无成就,如同榨沙不出油。^p3082

若于未得灌顶者,何人傲慢传续典,^p3083

师徒二者命终时,纵得悉地堕地狱。^p3084

2018.10.02^p3085

^p3086

འཕགས་པ་ཀླུ་སྒྲུབ་ཀྱིས།^p3087

སེམས་ཅན་ཀུན་ལ་ཕན་སེམས་བསྐྱེད། །^p3088

རེས་འགའ་རྩྭ་བཞིན་ཞུམ་པར་བྱ། །^p3089

རེས་འགའ་མེ་བཞིན་སྦར་བར་གྱིས། །^p3090

རེས་འགའ་གངས་རི་ལྟ་བུར་གྱིས། །^p3091

རེས་འགའ་དམག་ལ་ངར་བ་བཞིན། །^p3092

ཞེས་གསུངས།^p3093

龙猛菩萨:^p3094

于众饶益心,或如草丝柔,^p3095

或如火炽盛,或如山傲然,^p3096

或如军猛厉。^p3097

2018.10.03^p3098

^p3099

ཆུ་ཤིང་བསྟན་བཅོས་ལས།^p3100

གཙོ་བོ་བཟང་ཡང་འཁོར་ངན་ན། །^p3101

དེ་ཡི་དྲུང་དུ་བསྟེན་པར་དཀའ། །^p3102

གདུག་པའི་སྦྲུལ་གྱི་དཀྲིས་པ་ཡི། །^p3103

ཙན་དན་ལྗོན་པ་སུ་ཡིས་བརྟེན། །^p3104

ཞེས་གསུངས།^p3105

《水木格言》:^p3106

君主虽善眷恶,彼前亦难依止,^p3107

毒蛇所缠旃檀,谁会依于其前。^p3108

2018.10.04^p3109

^p3110

མི་ཕམ་རིན་པོ་ཆེས།^p3111

ལེགས་ཉེས་གང་དང་གང་མྱོང་ཡང་། །^p3112

བསམ་དཔྱོད་ཅན་ལ་བློ་སྐྱེད་ཐོན། །^p3113

སྐྱིད་སྡུག་བརྒྱ་ཕྲག་མཐོང་ན་ཡང་། །^p3114

བསམ་མེད་བླུན་པོར་བོགས་སྐྱེད་མེད། །^p3115

ཅེས་གསུངས།^p3116

麦彭仁波切:^p3117

无论享乐受痛苦,智者深思有促进,^p3118

纵然百见苦与乐,无心愚者无收益。^p3119

2018.10.05^p3120

^p3121

གུང་ཐང་བསྟན་པའི་སྒྲོན་མེས།^p3122

དུག་དང་སྨན་གྱི་མྱུ་གུ་ལས། །^p3123

འབྲས་བུ་འཆོལ་བ་འགར་ཡང་མེད། །^p3124

དགེ་དང་མི་དགེ་ལས་ལས་ཀྱང་། །^p3125

འབྲས་བུ་གཞན་འབྱུང་གནས་མ་ཡིན། །^p3126

ཞེས་གསུངས།^p3127

贡塘丹毕准美尊者:^p3128

毒与药之苗芽,结果毫无错乱,^p3129

善与不善之业,不会生出他果。^p3130

2018.10.06^p3131

^p3132

རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས།^p3133

མི་ལ་ལྟ་བའི་མིག་ཡོད་ཀྱང་། །^p3134

རང་ལ་ལྟ་ན་མེ་ལོང་དགོས། །^p3135

རང་བློ་ནང་དུ་མ་བསྡུས་ན། །^p3136

རང་སྐྱོན་རང་གིས་མཐོང་བར་དཀའ། །^p3137

ཞེས་གསུངས།^p3138

《君规教言论》:^p3139

虽有见他人眼目,若观自己时需镜,^p3140

倘若不内观自心,难以现见自过失。^p3141

2018.10.07^p3142

^p3143

རྒྱལ་སྲས་ཞི་བ་ལྷས།^p3144

ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །^p3145

སེམས་ཅན་དོན་ཀུན་བསྒྲུབ་བྱའི་ཕྱིར། །^p3146

ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །^p3147

བདག་གིས་སྤྱོད་པའང་དེ་འདྲར་ཤོག །^p3148

ཅེས་གསུངས།^p3149

寂天菩萨:^p3150

为于十方际,成办有情利,^p3151

吾行愿得如,文殊圆满行。^p3152

2018.10.08^p3153

^p3154

ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས།^p3155

བྱ་དེ་ཁྲུང་ཁྲུང་དཀར་པོ། །^p3156

གཤོག་རྩལ་ང་ལ་གཡོར་དང་། །^p3157

ཐག་རིང་རྒྱང་ལ་མི་འགྲོ། །^p3158

ལི་ཐང་བསྐོར་ནས་བསླེབ་ཡོང་། །^p3159

ཞེས་གསུངས།^p3160

《仓央嘉措道歌》:^p3161

洁白的仙鹤啊,^p3162

请把你的翅膀借给我,^p3163

我不会飞到很远的地方,^p3164

我到理塘转转就回来。^p3165

2018.10.09^p3166

^p3167

སློབ་དཔོན་ཀླུ་སྒྲུབ་ཀྱིས།^p3168

བྱིས་པ་རྣམས་ནི་གཟུགས་ལ་ཆགས། །^p3169

འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར། །^p3170

གཟུགས་སོགས་ངོ་བོ་ཉིད་ཤེས་ནས། །^p3171

བློ་མཆོག་རྣམས་ནི་གྲོལ་བར་འགྱུར། །^p3172

ཞེས་གསུངས།^p3173

龙猛菩萨:^p3174

凡愚贪恋色,中者离贪欲,^p3175

胜者已了悟,色等性解脱。^p3176

2018.10.10^p3177

^p3178

ས་སྐྱ་གྲགས་པ་རྒྱལ་མཚན་གྱིས།^p3179

དད་པ་དམན་ཞིང་དགེ་བའི་བློ་གྲོས་དམན། །^p3180

ཆོས་ལ་འཇུག་པའི་སྐལ་བ་དམན་རྣམས་ཀྱང་། །^p3181

བདག་གིས་ཐབས་མཁས་འཕྲིན་ལས་སྣ་ཚོགས་ཀྱིས། །^p3182

ཀུན་ཀྱང་དབང་འདུས་དགེ་ལ་སྦྱོར་བར་ཤོག །^p3183

ཅེས་གསུངས།^p3184

萨迦扎巴嘉村:^p3185

信心智慧善根皆低劣,^p3186

无缘趣入正法诸有情,^p3187

以我善巧方便事业力,^p3188

摄受彼等行持诸善法。^p3189

2018.10.11^p3190

^p3191

ཏིང་འཛིན་རྒྱལ་པོ་ལས།^p3192

བདེ་གཤེགས་སྙིང་པོ་འགྲོ་བ་ཡོངས་ལ་ཁྱབ། །^p3193

འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །^p3194

འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །^p3195

ཞེས་གསུངས།^p3196

《三摩地王经》:^p3197

如来藏遍诸有情,^p3198

于此无有非法器,^p3199

此等众生皆成佛。^p3200

2018.10.12^p3201

^p3202

དགྱེས་རྡོར་ལས།^p3203

གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །^p3204

གང་དུ་ཡང་ནི་མི་རྙེད་དེ། །^p3205

བླ་མས་དུས་ཐབས་བསྟན་པ་དང་། །^p3206

རང་གི་བསོད་ནམས་ལས་ཤེས་བྱ། །^p3207

ཞེས་གསུངས།^p3208

《喜金刚》:^p3209

非由他说俱生智,何处亦不可获得,^p3210

唯有上师方便示,依自福德而了悟。^p3211

2018.10.13^p3212

^p3213

ཀླུ་སྒྲུབ་ཀྱིས་སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས།^p3214

སེམས་ཅན་མོས་པ་སྣ་ཚོགས་པ། །^p3215

ཐ་དད་པ་ཡི་ལྷ་དམིགས་ཏེ། །^p3216

རིན་ཆེན་སེམས་ནི་རྣམ་གྲོལ་ལས། །^p3217

ལྷ་གཞན་བསྒྲུབ་ཏུ་ཡོད་མ་ཡིན། །^p3218

ཞེས་གསུངས།^p3219

龙猛菩萨《赞金刚心》:^p3220

众生意乐异,所缘本尊异,^p3221

心宝解脱外,无修余本尊。^p3222

2018.10.14^p3223

^p3224

དགྱེས་རྡོར་ལས།^p3225

ལུས་ལ་ཡེ་ཤེས་ཆེན་པོ་གནས། །^p3226

རྟོག་པ་ཐམས་ཅད་ཡང་དག་སྤངས། །^p3227

དངོས་པོ་ཀུན་ལ་ཁྱབ་པ་པོ། །^p3228

ལུས་གནས་ལུས་ལས་མ་སྐྱེས་པའོ། །^p3229

ཞེས་གསུངས།^p3230

《喜金刚》:^p3231

身住大智慧,远离诸分别,^p3232

遍诸事物者,住身非身生。^p3233

2018.10.15^p3234

^p3235

སློབ་དཔོན་དབྱིག་གཉེན་གྱིས།^p3236

ཚུལ་གནས་ཐོས་དང་བསམ་ལྡན་པ། །^p3237

སྒོམ་པ་ལ་ནི་རབ་ཏུ་སྦྱོར། །^p3238

ཞེས་གསུངས།^p3239

世亲论师:^p3240

守戒具足闻思慧,^p3241

极为精勤而修行。^p3242

2018.10.16^p3243

^p3244

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས།^p3245

བླ་མ་བཟང་ངན་སློབ་མའི་ཁྱད་ཀྱིས་ཤེས།^p3246

ཞེས་གསུངས།^p3247

贡智云登加措:^p3248

上师的好坏,由弟子的言行而推知。^p3249

2018.10.17^p3250

^p3251

དཔལ་སྤྲུལ་རིན་པོ་ཆེས།^p3252

ང་རྒྱལ་ཅན་ལ་མགུ་དུས་མེད། །^p3253

ཕྲག་དོག་ཅན་ལ་དགའ་དུས་མེད། །^p3254

འདོད་ཆགས་ཅན་ལ་ཆོག་དུས་མེད། །^p3255

ཞེ་སྡང་ཅན་ལ་མཐུན་དུས་མེད། །^p3256

སེར་སྣ་ཅན་ལ་ཡོད་དུས་མེད། །^p3257

གཏི་མུག་ཅན་ལ་འགྲུབ་དུས་མེད། །^p3258

འཁྲུལ་བའི་སེམས་ལ་བདེ་དུས་མེད། །^p3259

ཅེས་གསུངས།^p3260

华智仁波切:^p3261

傲慢者无满足之时,嫉妒者无欢喜之时,^p3262

贪欲者无餍足之时,嗔恨者无和睦之时,^p3263

吝啬者无具财之时,愚痴者无成事之时,^p3264

心乱者无快乐之时。^p3265

2018.10.18^p3266

^p3267

མདོ་རྒྱ་ཆེར་རོལ་བ་ལས།^p3268

དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་^p3269

སེམས་ལས་སུ་རུང་བར་བྱེད་དོ། །^p3270

ཞེས་གསུངས།^p3271

《方广游戏经》:^p3272

信心开启诸法之门,亦令自心堪能。^p3273

2018.10.19^p3274

^p3275

གཏམ་པདྨ་ཚལ་གྱི་ཟློས་གར་ལས།^p3276

གོང་གི་དཔོན་ལ་འཇལ་འཇལ་ནི་འཇལ་ཡོད། །^p3277

འཇལ་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས། །^p3278

འོག་གི་གཡོག་ལ་བྱིན་བྱིན་ནི་བྱིན་ཡོད། །^p3279

བྱིན་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས། །^p3280

བར་གྱི་གཉེན་ལ་བསྐྱང་བསྐྱངས་ནི་བསྐྱངས་ཡོད། །^p3281

བསྐྱང་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས། །^p3282

སྡང་བའི་དགྲ་ལ་འཐབ་འཐབ་ནི་འཐབས་ཡོད། །^p3283

འཐབ་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས། །^p3284

རྨོས་པའི་ཞིང་ལ་བཏབ་བཏབ་ནི་བཏབ་ཡོད། །^p3285

འདེབས་ཚོད་མི་འདུག་ཐལ་རྒོད་དུ་བསྐྱུར་ཐོངས། །^p3286

བརྩེགས་པའི་མཁར་དུ་བསྡད་བསྡད་ནི་བསྡད་ཡོད། །^p3287

འདུག་ཚོད་མི་འདུག་དབེན་རི་ལ་ཆས་འགྲོ། །^p3288

བཟའ་བའི་ཟས་ལ་ཟོས་ཟོས་ནི་ཟོས་ཡོད། །^p3289

ཟ་ཚོད་མི་འདུག་དཀའ་ཐུབ་ལ་བསྟེན་འགྲོ། །^p3290

བགོ་བའི་གོས་ལ་གྱོན་གྱོན་ནི་གྱོན་ཡོད། །^p3291

གྱོན་ཚོད་མི་འདུག་གཅེར་བུ་ལ་འཕྱོངས་འགྲོ། །^p3292

ད་བྱེད་ད་བྱེད་ལྷ་ཆོས་རང་བྱེད་དོ། །^p3293

ད་སྒྲུབ་ད་སྒྲུབ་འཆི་ཆོས་ཤིག་སྒྲུབ་བོ། །^p3294

དམ་བཅའ་ཡིན་ནོ་ལྷ་རྣམས་ཀྱིས་དགོངས་མཛོད། །^p3295

ཁས་ལེན་ཡིན་ནོ་རང་སེམས་འདི་དཔང་ངོ་། །^p3296

ཞེས་གསུངས།^p3297

2018.10.19^p3298

^p3299

《莲苑歌舞》:^p3300

于上长官数数已交税,交税无止随缘而放弃;^p3301

于下仆人数数已赏赐,赏赐无止随缘而放弃;^p3302

于中亲友数数已呵护,呵护无止随缘而放弃;^p3303

于己怨敌数数已争斗,争斗无止随缘而放弃;^p3304

于己良田数数已种植,种植无止抛舍成荒地;^p3305

于己屋室数数已居住,居住无止徒步入空山;^p3306

于己食物数数已享用,享用无止就此修苦行;^p3307

于己衣裳数数已穿着,穿着无止赤身而远去。^p3308

当机立断迅速修佛法,当机立断迅速修死道,^p3309

我此誓言诸佛请垂念,我此承诺自心为见证。^p3310

2018.10.20^p3311

^p3312

རྫ་དཔལ་སྤྲུལ་རིན་པོ་ཆེས།^p3313

ཉོན་མོངས་ཆུང་ན་སྡུག་བསྔལ་ཆུང་། །^p3314

ཉོན་མོངས་ཟད་ན་སྡུག་བསྔལ་ཟད། །^p3315

དེ་ཕྱིར་མི་འདོད་ཀུན་གྱི་གཞི། །^p3316

ཉོན་མོངས་དགྲ་བོ་བཅོམ་ན་ལེགས། །^p3317

ཞེས་གསུངས།^p3318

华智仁波切:^p3319

烦恼弱则痛苦消,烦恼灭则痛苦尽,^p3320

若欲断除诸苦根,摧毁惑敌极微妙。^p3321

2018.10.21^p3322

^p3323

རྒྱུད་ལས།^p3324

སློབ་དཔོན་མཉེས་པར་མ་བྱས་ཤིང་། །^p3325

དབང་རྣམས་ཐོབ་པར་མ་བྱས་པར། །^p3326

ཉན་པ་ལ་སོགས་བརྩོན་པ་རྣམས། །^p3327

འབྲས་བུ་མེད་ཅིང་བརླག་པར་འགྱུར། །^p3328

ཞེས་གསུངས།^p3329

续部:^p3330

若未令师喜,若未获灌顶,^p3331

于此听闻等,无果而坏己。^p3332

2018.10.22^p3333

^p3334

མདོ་ལས།^p3335

བདག་ཉིད་བདག་གི་མགོན་ཡིན་གྱི། །^p3336

གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །^p3337

བདག་ཉིད་བདག་གི་མགོན་གྱུར་པས། །^p3338

སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །^p3339

ཞེས་གསུངས།^p3340

佛经:^p3341

自为自怙主,余者岂可怙?^p3342

自成自怙主,解脱一切苦。^p3343

2018.10.23^p3344

^p3345

རྒྱལ་སྲས་ཞི་བ་ལྷས།^p3346

ཆོག་ཤེས་བདེ་སྤྱད་གང་ཡིན་པ། །^p3347

དབང་པོས་ཀྱང་ནི་རྙེད་པར་དཀའ། །^p3348

ཞེས་གསུངས།^p3349

寂天菩萨:^p3350

天王亦难享,知足闲居欢。^p3351

2018.10.24^p3352

^p3353

མགོན་པོ་ཀླུ་སྒྲུབ་ཀྱིས།^p3354

ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །^p3355

རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །^p3356

ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །^p3357

ནོར་མི་བདོག་ཀྱང་ཡང་དག་འབྱོར་བ་ལགས། །^p3358

ཞེས་གསུངས།^p3359

龙猛菩萨:^p3360

佛说一切财产中,知足乃为最殊胜,^p3361

是故应当常知足,知足无财真富翁。^p3362

2018.10.25^p3363

^p3364

གཏམ་པདྨ་ཚལ་གྱི་ཟློས་གར་ལས།^p3365

གློ་བུར་ངེས་འབྱུང་རཱ་ཛའི་ཆོ་འཕྲུལ་ཡིན། །^p3366

དེ་ལ་སྙིང་པོ་མེད་པ་མ་དགོངས་སམ། །^p3367

འཕྲལ་སྣང་དད་པ་བློ་ཡི་འགྱུར་བག་ཡིན། །^p3368

དེ་ལ་ནམ་ཕུག་མེད་པ་མ་དགོངས་སམ། །^p3369

ཞེས་གསུངས།^p3370

《莲苑歌舞》:^p3371

暂时的出离,是魔王之幻变,^p3372

难道不知道它毫无意义吗?^p3373

偶尔的信心,是心态之变换,^p3374

难道不知道它并不长久吗?^p3375

2018.10.26^p3376

^p3377

འདོད་པའི་ཚོམས་ལས།^p3378

ཀཱར་ཥཱ་པ་ཎིའི་ཆར་བབས་ཀྱང་། །^p3379

འདོད་པ་རྣམས་ཀྱིས་ངོམས་མི་འགྱུར། །^p3380

འདོད་པ་མནོག་ཆུང་ཉེས་མང་བ། །^p3381

མཁས་པ་རྣམས་ཀྱིས་ཁོང་དུ་ཆུད། །^p3382

ཅེས་གསུངས།^p3383

佛经:^p3384

纵降金钱雨,世人无满足,^p3385

财具患无义,智者皆通达。^p3386

2018.10.27^p3387

^p3388

ཚོམས་ལས།^p3389

སྐྱེས་པ་བུད་མེད་མང་པོ་དང་། །^p3390

དར་ལ་བབ་པའང་འཆི་འགྱུར་ན། །^p3391

དེ་ལ་མི་འདི་གཞོན་ཞེས་ཏེ། །^p3392

གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །^p3393

ཁ་ཅིག་མངལ་དུ་འཆི་བར་འགྱུར། །^p3394

དེ་བཞིན་ཁ་ཅིག་བཙས་པའི་སར། །^p3395

དེ་བཞིན་ཁ་ཅིག་གོག་ཙམ་ན། །^p3396

དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །^p3397

ལ་ལ་རྒན་དང་ལ་ལ་གཞོན། །^p3398

ལ་ལ་དར་ལ་བབ་པའི་མི། །^p3399

རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །^p3400

འབྲས་བུ་སྨིན་པ་ལྟུང་བ་བཞིན། །^p3401

ཞེས་གསུངས།^p3402

2018.10.27^p3403

^p3404

《法集要颂经》:^p3405

若众多男女,强壮亦殁亡,^p3406

何能保此人,尚幼能定活?^p3407

一类胎中死,或是临产时,^p3408

又有始能爬,亦有能行走,^p3409

有老有幼稚,亦有中年人,^p3410

渐次当趣没,犹如堕熟果。^p3411

2018.10.28^p3412

^p3413

ཀུན་མཁྱེན་ཀློང་ཆེན་པས།^p3414

སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས། །^p3415

རང་སྣང་ཤེས་པས་ཉམས་སྣང་གྲོགས་སུ་འཆར། །^p3416

སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས། །^p3417

འཁྲུལ་བ་ཞེན་ལོག་གནད་དུ་ཆེ་བ་ཡིན། །^p3418

ཞེས་གསུངས།^p3419

全知龙钦巴:^p3420

有时观察自现之顺缘,^p3421

了知自现觉受现助伴;^p3422

有时观察有害之逆缘,^p3423

即是断除迷执大要点。^p3424

2018.10.29^p3425

^p3426

རྒྱ་གར་དམ་པས།^p3427

བྱིན་རླབས་སེམས་ལས་འབྱུང་བ་ཡིན་པས་^p3428

བླ་མ་དང་ཡི་དམ་ལ་གསོལ་བ་ཐོབ།^p3429

ཅེས་གསུངས།^p3430

印度帕丹巴尊者:^p3431

加持是由心而产生,^p3432

要多祈祷上师本尊。^p3433

2018.10.30^p3434

^p3435

དགེ་བཤེས་པུ་ཏོ་བའི་ཞལ་ནས།^p3436

ང་ཚོར་མི་འོས་པ་ཞིག་གློ་བུར་དུ་བྱུང་བ་མིན།^p3437

མི་འོས་པ་ཞིག་ན་བ་མིན།^p3438

ཤི་མི་འོས་པ་ཞིག་ཤི་བ་མིན།^p3439

ཁ་ཆག་སྣ་རལ་ཡོང་མི་འོས་པ་ཞིག་བྱུང་བ་མིན།^p3440

ན་རྒྱུ་ཞིག་ན་བ་དང་ཤི་རྒྱུ་ཞིག་ཤི་བ་ཡིན།^p3441

གང་ལྟར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་མ་འོས་པ་^p3442

ཞིག་གློ་བུར་དུ་ཐོག་ཏུ་བབས་པ་མིན། སྐྱེ་རྒ་ན་འཆི་^p3443

འདོད་ཀྱི་མི་འདུག་ན་སྐྱེ་བའི་རྒྱུན་གཅོད་དགོས།^p3444

སྐྱེ་བའི་རྒྱུན་ཆོད་པ་ལ་ཉོན་མོངས་པ་ཟད་དགོས།^p3445

དེ་ལ་ཉོན་མོངས་དང་འཐབ་དགོས་ཞེས་གསུངས་སོ། །^p3446

2018.10.30^p3447

^p3448

博多瓦格西:^p3449

很多事情,并不是不该发生,^p3450

不是不该病的病了、不该死的死了、不该倒霉的倒霉了,^p3451

而是该病的病了、该死的死了。^p3452

生老病死的痛苦,^p3453

不是不该发生的突然发生了。^p3454

若不想生老病死,就要根除“生”。^p3455

要根除“生”,就要断除烦恼。^p3456

所以,要与烦恼作战。^p3457

2018.10.31^p3458

^p3459

རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས།^p3460

རང་ཉིད་བདེ་བར་གནས་པ་ཕལ། །^p3461

ཕ་རོལ་ཉམས་ལ་གནས་པ་དཀོན། །^p3462

གཞན་གྱི་ཁོང་དུ་ཞུགས་པ་ལྟའི། །^p3463

བསམ་དཔྱོད་ཅན་གྱི་རྗེ་བོ་བཟང་། །^p3464

ཞེས་གསུངས།^p3465

《君规教言论》:^p3466

多数自己享乐者,关心他人极稀少,^p3467

犹如入于他心中,明知实情乃智者。^p3468

2018.11.01^p3469

^p3470

འཕགས་པ་ཀླུ་སྒྲུབ་ཀྱིས།^p3471

མི་ཡི་ཆོས་ལུགས་ལེགས་སྤྱད་ན། །^p3472

ལྷ་ཡུལ་བགྲོད་པ་ཐག་མི་རིང་། །^p3473

ལྷ་དང་མི་ཡི་ཐེམ་སྐས་ལ། །^p3474

འཛེགས་ན་ཐར་བ་གམ་ན་གནས། །^p3475

ཞེས་གསུངས།^p3476

龙猛菩萨:^p3477

若行世间法,生天不遥远;^p3478

若攀人天梯,解脱近在前。^p3479

2018.11.02^p3480

^p3481

སློབ་དཔོན་དབྱིག་གཉེན་གྱིས།^p3482

ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །^p3483

ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །^p3484

འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །^p3485

གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །^p3486

ཅེས་གསུངས།^p3487

世亲论师:^p3488

对治烦恼敌,救护恶趣众,^p3489

救治称论典,余宗无此二。^p3490

2018.11.03^p3491

^p3492

ཆོས་རྗེ་ཡིད་བཞིན་ནོར་བུའི་བརྡ་གླུ་ལས།^p3493

ཇོ་ཇོ་གྲོགས་ལ་བཀུག་ནས། །^p3494

ངེས་མེད་ཡུལ་དུ་འཁྱམ་འགྲོ། །^p3495

དགའ་སྐྱོ་འཕེལ་བའི་ལྟད་མོ། །^p3496

མང་པོ་མིག་གིས་མཐོང་ཡོང་། །^p3497

ཞེས་གསུངས།^p3498

法王如意宝《暗示道歌》:^p3499

伴随长子文殊尊,云游种种诸世界,^p3500

必将亲睹极欢喜,以及忧伤之游戏。^p3501

2018.11.04^p3502

^p3503

ཉམས་མྱོང་རྒན་པོའི་འབེལ་གཏམ་ལས།^p3504

གཞོན་དུས་རྐང་ཞིག་འཛུག་ཐུབ་ན། །^p3505

རྒས་ཀྱང་ལག་ལེན་སླ་ཚོད་རེད། །^p3506

ཆོས་ཀྱི་གནད་ཅིག་གོ་བྱུང་ན། །^p3507

ཅི་བྱས་ཆོས་སུ་འགྲོ་ཚོད་རེད། །^p3508

ཅེས་གསུངས།^p3509

《经验老人漫谈》:^p3510

若年轻时打好佛法基础,^p3511

年迈时修行则很容易。^p3512

若懂得一切佛法要义,^p3513

所作则成为修行正法。^p3514

2018.11.05^p3515

^p3516

རྗེ་ཙོང་ཁ་བ་བློ་བཟང་གྲགས་པས།^p3517

མཛད་པ་ཀུན་ལས་གསུང་གི་ནི། །^p3518

མཛད་པ་མཆོག་ཡིན་དེ་ཡང་ནི། །^p3519

དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །^p3520

འདི་ལས་སངས་རྒྱས་རྗེས་དྲན་བྱོས། །^p3521

ཞེས་གསུངས།^p3522

宗喀巴大师:^p3523

您之一切事业中,语之事业最殊胜,^p3524

语之最即缘起故,智者依此随念佛。^p3525

2018.11.06^p3526

^p3527

དཔལ་སྤྲུལ་རིན་པོ་ཆེས།^p3528

རྒན་པོའི་སློབ་གཉེར་གཞོན་ནུའི་ཉམས་ལེན་འདི། །^p3529

བསྟན་དང་འགྲོ་བའི་དོན་དུ་འགྱུར་དཀའ་བས། །^p3530

ཞེས་གསུངས།^p3531

华智仁波切:^p3532

年老闻思年轻修行法,^p3533

难以成办弘法利生事。^p3534

2018.11.07^p3535

^p3536

རྟེན་འབྲེལ་བསྟོད་པ་ལས།^p3537

སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། །^p3538

ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །^p3539

འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །^p3540

ཕུལ་བྱུང་ལེགས་པར་ཁྱོད་མིན་གཞན་གྱིས་མིན། །^p3541

ཞེས་གསུངས།^p3542

《缘起赞》:^p3543

讲说之中缘起说,妙慧之中缘起慧,^p3544

犹如世间之君王,超胜绝伦唯您知。^p3545

2018.11.08^p3546

^p3547

སློབ་དཔོན་ཀླུ་སྒྲུབ་ཀྱིས།^p3548

རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །^p3549

གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །^p3550

གང་གིས་འདི་ཉིད་རྣམ་པར་མཐོང་བ་དེས། །^p3551

སངས་རྒྱས་དེ་ཉིད་རིག་པའི་རྣམ་མཆོག་མཐོང་། །^p3552

ཞེས་གསུངས།^p3553

龙猛菩萨:^p3554

缘起法是佛陀宣说的所有法藏中,^p3555

最甚深、最珍贵之法。^p3556

若见到缘起法,^p3557

就会以智慧的形相见到佛陀。^p3558

2018.11.09^p3559

^p3560

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p3561

ངེད་འདིར་ཚོགས་སྐལ་ལྡན་ཕོ་མོ་ཡི། །^p3562

ལུས་འདི་ལ་དགྲ་བླའི་དཔའ་རྫོང་ཆོས། །^p3563

ངག་མི་འགྱུར་བདེན་ཚིག་ནུས་པ་སྩོལ། །^p3564

སེམས་ཆོས་སྐུའི་རང་ཞལ་མངོན་སུམ་སྟོན། །^p3565

རྗེ་ཁྱེད་དང་དབྱེར་མེད་བྱིན་གྱིས་རློབས། །^p3566

ཞེས་གསུངས།^p3567

法王晋美彭措:^p3568

吾等男女有缘众,身堡聚诸护法神,^p3569

语得不变谛实力,心现见法身本面,^p3570

与您无别求加持。^p3571

2018.11.10^p3572

^p3573

ཚོམས་ལས།^p3574

སྔ་དྲོ་སྐྱེ་བོ་མང་མཐོང་བ། །^p3575

ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །^p3576

ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །^p3577

སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །^p3578

ཞེས་གསུངས།^p3579

《法集要颂经》:^p3580

上日见多人,下日有不见,^p3581

下日多见者,上日有不见。^p3582

2018.11.11^p3583

^p3584

སྒྱུ་འཕྲུལ་ལས།^p3585

སངས་རྒྱས་མྱ་ངན་ཡོངས་མི་འདའ། །^p3586

ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །^p3587

མ་རིག་སྨིན་མཛད་འདུལ་བའི་ཕྱིར། །^p3588

བྱུང་ནས་མྱ་ངན་འདའ་བར་སྟོན། །^p3589

ཞེས་གསུངས།^p3590

《幻化网续》:^p3591

佛陀不涅槃,佛法不隐没,^p3592

为调无明众,示现生灭相。^p3593

2018.11.12^p3594

^p3595

སློབ་དཔོན་རྟ་དབྱངས་ཀྱིས་ཀུན་རྫོབ་^p3596

བྱང་ཆུབ་སེམས་བསྒོམ་པ་ལས།^p3597

ཆོས་ཀུན་སྟོང་པ་ཉིད་རྟོགས་པས། །^p3598

འགྲོ་ལ་སྙིང་རྗེའི་ཆུ་རྒྱུན་འབྱུང་། །^p3599

ཐབས་མཁས་སྤྱོད་པ་མཐའ་ཡས་པ། །^p3600

ངེས་འབྱུང་མཆོག་གི་སྤྱོད་པ་ཡིན། །^p3601

ཞེས་གསུངས།^p3602

马鸣菩萨《修世俗菩提心论》:^p3603

由达诸法空,生悲众生流,^p3604

无边巧便行,是胜出离行。^p3605

2018.11.13^p3606

^p3607

མཛོད་ལས།^p3608

དམག་ལ་སོགས་པ་དོན་གཅིག་ཕྱིར། །^p3609

ཐམས་ཅད་བྱེད་པ་པོ་བཞིན་ལྡན། །^p3610

ཞེས་གསུངས།^p3611

《俱舍论》:^p3612

军兵等为同一事,一切人均如作者。^p3613

2018.11.14^p3614

^p3615

དམ་པ་གོང་མ་དག་གིས།^p3616

རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །^p3617

ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །^p3618

མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །^p3619

གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །^p3620

ཅེས་གསུངས།^p3621

古大德:^p3622

本传上师加持入心间,^p3623

诸天本尊摄受得悉地,^p3624

空行护法如影而随形,^p3625

成办一切所欲增吉祥。^p3626

2018.11.15^p3627

^p3628

མཁན་ཏེ་པ་རིན་པོ་ཆེས།^p3629

ས་གར་སོང་བདེ་བའི་རྐྱེན་དུ་སྣང་། །^p3630

མི་སུ་འཕྲད་མཐུན་པའི་བཤེས་དང་གཉེན། །^p3631

ཡུལ་གང་ཐོན་སྐྱིད་པའི་ཕ་ཡུལ་དངོས། །^p3632

དེ་སྐྱབས་གནས་བརྩན་པའི་ཐུགས་རྗེ་ལགས། །^p3633

ཞེས་གསུངས།^p3634

堪布德巴仁波切:^p3635

去于何处快乐因,见于何人善知识,^p3636

住于何处快乐乡,此乃三宝之加持。^p3637

2018.11.16^p3638

^p3639

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p3640

ཕྱི་ཡི་ཡུལ་རྫོང་དཀོན་མཆོག་སྐྱབས་སུ་བསྙེན། །^p3641

ནང་མཁར་རྫོང་དྲན་ཤེས་བག་ཡོད་བསྟེན། །^p3642

གསང་བའི་ཁྲབ་རྫོང་ཟང་ཐལ་རིག་སྟོང་བསྒོམ། །^p3643

རྫོང་གསུམ་འཛོམས་ལ་བདུད་སྡེས་གླག་མི་རྙེད། །^p3644

ཅེས་གསུངས།^p3645

法王晋美彭措:^p3646

祈祷皈依三宝外碉堡,^p3647

正知正念谨慎内碉堡,^p3648

修持通彻觉性密碉堡,^p3649

具三碉堡魔众不可害。^p3650

2018.11.17^p3651

^p3652

ཀུན་མཁྱེན་མི་ཕམ་པས།^p3653

ནམ་ཞིག་བཟང་ཤོང་ངན་ཤོང་བའི། །^p3654

མཐོང་རྒྱ་ཡངས་པོ་སྐྱེས་པ་ན། །^p3655

ད་གདོད་སྐྱེ་བོའི་གྲལ་དུ་ཚུད། །^p3656

དེ་ཕྱིར་མཐོང་རྒྱ་ཆེ་བ་གཙོ། །^p3657

ཞེས་གསུངས།^p3658

全知麦彭仁波切:^p3659

一旦胸怀极宽广,接受好坏诸事时,^p3660

方能位列正人中,是故广见极为要。^p3661

2018.11.18^p3662

^p3663

རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས།^p3664

སྔ་རབས་སྐྱེ་བོ་གྲངས་མེད་འདས་གྱུར་ཅིང་། །^p3665

ད་ལྟའི་ས་སྟེང་འགྲོ་བ་ཕལ་ཆེར་ཡང་། །^p3666

ལོ་བརྒྱའི་ནང་དུ་ངེས་པར་མི་རྟག་པ། །^p3667

མ་འོངས་རྣམས་ཀྱང་དེ་ཡི་རྗེས་སུ་འགྲོ། །^p3668

ཞེས་གསུངས།^p3669

《大圆满心性休息》:^p3670

先前无量人已逝,如今人间多数众,^p3671

百年之内定死亡,未来一切亦复然。^p3672

2018.11.19^p3673

^p3674

གཎྜིའི་མདོ་ལས།^p3675

དམ་ཆོས་བསྟན་པའི་དུས་བསྟན་ཕྱིར། །^p3676

རྔའམ་གཎྜི་བརྡུངས་བའི་སྒྲ། །^p3677

ཐོས་པས་བྱང་ཆུབ་འཐོབ་འགྱུར་ན། །^p3678

ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །^p3679

ཞེས་གསུངས།^p3680

《犍椎经》:^p3681

为示讲法时,击鼓敲犍椎,^p3682

闻声获解脱,何况去听闻?^p3683

2018.11.20^p3684

^p3685

རྗེ་བཙུན་མི་ལ་རས་པས་རས་ཆུང་པ་ལ་^p3686

འདས་རྗེས་བབས་པ་ལས།^p3687

བར་དབུས་གཙང་རུ་བཞིའི་ས་ཆ་ལ། །^p3688

ཆོས་ངེས་དོན་མི་འཚོལ་དྲང་དོན་འཚོལ། །^p3689

ངེས་དོན་འཚོལ་ཅིག་རས་ཆུང་པ། །^p3690

སྨད་མདོ་ཁམས་སྒང་དྲུག་ས་ཆ་ལ། །^p3691

ཆོས་མཁས་པ་མི་བྲིན་བླུན་པོ་བྲིན། །^p3692

ཆོས་མཁས་པ་བསྟེན་ཅིག་རས་ཆུང་པ། །^p3693

ཞེས་གསུངས།^p3694

米拉日巴赐予惹琼巴之遗言:^p3695

前后藏之四翼地,舍了义寻不了义,^p3696

请寻了义惹琼巴;多康六冈之地域,^p3697

不喜智者喜愚者,请依智者惹琼巴。^p3698

2018.11.21^p3699

^p3700

སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས།^p3701

གང་གིས་སྒོ་གསུམ་བཏུད་བྱས་ནས། །^p3702

རྒྱལ་བའི་སྐུ་ལ་ཕྱག་འཚལ་ན། །^p3703

དེ་ཡི་བསོད་ནམས་འཇིག་རྟེན་དུ། །^p3704

གཟུགས་ཅན་གྱུར་ན་ཤོང་མི་འགྱུར། །^p3705

ཞེས་གསུངས།^p3706

《幻化网续》:^p3707

何人敬三门,顶礼如来身,^p3708

福德若有形,世间不可容。^p3709

2018.11.22^p3710

^p3711

མགོན་པོ་ཀླུ་སྒྲུབ་ཀྱིས།^p3712

རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །^p3713

ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །^p3714

བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །^p3715

གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །^p3716

ཞེས་གསུངས།^p3717

龙猛菩萨:^p3718

若人山顶坠落,不欲亦会下堕,^p3719

恩师赐予传承,不欲亦得解脱。^p3720

2018.11.23^p3721

^p3722

ཀ་མ་བའི་ཞལ་ནས།^p3723

ད་ལྟ་འཆི་བས་འཇིགས་པ་ཞིག་དགོས།^p3724

འཆི་ཁར་མི་འཚེར་བ་ཞིག་དགོས་པ་ལ།^p3725

འོ་སྐོལ་དེ་ལས་ལྡོག་ནས་ད་ལྟ་མི་འཇིགས།^p3726

འཆི་ཁར་བྲང་ལ་སེན་མོ་འདེབས།^p3727

ཞེས་གསུངས།^p3728

噶玛瓦尊者:^p3729

现在须畏死,如此临终则无惧。^p3730

我等与此相反,现在无畏死,^p3731

至临终时,用手抓胸。^p3732

2018.11.24^p3733

^p3734

བླ་མ་ཨོ་རྒྱན་ཆེན་པོས།^p3735

ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །^p3736

བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །^p3737

ཅེས་གསུངས།^p3738

邬金莲师:^p3739

具有坚信得加持,若离疑心成所愿。^p3740

2018.11.25^p3741

^p3742

བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས།^p3743

ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །^p3744

རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །^p3745

དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །^p3746

བྱང་ཆུབ་མ་ཐོབ་བར་དུ་སྐམ་མི་འགྱུར། །^p3747

ཞེས་གསུངས།^p3748

《慧海请问经》:^p3749

水滴落入大海中,海未干涸其不尽,^p3750

回向菩提善亦然,未获菩提其不尽。^p3751

2018.11.26^p3752

^p3753

ཨོ་རྒྱན་ཆེན་པོས།^p3754

དད་མེད་བྲག་ཕུག་བྱང་བལྟས་ལྟ་བུ་ལ། །^p3755

ཐུགས་རྗེ་ཉི་མ་ནམ་ཡང་འཆར་དུས་མེད། །^p3756

ཅེས་གསུངས།^p3757

莲花生大士:^p3758

无信如朝北山洞,大悲日光无法入。^p3759

2018.11.27^p3760

^p3761

དཀོན་མཆོག་བརྩེགས་པ་ལས།^p3762

དད་པ་མེད་པའི་མི་རྣམས་ལ། །^p3763

དཀར་པོའི་ཆོས་ནི་མི་འབྱུང་སྟེ། །^p3764

ས་བོན་མེ་ཡིས་ཚིག་པ་ལ། །^p3765

མྱུ་གུ་སྔོན་མོ་ཇི་བཞིན་ནོ། །^p3766

ཞེས་གསུངས།^p3767

《大宝积经》:^p3768

若不信之人,不生诸白法,^p3769

犹如烧种子,不生根芽等。^p3770

2018.11.28^p3771

^p3772

ཀུན་མཁྱེན་འཇིགས་མེད་གླིང་པས།^p3773

རྟོགས་པ་དོན་གྱི་བརྒྱུད་པ་དང་ལྡན་པའི་བླ་མ་དམ་པ་^p3774

མཚན་ཉིད་དང་ལྡན་པ་ཞིག་དང་མཇལ། དེ་ལ་རྩེ་གཅིག་^p3775

གི་དད་འདུན་དྲག་པོས་ཡིད་ཁྱེད་ཤེས་ཀྱི་བློ་ཁེལ་གསོལ་བ་^p3776

འདེབས་ཤེས་ན་རྐྱེན་མོས་གུས་ཀྱིས་བྱས་ཏེ་བླ་མའི་རྟོགས་^p3777

པ་སློབ་མ་ལ་འཕོས་ནས་རང་བཞིན་བརྗོད་བྲལ་རྫོགས་པ་^p3778

ཆེན་པོའི་གནས་ལུགས་རྟོགས་པར་གསུངས།^p3779

全知智悲光尊者:^p3780

遇到几位具有法相和传承证悟的上师后,^p3781

若能对其以一心一意、身心交付的心来祈^p3782

祷,以此信心、恭敬的因缘,^p3783

上师的证悟会融入弟子相续,^p3784

令其证悟无言自性大圆满的实相。^p3785

2018.11.29^p3786

^p3787

རྗེ་མི་ལས།^p3788

རྗེ་ལ་གསོལ་བ་མི་འདེབས་པའི། །^p3789

མི་རྟོག་ཡེ་ཤེས་འདོད་པ་དེ། །^p3790

བྱང་བསྟན་ཕུག་པར་ཉི་སྒུག་འདྲ། །^p3791

སྣང་སེམས་འདྲེས་དུས་དེ་ལ་མེད། །^p3792

ཅེས་གསུངས།^p3793

米拉日把尊者:^p3794

不祈祷上师者,欲得无分别智,^p3795

如朝北洞待日,彼难与师相应。^p3796

2018.11.30^p3797

^p3798

སངས་རྒྱས་རྡོ་རྗེ་འཆང་གི་ཞལ་ནས།^p3799

ཉིན་བཞིན་བྲམ་ཟེ་གསོད་པ་དང་། །^p3800

མཚམས་མེད་ལྔ་པོ་བྱེད་པ་ཡང་། །^p3801

གདམས་པ་འདི་དང་འཕྲད་གྱུར་ན། །^p3802

གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །^p3803

ཅེས་གསུངས།^p3804

金刚持如来:^p3805

日日杀梵志,及造五无间,^p3806

若遇此教言,无疑得解脱。^p3807

2018.12.01^p3808

^p3809

སྐྱེ་མེད་རིན་པོ་ཆེའི་མཛོད་ལས།^p3810

གར་ཡང་མ་རྟོགས་ཅིར་ཡང་མ་བསམས་ཤིག །^p3811

བཅས་བཅོས་མ་བྱེད་རང་བཞིན་ལྷུག་བར་ཞོག །^p3812

མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །^p3813

དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །^p3814

ཞེས་གསུངས།^p3815

《无生宝藏》:^p3816

皆不分别无所思,莫改自性悠然住,^p3817

无改无生珍宝藏,三世诸佛之遗迹。^p3818

2018.12.02^p3819

^p3820

སྤྱོད་འཇུག་ལས།^p3821

གང་ཚེ་དངོས་དང་དངོས་མེད་དག །^p3822

བློ་ཡི་མདུན་ན་མི་གནས་པ། །^p3823

དེ་ཚེ་རྣམ་པ་གཞན་མེད་པས། །^p3824

དམིགས་པ་མེད་པ་རབ་ཏུ་ཞི། །^p3825

ཞེས་གསུངས།^p3826

《入行论》:^p3827

若实无实法,悉不住心前,^p3828

彼时无余相,无缘最寂灭。^p3829

2018.12.03^p3830

^p3831

སློབ་དཔོན་དབྱིག་གཉེན་གྱིས།^p3832

མཐོ་རིས་དོན་དུ་ཚུལ་ཁྲིམས་གཙོ། །^p3833

ཐར་བའི་དོན་དུ་བསྒོམ་གཙོ་ཕྱིར། །^p3834

ཞེས་གསུངས།^p3835

世亲论师:^p3836

为得善趣戒重要,^p3837

为离烦恼修重要。^p3838

2018.12.04^p3839

^p3840

རྗེ་བཙུན་མི་ལས།^p3841

ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །^p3842

ནམ་འཆི་ཆ་མེད་བསྒོམ་བསྒོམ་པས། །^p3843

འཆི་མེད་གཉུག་མའི་བཙན་ས་ཟིན། །^p3844

ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །^p3845

ཞེས་གསུངས།^p3846

米拉日巴尊者:^p3847

吾初畏死赴山中,数数观修死无定,^p3848

已获无死本坚地,此时远离死畏惧。^p3849

2018.12.05^p3850

^p3851

དཀོན་མཆོག་བརྩེགས་པ་ལས།^p3852

དགེ་བའི་ལས་ལས་བདེ་བ་རྣམས་འབྱུང་ཞིང་། །^p3853

སངས་རྒྱས་ཞིང་མང་མཐའ་ཡས་མཐོང་བར་འགྱུར། །^p3854

མི་དགེའི་ལས་ལས་སྡུག་བསྔལ་རྣམ་པར་འབྱུང་། །^p3855

ངན་སོང་ངན་འགྲོ་འབར་བའི་གནས་རྣམས་མྱོང་། །^p3856

ཞེས་གསུངས།^p3857

《大宝积经》:^p3858

由善业中生诸乐,见多无边佛刹土,^p3859

不善业中生痛苦,感受炽燃恶趣处。^p3860

2018.12.06^p3861

^p3862

ཏིང་ངེ་འཛིན་གྱི་རྒྱལ་པོ་ལས།^p3863

ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །^p3864

འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །^p3865

ཞེས་གསུངས།^p3866

《三摩地王经》:^p3867

造作积业永不无,轮回成熟黑白果。^p3868

2018.12.07^p3869

^p3870

ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས།^p3871

ཁམས་གསུམ་ཀུན་ལ་བདེ་སྐྱིད་པ། །^p3872

དེ་ཡང་དཀོན་མཆོག་གསུམ་ལས་བྱུང་། །^p3873

དེ་བས་བདེ་ཞིང་སྐྱིད་འདོད་པ། །^p3874

རྟག་ཏུ་དཀོན་མཆོག་མཆོད་པར་བྱ། །^p3875

ཞེས་གསུངས།^p3876

《地藏十轮经》:^p3877

三界诸快乐,皆由三宝生,^p3878

若欲快乐者,恒时供三宝。^p3879

2018.12.08^p3880

^p3881

མདོ་ལས།^p3882

སང་དང་འཇིག་རྟེན་ཕྱི་མ་གཉིས། །^p3883

སྔོན་དུ་གང་འོང་གཏོལ་མེད་པས། །^p3884

སང་གི་ཚིས་ལ་མ་འབད་པར། །^p3885

ཕྱི་མའི་དོན་ལ་འབད་པར་རིགས། །^p3886

ཞེས་གསུངས།^p3887

佛经:^p3888

明日与后世,不知何先至,^p3889

不为明日勤,精进于后世。^p3890

2018.12.09^p3891

^p3892

ཉི་མའི་སྙིང་པོའི་མདོ་ལས།^p3893

སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །^p3894

བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །^p3895

ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །^p3896

དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །^p3897

ཞེས་གསུངས།^p3898

《日藏经》:^p3899

有情谁人皈依佛,俱胝魔众不能害,^p3900

纵破戒律心散乱,彼亦定能趋涅槃。^p3901

2018.12.10^p3902

^p3903

འཕགས་པ་དཀོན་མཆོག་བརྩེགས་པ་ལས།^p3904

སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ།^p3905

ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་^p3906

དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་^p3907

བསམ་གྱིས་མི་ཁྱབ་པ་ཞེས་གསུངས།^p3908

《大宝积经》:^p3909

心、意、识皆远离,^p3910

等持之处亦不舍,^p3911

此乃一切如来不可思议之密意。^p3912

2018.12.11^p3913

^p3914

ཟ་མ་ཏོག་བཀོད་པའི་མདོ་ལས།^p3915

མདོ་སྡེ་ཟ་མ་ཏོག་བཀོད་པ་འདི་ཐོས་པའི་སེམས་ཅན་^p3916

དེ་དག་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་^p3917

པདྨ་ལ་བརྫུས་ཏེ་སྐྱེས་ནས་དེ་བཞིན་གཤེགས་པ་དགྲ་^p3918

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་^p3919

མཐའ་ཡས་ལས་ཆོས་ཉན་པར་འགྱུར་རོ། །^p3920

ཞེས་གསུངས།^p3921

《大乘庄严宝王经》:^p3922

若众生闻此《庄严宝王经》,^p3923

则能于西方极乐世界中莲花化生,^p3924

在如来正等觉阿弥陀佛前听闻正法。^p3925

2018.12.12^p3926

^p3927

དཔལ་ས་ར་ཧ་པའི་ཞལ་ནས།^p3928

སྙིང་རྗེ་དང་བྲལ་སྟོང་པ་ཉིད་གང་ཞིག །^p3929

དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །^p3930

འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །^p3931

འཁོར་བ་འདིར་གནས་ཐར་བ་ཐོབ་མི་འགྱུར། །^p3932

ཞེས་གསུངས།^p3933

吉祥萨绕哈巴:^p3934

远离大悲入空性,依彼不得殊胜道,^p3935

倘若唯一修大悲,住此轮回不解脱。^p3936

2018.12.13^p3937

^p3938

མདོ་ལས།^p3939

བསྐལ་པ་བྱེ་བ་གང་གའི་བྱེ་སྙེད་དུ། །^p3940

གང་དག་མི་བརྟན་བསམ་གཏན་བསྒོམ་པ་བས། །^p3941

གང་ཞིག་འདི་ལས་ཚིག་བཅད་འགའ་ལུང་མནོས། །^p3942

དེ་ཡི་བསོད་ནམས་ཚད་བཟུང་མི་སླའོ། །^p3943

ཞེས་གསུངས།^p3944

佛经:^p3945

何人俱胝恒河沙劫,^p3946

修持不定诸禅定,^p3947

不如受一偈传承,^p3948

彼之功德更超胜。^p3949

2018.12.14^p3950

^p3951

ཡོན་ཏན་མཛོད་ལས།^p3952

མཛད་སྤྱོད་གང་ཡང་ལོག་པར་མི་བལྟ་སྟེ། །^p3953

འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །^p3954

གདོལ་བ་གཡུང་པོ་སྡིག་སྤྱོད་ཕལ་བའི་ཚུལ། །^p3955

ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་ཡོད། །^p3956

ཅེས་གསུངས།^p3957

《功德藏》:^p3958

何行皆莫起邪见,印度多数自在者,^p3959

现贱屠夫恶人相,乃至极其低劣身。^p3960

2018.12.15^p3961

^p3962

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས།^p3963

མི་གཙང་ཕུང་པོ་ལྟ་བུའི་བླ་མ་ནི། །^p3964

གདུལ་བྱའི་བུང་བ་མང་ཡང་རིང་དུ་སྤང་། །^p3965

དད་ལྡན་ལོག་ལམ་ངན་འགྲོར་འཁྲིད་པས་ན། །^p3966

ཐར་ལམ་འདོད་པས་ནམ་ཡང་བསྟེན་མི་བྱ། །^p3967

ཞེས་གསུངས།^p3968

全知龙钦巴:^p3969

如不净堆之上师,所化蛆眷多亦弃,^p3970

引信士入歧恶道,欲解脱者永莫依。^p3971

2018.12.16^p3972

^p3973

རྗེ་རེ་མདའ་བ་ཆེན་པོའི་ཞལ་ནས།^p3974

ཕྱོགས་བཅུར་བཞུགས་པའི་རྒྱལ་དང་དེའི་སྲས་རྣམས། །^p3975

བདག་གི་མདུན་མཁར་མངོན་སུམ་བྱོན་ནས་ནི། །^p3976

འདི་ལས་གཞན་པའི་ཐར་བའི་ལམ་བསྟན་ཀྱང་། །^p3977

བདག་བློ་གཡོ་བ་མེད་དོ་གྲོགས་པོ་དག །^p3978

ཅེས་གསུངས།^p3979

任达瓦大师:^p3980

十方诸佛与菩萨,亲住于我前虚空,^p3981

此外宣说解脱道,我心无动诸朋友。^p3982

2018.12.17^p3983

^p3984

བཀའ་གདམས་ཕ་ཆོས་ལས།^p3985

དེ་ཡི་བསྟན་པའི་མཇུག་མ་ལ། །^p3986

བསམ་གཏན་ཆགས་སྡང་དག་གིས་ཁྱེར། །^p3987

འདོད་ཡོན་བདུད་ཀྱི་གཡམ་མོ་འབྱུང་། །^p3988

ཞེས་གསུངས།^p3989

《噶单父法录》:^p3990

彼至佛法末期时,^p3991

禅定为贪嗔所扰,^p3992

欲妙财魔频招手。^p3993

2018.12.18^p3994

^p3995

སོ་སོར་ཐར་བའི་མདོ་ལས།^p3996

སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །^p3997

འཇིག་རྟེན་དག་ན་རབ་ཏུ་དཀོན། །^p3998

མི་ཉིད་རྙེད་པ་ཤིན་ཏུ་དཀའ། །^p3999

རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །^p4000

དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །^p4001

ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །^p4002

ཞེས་གསུངས།^p4003

《别解脱经》:^p4004

如来之名号,世间极罕见,^p4005

人身极难得,出家亦为难,^p4006

如是出家众,净戒更为难。^p4007

2018.12.19^p4008

^p4009

ཀུན་མཁྱེན་ཀློང་ཆེན་པས།^p4010

གང་ཡིན་ཅི་ཡིན་འདི་ཡིན་གཏད་སོ་མེད། །^p4011

ཁྱེད་ཅག་ཅི་བྱ་ང་ནི་གང་ན་འདུག །^p4012

སྔར་ཤུལ་ད་མེད་འདི་ལ་སུས་ཅི་བྱ། །^p4013

ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ། །^p4014

ཞེས་གསུངས།^p4015

全知龙钦巴:^p4016

无有此彼指定处,汝等何为我居何?^p4017

遗迹今无此何为?哈哈稀有真可笑!^p4018

2018.12.20^p4019

^p4020

གྲུབ་ཆེན་ས་ར་ཧ་པས།^p4021

ང་ཡིས་རྩེད་མོ་བྱས་པ་ལ། །^p4022

བྱིས་པ་རྣམས་ནི་ཨ་ཐང་ཆད། །^p4023

ཅེས་གསུངས།^p4024

大成就者萨绕哈巴:^p4025

我所作游戏,凡愚真疲惫。^p4026

2018.12.21^p4027

^p4028

དགེ་སློང་ལ་གཅེས་པའི་མདོ་ལས།^p4029

ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །^p4030

ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་རྒྱུ། །^p4031

ཚུལ་ཁྲིམས་ལྡན་པ་བདེ་བའི་མཆོག །^p4032

ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །^p4033

ཞེས་གསུངས།^p4034

《教诫比丘经》:^p4035

有者戒律为快乐,有者戒律痛苦因,^p4036

具足戒律胜安乐,毁坏戒律乃痛苦。^p4037

2018.12.22^p4038

^p4039

མི་རྟག་པའི་མདོ་ལས།^p4040

ཀྱེ་མ་འདུ་བྱེད་རྣམས་མི་རྟག །^p4041

སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །^p4042

སྐྱེ་ནས་འཇིག་པར་འགྱུར་བ་སྟེ། །^p4043

དེ་བས་ཉེ་བར་ཞི་བ་བདེ། །^p4044

ཞེས་གསུངས།^p4045

《无常经》:^p4046

呜呼诸法皆无常,生而毁灭之自性,^p4047

生之当下即为灭,是故寂灭得安乐。^p4048

2018.12.23^p4049

^p4050

དགེ་སློང་ལ་གཅེས་པའི་མདོ་ལས།^p4051

ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །^p4052

ཚུལ་ཁྲིམས་འདི་ནི་ཐར་པའི་ལམ། །^p4053

ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་། །^p4054

ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །^p4055

ཚུལ་ཁྲིམས་འདི་ནི་རབ་མཆོག་ཡིན། །^p4056

མིག་གི་འབྲས་བུ་བཞིན་དུ་སྲུངས། །^p4057

སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི། །^p4058

གཏོང་བ་མི་མཁས་བླུན་པོ་ཡིན། །^p4059

ཞེས་གསུངས།^p4060

《教诫比丘经》:^p4061

此戒律乃胜安乐,此戒律乃解脱道,^p4062

此戒律乃功德田,此戒律乃成佛因,^p4063

此戒律乃最殊胜,故当护持如眼目,^p4064

纵遇命难不舍戒,若舍则为极愚痴。^p4065

2018.12.24^p4066

^p4067

བློ་སྦྱོང་མཚོན་ཆ་འཁོར་ལོ་ལས།^p4068

ཨེ་མ་མ་བརྟགས་གཅིག་པུར་ཉམས་དགའ་བའི། །^p4069

སྣང་བ་འདི་ལ་སྙིང་པོ་མ་མཆིས་མོད། །^p4070

འོན་ཀྱང་ཡོད་པ་ལྟ་བུར་སྣང་བ་ཡི། །^p4071

ཆོས་འདི་ཟབ་སྟེ་དམན་པས་རྟོགས་པར་དཀའ། །^p4072

ཞེས་གསུངས།^p4073

《修行利刃轮》:^p4074

奇哉未择似欢喜,此种显现无实质,^p4075

然而显现似存在,此法甚深劣难见。^p4076

2018.12.25^p4077

^p4078

རྒྱལ་སྲས་ཞི་བ་ལྷས།^p4079

དེ་ལྟར་སྟོང་པའི་དངོས་རྣམས་ལ། །^p4080

ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །^p4081

གང་གིས་རིམ་གྲོ་བྱས་པའམ། །^p4082

ཡོངས་སུ་བརྙས་པའང་ཅི་ཞིག་ཡོད། །^p4083

བདེའམ་སྡུག་བསྔལ་གང་ལས་ཡིན། །^p4084

མི་དགར་ཅི་ཡོད་དགར་ཅི་ཡོད། །^p4085

ཅེས་གསུངས།^p4086

寂天菩萨:^p4087

故于诸空法,何有得与失?^p4088

谁人恭敬我?谁复轻蔑我?^p4089

苦乐由何生?何足忧与喜?^p4090

2018.12.26^p4091

^p4092

རྩོད་བཟློག་ལས།^p4093

གལ་ཏེ་ངས་དམ་བཅས་འགའ་ཡོད། །^p4094

དེས་ན་ང་ལ་སྐྱོན་འདི་ཡོད། །^p4095

ང་ལ་དམ་བཅའ་མེད་པས་ན། །^p4096

ང་ནི་སྐྱོན་མེད་ཁོ་ན་ཡིན། །^p4097

ཞེས་གསུངས།^p4098

《回诤论》:^p4099

若我有少宗,则我有彼过,^p4100

我无立宗故,唯我为无过。^p4101

2018.12.27^p4102

^p4103

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས།^p4104

རྣམ་རྟོག་སྐྱེས་ཚེ་གཅེར་གྱིས་ལྟ་བ་གཅེས། །^p4105

སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །^p4106

སྒོམ་དུ་མེད་པ་སྒོམ་དུ་བཞག་པ་གཅེས། །^p4107

ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །^p4108

ཞེས་གསུངས།^p4109

全知龙钦绕降:^p4110

心生分别之时直视要,^p4111

已得定解之时安住要,^p4112

修行安住无修是为要,^p4113

修习无散即是吾忠告。^p4114

2018.12.28^p4115

^p4116

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p4117

བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །^p4118

བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །^p4119

བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་། །^p4120

བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག །^p4121

ཅེས་གསུངས།^p4122

法王晋美彭措:^p4123

愿我生生世世中,上师本尊予摄受,^p4124

自在如海三学德,弘法利生任运成。^p4125

2018.12.29^p4126

^p4127

རྒྱ་ཆེར་རོལ་པ་ལས།^p4128

ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །^p4129

བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། །^p4130

བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །^p4131

མི་སྨྲ་ནགས་འདབས་གནས་པར་བྱ་བ་སྙམ། །^p4132

ཞེས་གསུངས།^p4133

《广大游舞经》:^p4134

深寂离戏光明无为法,^p4135

犹如甘露此法我已得,^p4136

纵为谁说亦不能了知,^p4137

是故默然安住于林间。^p4138

2018.12.30^p4139

^p4140

གྲུབ་ཆེན་ས་ར་ཧ་པས།^p4141

བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །^p4142

བསམ་མེད་བུ་ཆུང་ཚུལ་དུ་གནས་བྱ་ཞིང་། །^p4143

བླ་མའི་གསུང་ལ་བསྒྲིམས་ཏེ་རབ་འབད་ན། །^p4144

ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །^p4145

ཅེས་གསུངས།^p4146

大成就者萨绕哈:^p4147

思维所思皆远离,无思安住如婴孩。^p4148

专心精勤师教言,无疑生起俱生智。^p4149

2018.12.31^p4150

^p4151

རིགས་པ་དྲུག་ཅུ་པ་ལས།^p4152

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །^p4153

བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །^p4154

བསོད་ནམས་ཡེ་ཤེས་ལས་བྱུང་བའི། །^p4155

དམ་པ་གཉིས་ནི་ཐོབ་པར་ཤོག །^p4156

ཅེས་གསུངས།^p4157

《六十正理论》:^p4158

此善愿诸众,积累福慧资,^p4159

福慧资所生,获得二身果。^p4160

^p4161

ངས་ལོ་གཅིག་གི་རིང་ཉིན་རེར་ལུང་ཚིག་རེ་བར་མ་ཆད་^p4162

པར་ཕུལ་བར་ཉིད་ཀྱིས་དེ་ལྟར་གཟིགས་ཡོད་དམ།^p4163

在这一年当中,我每天都发一条佛典偈颂, 并翻译成汉文提供给大家,从未间断。^p4164

不知道你看了吗?^p4165

2019.01.01^p4166

^p4167

སློབ་དཔོན་ཀླུ་སྒྲུབ་ཀྱི་ལྟུང་བཤགས་འགྲེལ་བ་ལས།^p4168

ལྟ་བ་ཐམས་ཅད་སེལ་མཛད་ཅིང་། །^p4169

ཡང་དག་ལམ་ནི་སྟོན་པ་པོ། །^p4170

སེང་གེ་ལྟ་བུའི་བདུད་འཇོམས་པའི། །^p4171

གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས།^p4172

龙猛菩萨《三十五佛忏悔文释》:^p4173

悉断一切见,引导正道者,^p4174

摧魔如狮子,瞿昙尊前礼。^p4175

2019.01.02^p4176

^p4177

སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ཤེས་རབ་འཇུག་པ་ལས།^p4178

གཡེང་བ་ཐམས་ཅད་སྤངས་ནས་ནི། །^p4179

བསྒྲུབ་པ་ལ་ནི་བརྩོན་པར་བྱ། །^p4180

བདག་གིས་འདི་བྱས་བསོད་ནམས་ཀྱིས། །^p4181

སེམས་ཅན་ཐམས་ཅད་གྲོལ་གྱུར་ཅིག །ཅེས་གསུངས།^p4182

月称论师《入中观智慧论》:^p4183

断除诸散乱,精勤修正法,^p4184

吾以此福德,愿众生解脱。^p4185

2019.01.03^p4186

^p4187

མདོ་སྡེ་རྒྱན་ལས།^p4188

རྟོག་གེས་རྟེན་ཅིང་མ་ངེས་ལ། །^p4189

མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །^p4190

བྱིས་པ་ལ་ནི་བརྟེན་པར་བརྗོད། །^p4191

དེ་ཕྱིར་དེ་ཉིད་དེ་ཡུལ་མིན། །ཞེས་གསུངས།^p4192

《大乘经庄严论》:^p4193

寻思依不定,不遍俗弱者,^p4194

凡夫许所依,故彼非彼境。^p4195

2019.01.04^p4196

^p4197

རིགས་པ་དྲུག་ཅུ་པ་ལས།^p4198

གང་དག་བརྟེན་ནས་དངོས་པོ་རྣམས། །^p4199

ཆུ་ཡི་ཟླ་བ་ལྟ་བུར་ནི། །^p4200

ཡང་དག་མ་ཡིན་ལོག་མ་ཡིན། །^p4201

འདོད་པ་དེ་དག་ལྟས་མི་འཕྲོག །ཅེས་གསུངས།^p4202

《六十正理论》:^p4203

若有许缘起,诸法如水月,^p4204

非真非颠倒,彼非见能夺。^p4205

2019.01.05^p4206

^p4207

མངོན་པ་མཛོད་ལས།^p4208

ཕྲ་རྒྱས་སྤང་བ་མ་ཡིན་དང་། །^p4209

ཡུལ་ནི་ཉེ་བར་གྱུར་བ་དང་། །^p4210

ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །^p4211

ཉོན་མོངས་སྐྱེ་བར་འགྱུར་བ་ཡིན། །ཞེས་གསུངས།^p4212

《俱舍论》:^p4213

尚未断随眠,亲近宜对境,^p4214

非理作意中,生出诸烦恼。^p4215

2019.01.06^p4216

^p4217

དྲན་པ་ཉེར་བཞག་ལས།^p4218

ཐོས་པ་མང་དང་ཆོས་འཛིན་དང་། །^p4219

ཤེས་རབ་ལྡན་ཞིང་ཐར་འདོད་པ། །^p4220

ཡོན་ཏན་རྣམས་ལ་དགའ་བའི་མི། །^p4221

དེ་རྣམས་དགའ་ལྡན་ཉེ་བར་འགྲོ། །ཞེས་གསུངས།^p4222

《正法念处经》:^p4223

多闻知正法,具慧求解脱,^p4224

欣求功德者,往生兜率刹。^p4225

2019.01.07^p4226

^p4227

དགོངས་པ་ངེས་པར་འགྲེལ་བ་ལས།^p4228

འདུ་བྱེད་ཁམས་དང་དོན་དམ་དེ་བཞིན་ཉིད། །^p4229

གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །^p4230

གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །^p4231

དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས།^p4232

《解深密经》:^p4233

胜义世俗谛,远离一异相,^p4234

分别一异者,此人入邪见。^p4235

2019.01.08^p4236

^p4237

སློབ་དཔོན་ཀླུ་སྒྲུབ་ཀྱིས།^p4238

སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །^p4239

གང་ཞིག་ལན་འདེབས་སྨྲ་བྱེད་པ། །^p4240

དེ་ཡི་ཐམས་ཅད་ལན་བཏབ་མིན། །^p4241

བསྒྲུབ་པར་བྱ་དང་མཚུངས་ཕྱིར་རོ། །ཞེས་གསུངས།^p4242

龙猛菩萨:^p4243

以空辩论时,若人欲答辩,^p4244

是则不成答,俱同所立故。^p4245

2019.01.09^p4246

^p4247

འཕགས་པ་བྱམས་པ་མགོན་པོས།^p4248

སྐྱེ་བ་མངོན་པར་སྐྱེ་བ་དང་། །^p4249

དགའ་ལྡན་གནས་ནས་འཕོ་བ་དང་། །^p4250

ལྷུམས་སུ་འཇུག་དང་བལྟམས་པ་དང་། །^p4251

བཟོ་ཡི་གནས་ལ་མཁས་པ་དང་། །^p4252

བཙུན་མོའི་འཁོར་དགྱེས་རོལ་པ་དང་། །^p4253

ངེས་འབྱུང་དཀའ་བ་སྤྱོད་པ་དང་། །^p4254

བྱང་ཆུབ་སྙིང་པོར་གཤེགས་པ་དང་། །^p4255

བདུད་སྡེ་འཇོམས་དང་རྫོགས་པར་ནི། །^p4256

བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །^p4257

མྱ་ངན་འདས་པར་གཤེགས་མཛོད་རྣམས། །^p4258

ཡོངས་སུ་མ་དག་ཞིང་རྣམས་སུ། །^p4259

སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་སོ། །^p4260

2019.01.09^p4261

^p4262

弥勒菩萨:^p4263

真实而投生,从兜率天降,^p4264

入胎及诞生,精通工巧明,^p4265

嬉享妃眷属,出家与苦行,^p4266

趋至菩提树,降魔圆正觉,^p4267

转大妙法轮,示现涅槃相,^p4268

于诸不净刹,有间示安住。^p4269

2019.01.10^p4270

^p4271

སྤྱོད་འཇུག་ལས།^p4272

ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །^p4273

མུན་པའི་གཉེན་པོ་སྟོང་པ་ཉིད། །^p4274

མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །^p4275

སྟོང་པ་ཉིད་ནི་ཅིས་མི་བསྒོམ། །ཞེས་གསུངས།^p4276

《入行论》^p4277

空性能对治,烦恼所知障,^p4278

欲速成佛者,何不修空性?^p4279

2019.01.11^p4280

^p4281

གླ་རུ་ལུང་བསྟན་གྱི་མདོ་ལས།^p4282

ཇི་སྲིད་དེ་བཞིན་གཤེགས་པའི་གཟུགས་བརྙན་ཕྱོགས་ཕྱོགས་ན་^p4283

བཞུགས་པ་དེ་དག་མཆོད་གནས་སུ་བྱེད་པ་དེ་སྲིད་དུ་ཡུལ་འདི་^p4284

བརླག་པར་མི་འགྱུར་རོ། །ཡུལ་འདི་ནས་སྐྱེས་པའི་མིའམ་ཡུལ་གཞན་^p4285

ནས་སྐྱེས་པའི་མི་ལ་ལ་ཞིག་དེ་བཞིན་གཤེགས་པའི་གཟུགས་བརྙན་^p4286

འདི་དག་ལ་སྙིང་ཐག་པ་ནས་དད་པ་དང་གུས་པ་དང་རབ་ཏུ་དང་^p4287

བར་བྱེད་ཅིང་། འདི་སྙམ་དུ་དེ་བཞིན་གཤེགས་པའི་གཟུགས་བརྙན་^p4288

འདི་དག་ནི་ཡུལ་འདི་བསྲུང་བའི་སླད་དུ་གཤེགས་སོ་སྙམ་དུ་ཡང་^p4289

སེམས་ན། གཟུགས་བརྙན་དེ་དག་ཡང་སངས་རྒྱས་བཞུགས་པ་^p4290

བཞིན་དུ་དོན་མཛད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་^p4291

བརྙན་དེ་དག་ང་དང་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཐམས་^p4292

ཅད་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ། །ཞེས་གསུངས།^p4293

2019.01.11^p4294

^p4295

《朗日山大乘授记经》:^p4296

若在具足佛像的地方,此地不会受到损害。^p4297

在当地或其他地方出生的人,^p4298

若能对佛像真诚产生信心、恭敬心、^p4299

清净心,并认为佛像亲临此地保护自己,^p4300

则彼佛像犹如佛陀真实住世一样可以饶益他们。^p4301

为什么呢?^p4302

我(释迦牟尼佛)与三世佛对此佛像皆予以加持之故。^p4303

2019.01.12^p4304

^p4305

མདོ་སྡེ་ཟ་མ་ཏོག་བཀོད་པ་ལས།^p4306

རིགས་ཀྱི་བུ། ངས་རྡུལ་ཕྲ་རབ་ཀྱི་ཚད་ནི་བཟུང་བར་ནུས་ཀྱི། རིགས་ཀྱི་བུ། ཡི་གེ་དྲུག་པའི་རིག་པ་ཆེན་མོ་ལན་གཅིག་བཟློས་^p4307

པའི་བསོད་ནམས་ཀྱི་ཕུང་པོ་ནི་བགྲང་མི་ནུས་སོ། །^p4308

ཞེས་གསུངས།^p4309

《大乘庄严宝王经》:^p4310

佛告善男子,微尘之数可衡量,^p4311

诵一遍六字大明咒的福德不可量。^p4312

2019.01.13^p4313

^p4314

བླ་མ་རིན་པོ་ཆེ་མི་ཕམ་གྱིས།^p4315

གང་ཤར་ཁྲེགས་ཆོད་ཀྱི་ཤེས་རབ་རལ་གྲི། །^p4316

ཐད་ཀ་ཁོལ་བྱུང་གི་སེམས་ལ་བཏབ་པས། །^p4317

དེ་ཡིན་འདི་མིན་གྱི་ངོས་བཟུང་བྲལ་ཙམ། །^p4318

ངོ་བོ་བསྐྱང་རྒྱུ་དེ་ཨེ་ཡིན་སྙམ་མོ། །ཞེས་གསུངས།^p4319

麦彭仁波切:^p4320

以显现直断的智慧宝剑,^p4321

直接斩断涌现的妄念,^p4322

远离此是彼非的分别,^p4323

这难道不是所守护的本心吗?^p4324

2019.01.14^p4325

^p4326

ཞབས་དཀར་པས།^p4327

རྣམ་རྟོག་སྤྲིན་ཕུང་དྭངས་སུ་གཅུག །^p4328

སེམས་ཀྱི་ནམ་མཁར་ཧྲིག་གེར་བལྟ། །^p4329

ཉམས་ཀྱི་འཇའ་ཚོན་ཅི་ཤར་ཡང་། །^p4330

དེ་ལ་ཆེད་འཛིན་མེད་པར་བཞག །ཅེས་གསུངས།^p4331

夏嘎巴尊者:^p4332

散开妄念云,直视心虚空,^p4333

于觉受彩虹,不执而安住。^p4334

2019.01.15^p4335

^p4336

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་^p4337

འཇིགས་མེད་ཕུན་ཚོགས་ཀྱིས།^p4338

ཁོ་བོའི་འཕྲིན་འདི་རིས་མེད་བསྟན་འཛིན་གྱི། །^p4339

སྙན་དུ་ཞུས་ལ་ཐུགས་ཀྱིས་དགོངས་ཞེས་གསོལ། །^p4340

རྒྱལ་བསྟན་ཉི་མ་ཆུ་ལྷའི་ཕྱོགས་དང་ཉེ། །^p4341

སྙིགས་ལྔའི་གྲིབ་མ་ལྷག་པར་བདོ་སྐབས་སུ། །^p4342

མི་ཆེན་རྒྱལ་པོའི་ལད་མོ་མི་མཛད་པར། །^p4343

ནང་དུ་མཉམ་པར་འཇོག་པའི་རང་དོན་དང་། །^p4344

གཡོ་སྒྱུ་མེད་པའི་གཞན་ཕན་བསམ་སྤྱོད་གཉིས། །^p4345

ཟུང་དུ་འབྲེལ་བས་བསྟན་ལ་གཅེས་འཛིན་མཛོད། །^p4346

ཅེས་གསུངས།^p4347

2019.01.15^p4348

^p4349

法王如意宝晋美彭措:^p4350

请于无偏持教大德前,^p4351

为我捎此口信,祈请予以关注:^p4352

如今佛法日轮已近西山,^p4353

五浊的阴影四起之时,^p4354

不应效仿大人物和君王的行为,^p4355

而应以内观禅修的自利心行、^p4356

无谄无曲的利他心行,^p4357

来护持如来教法。^p4358

2019.01.16^p4359

^p4360

བླ་མ་ཨོ་རྒྱན་ཆེན་པོས།^p4361

ད་ལྟའི་ཤེས་རིག་མ་འགགས་ས་ལེ་བ། །^p4362

ཀུན་བཟང་གདོད་མའི་མགོན་པོ་དེ་ཀའོ། །ཞེས་གསུངས།^p4363

上师莲花生大士:^p4364

当下不灭明了之此心,^p4365

乃为本来怙主普贤王。^p4366

2019.01.17^p4367

^p4368

མི་ཕམ་རིན་པོ་ཆེས།^p4369

ཕར་བལྟས་རྒྱང་གི་ཆོས་བརྒྱ་ལས། །^p4370

ཚུར་བལྟས་སེམས་ཀྱི་ཆོས་གཅིག་ཆོག །^p4371

ཕར་ལ་བལྟ་བའི་གཅེས་ཕྲུག་པོ། །^p4372

དེ་རིང་ཚུར་ལ་བལྟ་བར་རིགས། །ཞེས་གསུངས།^p4373

麦彭仁波切:^p4374

外观远方诸百法,不如内观一心胜。^p4375

迷恋外境之顽心,今日理当往内观。^p4376

2019.01.18^p4377

^p4378

ངེས་ཤེས་རིན་པོ་ཆེ་སྒྲོན་མེ་ལས།^p4379

དེ་ཚེ་ཐད་ཀའི་ནམ་མཁའ་ལ། །^p4380

བལྟས་པ་བཞིན་དུ་རང་གི་སེམས། །^p4381

འགྱུ་བཞིན་པ་ལ་སྟོང་པ་ཉིད། །^p4382

ངེས་ཤེས་ཁོ་ཐག་ཆོད་པ་དགོས། །ཞེས་གསུངས།^p4383

《定解宝灯论》:^p4384

尔时如视前虚空,自心正在动念时,^p4385

亦为空性之定解,必须深深而生起。^p4386

2019.01.19^p4387

^p4388

སློབ་དཔོན་འཕགས་པ་ལྷས།^p4389

མདོར་ན་ཆོས་ནི་མི་འཚེ་བ། །^p4390

དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །^p4391

སྟོང་ཉིད་མྱ་ངན་འདས་པ་སྟེ། །^p4392

འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་གསུངས།^p4393

圣天论师:^p4394

如来所说法,略言唯二种,^p4395

不害生人天,观空证涅槃。^p4396

2019.01.20^p4397

^p4398

ཡུམ་ལས།^p4399

མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །^p4400

དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས།^p4401

《般若经》:^p4402

众生依于地,地依于水,^p4403

水依于风,风依于虚空。^p4404

2019.01.21^p4405

^p4406

རྗེ་བཙུན་བྱམས་པ་མགོན་པོས།^p4407

སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །^p4408

དེ་ནི་ནམ་མཁའ་བཞིན་དུ་འགྱུར་བ་མེད། །^p4409

ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །^p4410

གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས།^p4411

至尊弥勒菩萨:^p4412

心自性光明,无变如虚空,^p4413

邪念生贪等,客尘不染彼。^p4414

2019.01.22^p4415

^p4416

རྒྱུད་བླ་མ་ལས།^p4417

རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །^p4418

དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །^p4419

རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །^p4420

རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས།^p4421

《宝性论》:^p4422

佛身普现故,真如无别故,^p4423

具种故众生,恒具如来藏。^p4424

2019.01.23^p4425

^p4426

བསླབ་བཏུས་ལས།^p4427

དུས་ངན་དེ་ཚེ་བདག་ཅག་རྣམས། །^p4428

སེམས་ཅན་དག་ལ་ཕན་སླད་དུ། །^p4429

ལུས་དང་སྲོག་ཀྱང་རབ་བཏང་སྟེ། །^p4430

དམ་པའི་ཆོས་ནི་གཟུང་བར་བགྱི། །ཞེས་གསུངས།^p4431

《大乘集菩萨学论》:^p4432

当来恶世时,宁丧于身命,^p4433

护持正法故,作众生利益。^p4434

2019.01.24^p4435

^p4436

ཟླ་བ་སྒྲོན་མེའི་མདོ་ལས།^p4437

བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །^p4438

སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་ལ། །^p4439

གདུགས་དང་བ་དན་མར་མེའི་ཕྲེང་བ་དང་། །^p4440

ཟས་དང་སྐོམ་གྱིས་དད་སེམས་མཆོད་བྱས་པས། །^p4441

གང་གིས་དམ་པའི་ཆོས་འདི་འཇིག་པའི་ཚེ། །^p4442

བདེ་བར་གཤེགས་པའི་བསྟན་པ་འགག་པ་ན། །^p4443

ཉིན་ཞག་དུས་ནི་བསླབ་པ་གཅིག་བཟུང་བ། །^p4444

དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་གསུངས།^p4445

《月灯三昧经》:^p4446

若于河沙多亿劫,供养百亿那由佛,^p4447

清净信心施肴膳,亦施灯鬘及幡盖。^p4448

若于正法衰末世,如是佛法欲灭时,^p4449

于一日夜学是行,比前福报胜于彼。^p4450

2019.01.25^p4451

^p4452

སོ་སོར་ཐར་བའི་མདོ་ལས།^p4453

བསྐལ་པ་བྱེ་བ་རྣམས་སུ་ཡང་། །^p4454

སོ་སོར་ཐར་པ་ཐོས་པ་དང་། །^p4455

གཟུང་དང་འཛིན་པ་རྙེད་དཀའ་སྟེ། །^p4456

སྒྲུབ་པར་བྱེད་པ་ཤིན་ཏུ་དཀོན། །ཞེས་གསུངས།^p4457

《别解脱戒经》:^p4458

若于俱胝劫,听闻并受持,^p4459

讽诵及修行,戒律极难得。^p4460

2019.01.26^p4461

^p4462

ཚིག་གསལ་དུ་དྲངས་བའི་མདོ་ལས།^p4463

སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །^p4464

མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །^p4465

འོང་བ་མེད་ཅིང་འདི་ནས་འགྲོ་བའང་མེད། །^p4466

རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། །ཅེས་གསུངས།^p4467

《显句论》所引用之佛经:^p4468

三有如梦无实质,速灭无常如幻术,^p4469

无来亦无由此去,相续常空无相状。^p4470

2019.01.27^p4471

^p4472

མགོན་པོ་ཀླུ་སྒྲུབ་ཀྱིས།^p4473

གང་ལ་སྟོང་བ་ཉིད་རུང་བ། །^p4474

དེ་ལ་ཐམས་ཅད་རུང་བར་འགྱུར། །^p4475

གང་ལ་སྟོང་ཉིད་མི་རུང་བ། །^p4476

དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་གསུངས།^p4477

龙猛菩萨:^p4478

以有空义故,一切法得成;^p4479

若无空义者,一切则不成。^p4480

2019.01.28^p4481

^p4482

སློབ་དཔོན་ཕྱོགས་ཀྱི་གླང་པོས།^p4483

ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །^p4484

སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །^p4485

ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །^p4486

བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །^p4487

ཞེས་གསུངས།^p4488

陈那论师:^p4489

敬礼定量欲利生,大师善逝救护者,^p4490

为成量故从自论,集诸散说汇为一。^p4491

2019.01.29^p4492

^p4493

རྒྱུད་བླ་མ་ལས།^p4494

རང་བྱུང་རྣམས་ཀྱི་དོན་དམ་དེ། །^p4495

དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །^p4496

ཉི་མའི་དཀྱིལ་འཁོར་འོད་འབར་བ། །^p4497

མིག་མེད་པས་ནི་མཐོང་བ་མེད། །ཅེས་གསུངས།^p4498

《宝性论》:^p4499

自然之胜义,是以信所证,^p4500

日轮璀璨光,无目不得见。^p4501

2019.01.30^p4502

^p4503

སློབ་དཔོན་འཕགས་པ་ལྷས།^p4504

སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །^p4505

གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །^p4506

དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །^p4507

འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་གསུངས།^p4508

圣天论师:^p4509

若于佛所说,深事以生疑,^p4510

可依无相空,而生决定信。^p4511

2019.01.31^p4512

^p4513

འཕགས་པ་བྱམས་པ་མགོན་པོས།^p4514

རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །^p4515

གློ་བུར་དག་གིས་ཁམས་སྟོང་གི །^p4516

རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །^p4517

བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་གསུངས།^p4518

弥勒菩萨:^p4519

具有别法相,界性客尘空,^p4520

具无别法相,无上法不空。^p4521

2019.02.01^p4522

^p4523

ཕལ་པོ་ཆེ་ལས།^p4524

རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་། །^p4525

ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །^p4526

ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་གྱུར་དུ། །^p4527

འདུས་བྱས་འདི་ནང་བར་མ་དོར་ནི་ཟད་མི་འགྱུར། །^p4528

ཞེས་གསུངས།^p4529

《华严经》:^p4530

见闻供养诸如来,彼增无量福德聚,^p4531

断除烦恼轮回苦,成熟彼果不唐捐。^p4532

2019.02.02^p4533

^p4534

མདོ་ལས།^p4535

ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །^p4536

འདུན་པའི་རྩེ་ལ་རབ་ཏུ་གནས། །^p4537

གང་གིས་སྨོན་ལམ་ཅི་བཏབ་པ། །^p4538

དེ་འདྲའི་འབྲས་བུ་འཐོབ་པར་འགྱུར། །ཞེས་གསུངས།^p4539

佛经:^p4540

诸法依缘生,住于意乐上,^p4541

何者发何愿,将获如是果。^p4542

2019.02.03^p4543

^p4544

ཀུན་མཁྱེན་མི་ཕམ་རྒྱ་མཚོས།^p4545

མདོར་ན་ཞིང་དེར་སྐྱེས་པའི་ཡོན་ཏན་དང་། སྐྱེ་ནུས་པའི་ཚུལ་^p4546

ཤེས་ནས་ཉིན་མཚན་ཀུན་ཏུ་དད་བརྩོན་རྒྱུན་ཆགས་པ་ཅི་^p4547

ནུས་སུ་བསྐྱེད་ཅིང་། དགེ་རྩ་ཐམས་ཅད་ཞིང་དེར་སྐྱེ་བའི་ཕྱིར་^p4548

བསྔོ་བ་ལ་འབད་པར་བྱའོ། །དེ་ལྟར་བྱས་ན་རབ་ཀྱིས་ཚེ་འདིར་^p4549

འདྲེན་པ་འོད་དཔག་མེད་དངོས་སུ་མཐོང་ཞིང་ལུང་བསྟན་^p4550

ནས་ཞིང་ཁམས་དེར་སྐྱེ་བའི་གདེངས་ཐོབ་པ་དང་། འབྲིང་^p4551

གིས་ཉམས་ཀྱི་ཚུལ་དུ་བྱིན་གྱི་རླབས་ཐོབ་པ་དང་། ཐ་མའང་རྨི་^p4552

ལམ་དུ་ཞིང་དང་སྟོན་པའི་རྣམ་པ་རྨིས་པ་དག་ནི་རྟགས་ཡིན་^p4553

ཏེ། འདུན་པའི་སྟོབས་ཀྱིས་རྨི་ལམ་ན་སྣང་བའང་ཇི་ལྟར་དམན་^p4554

ཀྱང་བག་ཆགས་ཐེབ་པ་ཙམ་མིན་པ་མི་སྲིད་པས་འདུན་པའི་^p4555

བག་ཆགས་ཆུང་ངུ་དེས་ཀྱང་ཞིང་དུ་སྐྱེ་ནུས་ཏེ་སངས་རྒྱས་ཀྱི་^p4556

སྨོན་ལམ་གྱི་མཐུ་ལས་ཡིན་ནོ། །གལ་ཏེ་རྟགས་ཀྱི་རྣམ་པ་གསལ་^p4557

པོ་མེད་ཀྱང་། ཚེ་འདིར་དད་འདུན་ཡང་ཡང་བསྐྱེད་པ་ལྟ་ཅི་སྨོས།^p4558

འཆི་ཁ་མའི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་ཐོས་སུ་གཞུག་ཅིང་^p4559

ཞིང་དེར་འདུན་པ་བསྐྱེད་ན་ཡང་སྐྱེ་བར་འགྱུར་ཏེ། འཆི་ཁའི་^p4560

འདུ་ཤེས་གང་གསལ་བ་ཤིན་ཏུ་སྟོབས་དང་ལྡན་ཅིང་སངས་^p4561

རྒྱས་འདིའི་སྨོན་ལམ་ཁྱད་པར་འཕགས་པའི་ཕྱིར་རོ། །བར་དོར་^p4562

སངས་རྒྱས་ཀྱི་མཚན་དྲན་པས་ཀྱང་འཕྲལ་དུ་ཞིང་དེར་སྐྱེ་བའི་རྒྱུ་^p4563

བྱེད་དེ། བར་དོའི་གནས་སྐབས་བསྒྱུར་སླ་ཞིང་། སངས་རྒྱས་ཀྱི་^p4564

སྨོན་ལམ་ཤིན་ཏུ་སྟོབས་ཆེ་བའི་ཕྱིར་རོ། །དེས་ན་འདི་དང་འཆི་^p4565

ཁ་དང་བར་དོའི་ཉམས་ལེན་གྱི་གནད་འདི་ལྟ་བུ་ལ་བྱེད་པ་གལ་^p4566

ཆེའོ། །དེས་ན་གང་དག་བློ་ལྡན་སྐལ་བ་བཟང་པོ་རྣམས་ཀྱིས་བདེ་^p4567

བར་གཤེགས་པའི་བཀའ་འདི་ལྟ་བུ་ལ་བརྟེན་ནས། ཚེགས་ཆུང་^p4568

ངུའི་སྒོ་ནས་བྱང་ཆུབ་སེམས་དཔའི་ཡོན་ཏན་རྨད་དུ་བྱུང་བ་^p4569

དང་རྒྱུད་ལ་བདེ་བླག་ཏུ་འདྲེན་པའི་ཐབས་དམ་པ་འདི་ལ་རྣལ་^p4570

འབྱོར་དུ་བྱ་བར་རིགས་སོ། །ཞེས་གསུངས།^p4571

2019.02.03^p4572

^p4573

全知麦彭仁波切:^p4574

总而言之,首先了知往生的功德和能够往生的道理后,日夜不断生起信心、发起精进并将一切善根回向往生极乐世界,若能如是行持,上等者今生便能亲见导师阿弥陀佛并得授记,获得往生极乐世界的把握;中等者出现获得加持的验相;下等者也可梦见极乐世界和阿弥陀佛的形象,这些都是往生极乐世界的征兆,因为依靠意乐力,在梦中显现,至少也必定种下了习气的种子,以细微的意乐习气,也能往生,这是佛陀的誓愿力所致。^p4575

即便是没有获得如此明显的验相,然而不用说今生再三生起信心与意乐会往生,甚至让临终者耳边听到阿弥陀佛名号,并对极乐世界生起向往之心也能往生,因为临死时的神识具有极强之力,再加上阿弥陀佛的殊胜愿力。在中阴界忆念佛号也能作为立即往生彼刹的因,这是由于在中阴界时神识容易转变,并且阿弥陀佛的誓愿力量极其强大。由此可见,今生、临终、中阴的这些修法要诀极为关键。^p4576

因此,一切具有智慧的善缘者依靠这样的如来圣教,自相续不费艰辛、轻轻松松便能获得菩萨的殊胜奇妙功德,理应修学如此殊胜的方便法。^p4577

2019.02.04^p4578

^p4579

ཙོང་ཁ་པའི་གསང་འདུས་དམར་ཁྲིད་དུ་^p4580

དྲངས་བའི་རིམ་ལྔ་ལས།^p4581

འདི་ནི་རང་བྱུང་བཅོམ་ལྡན་འདས། །^p4582

ལྷག་པའི་ལྷ་ནི་གཅིག་པུ་ཉིད། །^p4583

མན་ངག་རབ་ཏུ་སྟེར་བའི་ཕྱིར། །^p4584

རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུངས།^p4585

《密集金刚密修法》所引用之《五次第论》:^p4586

此佛出有坏,乃唯一本尊,^p4587

金刚师胜彼,赐予窍诀故。^p4588

2019.02.05^p4589

^p4590

སོ་སོར་ཐར་བའི་མདོ་ལས།^p4591

འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །^p4592

ཆོས་ལ་གོམས་པའི་སྐྱེ་བོ་བདེ། །^p4593

ཤེས་རབ་ཐོབ་པར་གྱུར་པ་བདེ། །^p4594

ངའོ་ང་རྒྱལ་ཟད་པ་བདེ། །ཞེསགསུངས།^p4595

《别解脱经》:^p4596

渠道顺则水流畅,修佛法则心快乐,^p4597

获智慧则心快乐,灭我慢则心快乐。^p4598

2019.02.06^p4599

^p4600

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p4601

ཆོས་དང་སྲིད་ཀྱི་ཡོན་ཏན་མཐའ་དག་གི །^p4602

སྙིང་པོ་མཐར་ཐུག་བསམ་པ་བཟང་པོ་ཡིན། །^p4603

འདི་མེད་ཡོན་ཏན་གཞན་ལ་རེ་ཐག་ཆད། །^p4604

འདི་ཉིད་ཁོ་ན་ཐུགས་ཀྱི་རྒྱན་དུ་ཆོངས། །ཞེས་གསུངས།^p4605

法王晋美彭措:^p4606

世间与出世间的一切功德,^p4607

其根本就是心地善良。^p4608

若没有它,其他功德则无法得到。^p4609

所以,应把“善良”二字铭记于心。^p4610

2019.02.07^p4611

^p4612

དྭགས་པོ་རིན་པོ་ཆེས།^p4613

བླ་མ་ལ་ཡུན་རིང་དུ་བསྟེན་པ་གཅིག་དགོས་ཏེ། དེ་ཡང་བླ་མ་^p4614

དང་གཡག་འགྲོགས་བྱས་པས་མི་ཆོག ལུས་ངག་ཡིད་གསུམ་^p4615

གྱི་སྤྱོད་ལམ་མ་དག་པ་ཐམས་ཅད་སྤངས་ནས་ལུས་ངག་ཡིད་^p4616

གསུམ་གུས་པའི་སྒོ་ནས་བསྟེན་ནོ། །ཞེས་གསུངས།^p4617

达波仁波切:^p4618

必须长期依止上师,^p4619

不能像牦牛之间的交往一样。^p4620

要断除不清净的身口意,^p4621

三门恭敬地进行依止。^p4622

2019.02.08^p4623

^p4624

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p4625

སྐྱོ་བར་མ་བྱེད་འདུས་མཐའ་བྲལ་བ་འདི། །^p4626

འདུས་བྱས་རང་མཚན་ཡིན་པས་བཅོས་སུ་མེད། །^p4627

ནམ་ཞིག་སྐྱེ་མཐའ་འཆི་བའང་འོང་ངེས་པས། །^p4628

བག་མེད་སྤོང་ལ་དམ་པའི་ལྷ་ཆོས་སྒྲུབས། །ཞེས་གསུངས།^p4629

法王晋美彭措:^p4630

聚际必散莫悲伤,万法自性不可改,^p4631

生际必死定降临,断除放逸修正法。^p4632

2019.02.09^p4633

^p4634

སློབ་དཔོན་ཟླ་བ་གྲགས་པས།^p4635

སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །^p4636

ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །^p4637

རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །^p4638

ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །^p4639

དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་གསུངས།^p4640

月称论师:^p4641

若异生位闻空性,内心数数发欢喜,^p4642

由喜引生泪流注,周身毛孔自动竖。^p4643

2019.02.09^p4644

^p4645

༧ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་^p4646

འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་^p4647

སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་^p4648

འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་^p4649

འདི་ལྟ་སྟེ། གཟུགས་ལ་དགའ་ཞིང་ཆགས་པས། སྡུག་བསྔལ་ལ་^p4650

དགའ་ཞིང་ཆགས་པར་འགྱུར་རོ། །སྡུག་བསྔལ་ལ་དགའ་ཞིང་^p4651

ཆགས་པས། སྡུག་བསྔལ་ལས་ཐར་བར་མི་འགྱུར་རོ། །དེ་བཞིན་^p4652

དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་^p4653

པ་རྣམས་ལ་དགའ་ཞིང་ཆགས་པས། སྡུག་བསྔལ་ལ་དགའ་ཞིང་^p4654

ཆགས་པར་འགྱུར་རོ། །སྡུག་བསྔལ་ལ་དགའ་ཞིང་ཆགས་པས། སྡུག་བསྔལ་ལས་ཐར་བར་མི་འགྱུར་རོ། །དགེ་སློང་དག་འདི་^p4655

ལྟ་སྟེ། གཟུགས་ལ་མི་དགའ་ཞིང་མ་ཆགས་པས། སྡུག་བསྔལ་ལ་མི་^p4656

དགའ་ཞིང་མ་ཆགས་པར་འགྱུར་རོ། །སྡུག་བསྔལ་ལ་མི་དགའ་ཞིང་མ་^p4657

ཆགས་པས། སྡུག་བསྔལ་ལས་ཐར་བར་འགྱུར་རོ། །དེ་བཞིན་དུ་ཚོར་^p4658

བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་^p4659

མི་དགའ་ཞིང་མ་ཆགས་པས། སྡུག་བསྔལ་ལ་མི་དགའ་ཞིང་མ་ཆགས་^p4660

པར་འགྱུར་རོ། །སྡུག་བསྔལ་ལ་མི་དགའ་ཞིང་མ་ཆགས་པས། སྡུག་^p4661

བསྔལ་ལས་ཐར་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་^p4662

སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ།^p4663

བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །^p4664

མི་རྟག་སྡུག་བསྔལ་སྟོང་བདག་མེད། །^p4665

ཡང་དག་ཡིད་ལ་བྱས་པ་ཡིན། །^p4666

མ་ཤེས་ལ་སོགས་བཞི་པོ་དང་། །^p4667

གཟུགས་ལ་དགའ་ཞིང་ཆགས་པའོ། །^p4668

2019.02.09^p4669

^p4670

如是我闻:^p4671

一时,佛住舍卫国祇树给孤独园。^p4672

尔时,世尊告诸比丘:“于色爱喜者,则于苦爱喜;于苦爱喜者,则于苦不得解脱。如是受、想、行、识爱喜者,则爱喜苦;爱喜苦者,则于苦不得解脱。^p4673

诸比丘,于色不爱喜者,则不喜于苦;不喜于苦者,则于苦得解脱。如是受、想、行、识不爱喜者,则不喜于苦;不喜于苦者,则于苦得解脱。”^p4674

时,诸比丘闻佛所说,欢喜奉行。^p4675

无常及苦空,非我正思惟,^p4676

无知等四种,及于色喜乐。^p4677

2019.02.10^p4678

^p4679

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p4680

གཞན་གྱི་རྫས་ལ་བརྣབ་སེམས་ཆེ་བ་དང་། །^p4681

ཡུན་དུ་འགྲོགས་ན་དགའ་སྡུག་གྲངས་མང་བ། །^p4682

ཐ་ཆད་སྐྱེ་བོ་མས་ཀྱང་འདོར་ངེས་པས། །^p4683

ངང་བཟང་ཕྱི་ཐག་རིང་བའི་ཚུལ་ལ་སློབས། །ཞེས་གསུངས།^p4684

法王晋美彭措:^p4685

若过于贪爱他人财物,^p4686

与之交往时动辄喜怒无常,^p4687

对这样的恶人,纵然是母亲也会舍弃他,^p4688

所以要学会善良、宽容、情意绵长。^p4689

2019.02.11^p4690

^p4691

སློབ་དཔོན་དཔའ་བོས།^p4692

མི་ཟད་འཆི་བའི་བདག་པོ་ལ། །^p4693

རབ་ཏུ་མྱོས་པའི་སྐྱེ་བོ་འདི། །^p4694

ནགས་ན་གསོད་སྲེད་སེང་གེ་ཡི། །^p4695

མདུན་ན་རི་དྭགས་གནས་པ་བཞིན། །ཞེས་གསུངས།^p4696

马鸣菩萨:^p4697

万分恐怖死神前,极其迷惑诸众生,^p4698

如遇林中嗜杀狮,野兽自命不久矣。^p4699

2019.02.12^p4700

^p4701

མི་རྟག་པའི་དོན་གྱི་གཏམ་ལས།^p4702

གང་ཕྱིར་འདུས་བྱས་ཐམས་ཅད་ནི། །^p4703

རྐྱེན་གྱིས་གཞན་དུ་འགྱུར་བ་སྟེ། །^p4704

རྩྭ་རྩེ་རླུང་གིས་བསྐྱོད་པ་ཡི། །^p4705

ཟིལ་པ་བཞིན་དུ་མི་རྟག་གོ །ཞེས་གསུངས།^p4706

《无常义语》:^p4707

一切有为法,依缘皆无常,^p4708

犹如风吹动,草尖之露珠。^p4709

2019.02.13^p4710

^p4711

སློབ་དཔོན་དབྱིག་གཉེན་གྱི་ཚིགས་སུ་^p4712

བཅད་པའི་བསྟན་བཅོས་ལས།^p4713

སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་^p4714

གཞན་དག་ལྷ་ཡུལ་ས་ལ་མེད། །^p4715

འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་^p4716

བུ་ཡི་གནས་ནའང་ཡོད་མ་ཡིན། །^p4717

ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་^p4718

སམ་ཕྱོགས་མཚམས་དག་ནའང་མེད། །^p4719

རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་^p4720

བསྐོར་ཡང་ག་ལ་ཡོད། །ཅེས་གསུངས།^p4721

世亲论师《偈颂论》:^p4722

天地此界多闻室,释宫天处十方无,^p4723

丈夫牛王大沙门,寻地山林遍无等。^p4724

2019.02.14^p4725

^p4726

སློབ་དཔོན་རྟ་དབྱངས་ཀྱི་མྱ་ངན་བསལ་བ་ལས།^p4727

སའམ་ཅི་སྟེ་མཐོ་རིས་ན། །^p4728

སྐྱེས་ནས་ལ་ལ་མ་ཤི་བ། །^p4729

འགའ་ཞིག་ཁྱོད་ཀྱིས་མ་མཐོང་བ། །^p4730

ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས།^p4731

马鸣菩萨《解忧经》:^p4732

地上或天间,有生然不死,^p4733

此事汝岂见,岂闻或生疑?^p4734

2019.02.15^p4735

^p4736

དབུ་མ་འཇུག་པ་ལས།^p4737

གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །^p4738

འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །^p4739

ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་ཀྱིས་དང་། །^p4740

ཕྱི་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ། །^p4741

ཞེས་གསུངས།^p4742

《入中论》:^p4743

若世于汝无妨害,当待世间而破此,^p4744

汝可先于世间诤,后有力者我当依。^p4745

2019.02.16^p4746

^p4747

སློབ་དཔོན་དབྱིག་གཉེན་གྱིས།^p4748

ཀྱེ་མ་འདུས་བྱས་རྣམས་མི་རྟག །^p4749

སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །^p4750

སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །^p4751

དེ་དག་ཉེ་བར་ཞི་བ་བདེ། །ཞེས་གསུངས།^p4752

世亲论师:^p4753

呜呼有为法,无常生灭性,^p4754

生后即灭尽,寂灭则安乐。^p4755

2019.02.17^p4756

^p4757

དཔལ་སྤྲུལ་རིན་པོ་ཆེས།^p4758

ཚོགས་པའི་བྱིན་རླབས་མེ་དཔུང་འདྲ། །^p4759

གང་ཟག་བྱིན་རླབས་མེ་སྟག་འདྲ། །ཞེས་གསུངས།^p4760

华智仁波切:^p4761

众会加持如烈焰,^p4762

个人加持如火星。^p4763

2019.02.18^p4764

^p4765

སློབ་དཔོན་དབྱིག་གཉེན་གྱིས།^p4766

ཐོས་པས་ཆོས་ནི་བྱེ་བྲག་ཤེས། །^p4767

ཐོས་པས་སྡིག་ལས་ལྡོག་པར་བྱེད། །^p4768

ཐོས་པས་དོན་མ་ཡིན་པ་སྤོང་། །^p4769

ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས།^p4770

世亲论师:^p4771

以闻知诸法,以闻遮罪恶,^p4772

以闻断无意,以闻得涅槃。^p4773

2019.02.19^p4774

^p4775

རྒྱ་གར་སློབ་དཔོན་དགའ་བའི་དབང་པོས།^p4776

སྐྱེ་དགུ་འདི་དག་སྐྱེ་ན་གཅིག་པུ་སྟེ། །^p4777

དེ་བཞིན་འཆི་ནའང་གཅིག་པུ་འཆི་བར་འགྱུར། །^p4778

འདི་ནི་གཅིག་པུས་སྡུག་བསྔལ་མྱོང་འགྱུར་གྱི། །^p4779

འཁོར་བ་ན་ནི་གྲོགས་ཡོད་མ་ཡིན་ནོ། །ཞེས་གསུངས།^p4780

印度的欢喜自在论师:^p4781

众生独自生,亦是独自死,^p4782

独自受痛苦,轮回无友伴。^p4783

2019.02.20^p4784

^p4785

ཡུམ་བར་མ་ལས།^p4786

གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །^p4787

གཟུགས་མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །^p4788

ཞེས་གསུངས།^p4789

《中般若经》:^p4790

若说色空而行,则为执相。^p4791

若说色不空而行,亦为执相。^p4792

2019.02.21^p4793

^p4794

རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་^p4795

འོད་ཟེར་དུ་དྲངས་བའི་ལུང་ལས།^p4796

གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །^p4797

ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང་། །^p4798

གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོར་སྟོན་པ། །^p4799

བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །^p4800

ཞེས་གསུངས།^p4801

《宝性论释·日光疏》:^p4802

其自性虽无贪嗔,贪心者前现似贪,^p4803

因所化嗔示现嗔,住大菩提佛前礼。^p4804

2019.02.22^p4805

^p4806

ཇོ་ནང་ཏཱ་ར་ནཱ་ཐའི་ཞལ་ནས།^p4807

རྙེད་དཀའི་མི་ལུས་ཐོབ་པ་ལ། །^p4808

སྡུག་བསྔལ་འཁོར་ལོ་མ་སྐོར་ཅིག །^p4809

ནམ་ཞིག་ནམ་འཆི་ཆ་མེད་པས། །^p4810

དགེ་བར་འཕྲལ་དུ་འབད་པ་ཞུ། །ཞེས་གསུངས།^p4811

觉囊多罗那他:^p4812

难得人身时,勿以苦度日,^p4813

不知何时死,立即行善法。^p4814

2019.02.23^p4815

^p4816

ས་སྐྱ་བསོད་ནམས་སེང་གེས།^p4817

ཀྱེ་མ་ཀྱི་ཧུད་སྙིགས་དུས་སེམས་ཅན་རྣམས། །^p4818

རྒྱ་བོད་མཁས་གྲུབ་རྣམས་ཀྱིས་མགྲིན་གཅིག་ཏུ། །^p4819

བཀྲལ་བའི་ལམ་བཟང་གསེར་རྒྱན་དོར་ནས་ནི། །^p4820

རང་བཟོའི་མགལ་དུམ་རྒྱན་དུ་བྱེད་པ་མཚར། །ཞེས་གསུངས།^p4821

萨迦索朗桑格:^p4822

呜呼浊世诸众生,舍弃了"金项链"般^p4823

印藏智者共同赞叹的妙道,^p4824

而把"灰烬"般自己所造的东西拿来装饰,^p4825

实在遗憾!^p4826

2019.02.24^p4827

^p4828

རྒྱུད་བླ་མ་ལས།^p4829

ངེས་པར་འབྱིན་པ་ས་བཅུ་སྟེ། །^p4830

ཚོགས་གཉིས་དག་ནི་དེ་ཡི་རྒྱུ། །^p4831

དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །^p4832

བྱང་ཆུབ་སེམས་ཅན་ཡོངས་སུ་འཛིན། །ཞེས་གསུངས།^p4833

《宝性论》:^p4834

出离即十地,二资是彼因,^p4835

彼果胜菩提,菩提摄众生。^p4836

2019.02.25^p4837

^p4838

མགོན་པོ་བྱམས་པས།^p4839

ཐེག་པ་མཆོག་ལ་དང་བ་དང་། །^p4840

བར་མ་དང་ནི་སྡང་བ་ཡི། །^p4841

ཕུང་པོ་གསུམ་ནི་མི་དག་དང་། །^p4842

རྨ་བྱ་དང་ནི་ཡི་དྭགས་འདྲ། །ཞེས་གསུངས།^p4843

弥勒菩萨:^p4844

于胜乘净信,中等与嗔群,^p4845

三种如众人,孔雀与饿鬼。^p4846

2019.02.26^p4847

^p4848

ནཱ་རོ་པཎ་ཆེན་གྱིས།^p4849

བྱང་ཕྱོགས་མུན་པའི་སྨག་རུམ་ན། །^p4850

གངས་ལ་ཉི་མ་ཤར་འདྲ་བ། །^p4851

ཐོས་པ་དགའ་ཞེས་བྱ་བ་ཡི། །^p4852

སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས།^p4853

大班智达那若巴:^p4854

北方黑暗处,如日照雪山,^p4855

名为闻喜者,顶礼彼尊者。^p4856

2019.02.27^p4857

^p4858

སློབ་དཔོན་ཀ་མ་ལ་ཤཱི་ལའི་དད་སྐྱེས་སྒྲོན་མེ་ལས།^p4859

གཞོན་ཚེ་དམ་པའི་ཆོས་ལ་མ་འབད་ན། །^p4860

རྒས་ནས་ཉན་འདོད་རྣ་བས་སྒྲ་མི་ཐོས། །^p4861

ཤེས་རབ་བྱིང་བས་བློ་ལ་རྟོགས་པ་དཀའ། །^p4862

ཆོས་ལ་འགྲོ་འདོད་ལུས་ལ་ནུས་པ་མེད། །ཅེས་གསུངས།^p4863

莲花戒论师《起信之灯》:^p4864

年轻若不修正法,老时以耳不得闻,^p4865

智慧愚钝难悟道,欲去求法身无力。^p4866

2019.02.28^p4867

^p4868

རྒྱུད་བླ་མ་ལས།^p4869

ཇི་ལྟར་བཻ་ཌཱུརྱ་ས་གཞི་གཙང་མ་ལ། །^p4870

ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །^p4871

དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །^p4872

ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །^p4873

ཞེས་གསུངས།^p4874

《宝性论》:^p4875

如净琉璃地,现天王身影,^p4876

众生净心地,映现佛身影。^p4877

2019.03.01^p4878

^p4879

ཇོ་ནང་ཏཱ་ར་ནཱ་ཐས།^p4880

ཕྱག་དང་སྐོར་བ་ལ་སོགས་པ། །^p4881

ལུས་ཀྱི་དགེ་བ་ཅི་འགྲུབ་བྱ། །^p4882

མི་ལུས་ཐོབ་པ་ལ་མདོ་དོན་ཡོད་པ་ཡིན། །^p4883

མདོ་འདོན་གསོལ་འདེབས་སྔགས་བཟླས་སོགས། །^p4884

ངག་གི་དགེ་བ་ཅི་ནུས་བྱ། །^p4885

ངག་ནུས་པ་རྙེད་པའི་ཕན་ཡོན་ཡོད། །^p4886

ལྷ་སྒོམ་དང་དད་པ་ཡི་རང་སོགས། །^p4887

ཡིད་ཀྱི་དགེ་བ་ལ་འབད་པར་བྱ། །^p4888

སེམས་ཏིང་འཛིན་ལ་རང་བྱང་ཆུབ་ནས་འོང༌། །ཞེས་གསུངས།^p4889

觉囊多罗那他:^p4890

顶礼转绕等,尽力行身善,得人身有益;^p4891

念经咒祈祷,尽力行语善,语力得利益;^p4892

见修信随喜,尽力行意善,心定自然悟。^p4893

2019.03.02^p4894

^p4895

སློབ་དཔོན་ཀ་མ་ལ་ཤཱི་ལའི་དད་སྐྱེས་སྒྲོན་མེ་ལས།^p4896

བདེ་སྐྱིད་འདོད་དང་སྡུག་བསྔལ་སྤོང་འདོད་དང་། །^p4897

རིགས་མཐོ་བཞིན་ལེགས་བདེ་བའི་གནས་ཐོབ་དང་། །^p4898

བདེ་མཐོང་མོས་ཤིང་སྡུག་བསྔལ་སྤོང་འདོད་པས། །^p4899

དམ་ཆོས་འདི་ནི་རྟག་ཏུ་སྤྱད་པར་བྱ། །ཞེས་གསུངས།^p4900

莲花戒论师《起信之灯》:^p4901

欲断忧恼求快乐,高贵美貌胜权位,^p4902

希求快乐离苦者,恒常行持此正法。^p4903

2019.03.03^p4904

^p4905

མགོན་པོ་བྱམས་པས།^p4906

གང་ཕྱིར་གདུལ་བྱ་དག་པ་ཡི། །^p4907

ཆུ་ཡི་སྣོད་ནི་ཐམས་ཅད་ལ། །^p4908

བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །^p4909

དཔག་ཏུ་མེད་པ་ཅིག་ཅར་འཆར། །ཞེས་གསུངས།^p4910

弥勒菩萨:^p4911

是于诸清净,所化水器中,^p4912

善逝之日影,顿时现无量。^p4913

2019.03.04^p4914

^p4915

པཎ་ཆེན་སད་ཛ་ཏས།^p4916

བུ་ཁྱོད་ང་ལ་མཆོད་འདོད་ན། །^p4917

གདམས་པ་བཞིན་དུ་རྗེས་སུ་སྒྲུབས། །ཞེས་གསུངས།^p4918

大班智达善匝达:^p4919

弟子,若欲供养我,依教而修行。^p4920

2019.03.05^p4921

^p4922

མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས།^p4923

མི་སྙན་ཚིག་རྣམས་ཐོས་པའི་ཚེ། །^p4924

བྲག་ཅ་ལྟ་བུར་མཁྱེན་པར་མཛོད། །^p4925

ལུས་ལ་གནོད་པ་བྱུང་བའི་ཚེ། །^p4926

སྔོན་གྱི་ལས་སུ་བལྟ་བར་བྱ། །ཞེས་གསུངས།^p4927

智者德帮呷绕西尔嘉纳:^p4928

若闻不悦声,当知空谷音,^p4929

身现患难时,当视宿世业。^p4930

2019.03.06^p4931

^p4932

དགེ་འདུན་ཆོས་འཕེལ་གྱིས།^p4933

རང་རེ་རྒྱལ་ཁབ་ཀུན་གྱི་ནང་པ་སངས་རྒྱས་པ་རྣམས་ལས་དང་^p4934

འདུན་པ་གཅིག་དྲིལ་གྱི་སྒོ་ནས། རང་ཅག་རྣམས་ཀྱི་ཁོག་པའི་^p4935

སྙིང་དང་འདྲ་བའི་བྱིན་རླབས་ཅན་གྱི་གནས་ཆེན་འདི་དག་^p4936

འོས་པའི་བདག་པོ་སངས་རྒྱས་པ་རྣམས་ཀྱི་རང་ལག་ཏུ་ཐོབ་པ་^p4937

ཞིག་ཅིས་ཀྱང་འབད་དགོས། ཞེས་གསུངས།^p4938

根登群佩:^p4939

我们住在各个国家的佛教徒,^p4940

必须同心协力依靠合理的方式,^p4941

把如心脏般具有加持的圣地的保护权,^p4942

拿到自己手里,为此而努力奋斗。^p4943

2019.03.07^p4944

^p4945

དྲི་མ་མེད་པ་རིན་པོ་ཆེའི་སྤྲིངས་ཡིག་ལས།^p4946

གང་དུ་དགེ་བའི་བཤེས་གནས་པ། །^p4947

དེར་ནི་རྟག་ཏུ་གནས་པར་བྱ། །^p4948

བླ་མ་རྟག་ཏུ་བསྟེན་པ་དང་། །^p4949

རྟག་ཏུ་མདོ་སྡེ་བལྟ་བར་བྱ། །ཞེས་གསུངས།^p4950

《无垢珍宝书》:^p4951

上师居何处,恒常住彼处,^p4952

恒常依上师,恒常阅经典。^p4953

2019.03.08^p4954

^p4955

ཇོ་ནང་ཏཱ་ར་ན་ཐཱས།^p4956

རང་བཞིན་གདོད་ནས་སྤྲོས་བྲལ་ལ། །^p4957

དེ་ལྟར་ཡིན་པར་ངོ་ཤེས་པའི། །^p4958

ཐབས་ཀྱི་རྒྱལ་པོ་ཟླ་མེད་པ། །^p4959

མཚན་ལྡན་བླ་མའི་མོས་གུས་ཡིན། །ཞེས་གསུངས།^p4960

觉囊多罗那他:^p4961

自性本离戏,如是而了悟,^p4962

唯胜方便法,乃敬信上师。^p4963

2019.03.09^p4964

^p4965

སྟོན་པ་ཐུགས་རྗེ་ཅན་གྱིས།^p4966

འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་^p4967

ལྷན་ཅིག་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་^p4968

ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་^p4969

འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་གསུངས།^p4970

大悲佛陀:^p4971

世间与我诤,我不与世诤。^p4972

世间说有,我承许有;^p4973

世间说无,我承许无。^p4974

2019.03.10^p4975

^p4976

ཀུན་མཁྱེན་མི་ཕམ་པས།^p4977

བསྟན་བཅོས་རྣམས་ལ་མ་བྱང་ན། །^p4978

བློ་གྲོས་ཆུང་ངུའི་ཤེས་པ་ཡིས། །^p4979

བླང་དོར་རྒྱ་ཆེན་མི་འབྱེད་པས། །^p4980

བཀའ་དང་དགོངས་འགྲེལ་བལྟ་བར་བྱ། །ཞེས་གསུངས།^p4981

全知麦彭巴:^p4982

若未精通诸论义,仅以浅薄之智慧,^p4983

不能广辨取舍处,故当先阅经论疏。^p4984

2019.03.11^p4985

^p4986

འཕགས་པ་ལྷས།^p4987

ཡོད་དང་མེད་དང་ཡོད་མེད་ཅེས། །^p4988

ཕྱོགས་ནི་གང་ལའང་ཡོད་མིན་པ། །^p4989

དེ་ལ་ཡུན་ནི་རིང་པོ་ནའང་། །^p4990

ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་གསུངས།^p4991

圣天论师:^p4992

有非有俱非,诸宗皆寂灭,^p4993

于中欲兴难,毕竟不能申。^p4994

2019.03.12^p4995

^p4996

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p4997

ཁྱབ་བདག་འཇམ་པའི་རྡོ་རྗེར། །^p4998

གསོལ་བ་སྙིང་ནས་འདེབས་སོ། །^p4999

བྱིན་རླབས་ཡེ་ཤེས་མཆོག་གིས། །^p5000

བདག་རྒྱུད་གང་བར་མཛོད་ཅིག །ཅེས་གསུངས།^p5001

法王晋美彭措:^p5002

一心一意而祈祷,遍智文殊金刚尊,^p5003

赐予殊胜之加持,智慧融入吾相续。^p5004

2019.03.13^p5005

^p5006

ཀུན་མཁྱེན་མི་ཕམ་པས།^p5007

བྱིས་པ་རྣམས་ཀྱི་རྩེད་མོ་ལ། །^p5008

ལྟད་མོ་ལྟ་བའི་རྒན་པ་བཞིན། །^p5009

ཅོལ་ཆུང་རྣམས་ཀྱི་བྱ་བ་ལ། །^p5010

ཁྲོ་དང་དགའ་བ་བསྐྱེད་མི་བྱ། །ཞེས་གསུངས།^p5011

全知麦彭巴:^p5012

恰似年迈之老者,观看孩童之游戏,^p5013

于诸愚者之行为,君主莫生喜怒心。^p5014

2019.03.14^p5015

^p5016

ལང་ཀར་གཤེགས་པ་ལས།^p5017

ཕྱི་རོལ་སྣང་བ་ཡོད་མེད་དེ། །^p5018

སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །^p5019

ལུས་དང་ལོངས་སྤྱོད་གནས་འདྲ་བ། །^p5020

སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས།^p5021

《楞伽经》:^p5022

外境本无有,由心现种种,^p5023

身体受用处,我说乃唯心。^p5024

2019.03.15^p5025

^p5026

རྗེ་བཙུན་ཙོང་ཁ་པ་ཆེན་པོས།^p5027

དེ་ཡང་རྣམ་པ་རྗེ་བཙུན་ཡབ་ཡུམ་དུ་སྒོམ་ཡང་ངོ་བོ་རྩ་བའི་^p5028

བླ་མ་རང་དུ་སྒོམས་ནས་རབ་ཐུན་དྲུག་འབྲིང་ཐུན་བཞི་ཐ་^p5029

མའང་ཉིན་ཞག་རེ་ལ་ལན་རེ་མ་ཆག་པ་བསྒོམ་ཞིང་གསོལ་^p5030

བ་འདེབས་པ་ཡིན་ཏེ། དེ་ལྟར་བྱས་པའི་ཕན་ཡོན་ནི་ཤིན་ཏུ་^p5031

གནད་ཆེ་བ་མང་དུ་ཡོད་དོ། །ཞེས་གསུངས།^p5032

宗喀巴大师:^p5033

要修持形象为文殊本尊、^p5034

本体为根本上师,一天六座或四座,^p5035

至少也要每天不间断地修一座并祈祷,^p5036

如此有非常多的重要功德。^p5037

2019.03.16^p5038

^p5039

ངེས་ཤེས་སྒྲོན་མེ་ལས།^p5040

འཕགས་བོད་མཁས་གྲུབ་ཆེ་རྣམས་ཀྱིས། །^p5041

ཡུན་རིང་འབད་དེ་རྟོགས་པའི་དོན། །^p5042

ཀྱེ་མ་བླུན་པོས་ཡུད་ཙམ་ལ། །^p5043

རྟོགས་པར་སྨྲ་ལ་ཐེ་ཚོམ་གཡོ། །ཞེས་གསུངས།^p5044

《定解宝灯论》:^p5045

印藏诸大成就者,长久精勤所证义,^p5046

奇哉愚者于瞬间,说是证悟起怀疑。^p5047

2019.03.17^p5048

^p5049

ཐེག་མཆོག་རིན་པོ་ཆེ་ལས།^p5050

དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས།^p5051

ཁྲིད་དང་གདམས་པ་ཐོབ་ནས་གོ་དོན་མ་རྙེད་ཀྱང་།^p5052

སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་^p5053

ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་^p5054

མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས།^p5055

《胜乘宝藏论》:^p5056

无论是男人、女人还是孩童,^p5057

只要趋入殊胜极密之法,^p5058

并获得引导和窍诀,^p5059

即使没有通达其意,^p5060

也因听闻之功德而必定迅速解脱,^p5061

因为已值遇无上果法心滴之故。^p5062

2019.03.18^p5063

^p5064

སློབ་དཔོན་དགའ་རབ་རྡོ་རྗེས།^p5065

ཆོས་འདི་ཐོས་པ་ཙམ་གྱིས་ཀྱང་། །^p5066

སྐྱེ་བ་བདུན་ལས་མི་ཐོགས་གྲོལ། །ཞེས་གསུངས།^p5067

阿阇黎嘎绕多吉:^p5068

仅闻此法者,^p5069

七世定解脱。^p5070

2019.03.19^p5071

^p5072

འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་ནས།^p5073

བློ་སྦྱོངས་བློ་སྦྱོངས་རང་གི་བློ་སྦྱོངས་ཤིག །^p5074

བློ་ལྡོག་རྣམ་བཞིས་རང་གི་བློ་སྦྱངས་ན། །^p5075

ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །^p5076

ཐར་བའི་ལམ་ལས་གཞན་དུ་འགྲོ་ས་མེད། །ཅེས་གསུངས།^p5077

晋美秋吉旺波:^p5078

修心修心修自心,以四厌离修自心,^p5079

身语纵未修一善,除至解脱无余处。^p5080

2019.03.20^p5081

^p5082

ཨོ་རྒྱན་རིན་པོ་ཆེས།^p5083

དོན་གྱི་ནོར་བུ་རིན་ཆེན་འདིས། །^p5084

ཚེ་འདིར་དགོས་འདོད་ཐམས་ཅད་འབྱུང་། །^p5085

ཕྱི་མ་སངས་རྒྱས་ངེས་པར་འཐོབ། །^p5086

དེ་སྔོན་མཚམས་མེད་ལྔ་བྱས་ཀྱང་། །^p5087

འདི་འཕྲད་ངན་སོང་ལྟུང་མི་སྲིད། །^p5088

ཆོས་མ་བྱས་ཀྱང་འཚང་རྒྱའོ། །ཞེས་གསུངས།^p5089

莲花生大士:^p5090

以此密法宝,今生得所需,^p5091

来世必成佛。纵造无间罪,^p5092

遇此不堕恶,无修亦成就。^p5093

2019.03.21^p5094

^p5095

༄༅། ། ལྷ་མོ་འོད་ཟེར་ཅན་ལ་བསྟོད་པ།^p5096

ཨོཾ་ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །^p5097

ཕྱག་འཚལ་བདུད་ཀྱི་བདུད་དགྲ་ཆེན་མོ། །^p5098

གཞན་གྱིས་མི་ཐུབ་རྣམ་པར་འཇོམས་མ། །^p5099

ཉི་མ་ཟླ་བའི་མདུན་ནས་འགྲོ་ཞིང་། །^p5100

ཆུ་སྲིན་རྒྱལ་མཚན་རྣམ་པར་སྐྲོད་མ། །^p5101

ཁྱོད་ལ་གསོལ་བ་བཏབ་པ་ཙམ་གྱིས། །^p5102

དགྲ་ཡི་དཔུང་ནི་རྣམ་པར་ཆོམས་ཤིག །^p5103

བསད་དང་དབྱེ་དང་བསྐྲད་རྨོངས་བྱེར་བས། །^p5104

ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ་ཅིག །^p5105

ཨོཾ་མཱ་རི་ཙྱེེ་སྭཱ་ཧཱ།^p5106

དུས་འཁྲུགས་ཀྱི་འཇིགས་པ་སྐྱོབ་ཕྱིར་རིག་འཛིན་^p5107

འཇིགས་བྲལ་གླིང་པས་སོ། །^p5108

2019.03.21^p5109

^p5110

《具光佛母赞》:^p5111

嗡^p5112

顶礼具光佛母尊,^p5113

顶礼魔之怨敌母,^p5114

余众不敌摧毁母,^p5115

日月之前游行者,^p5116

驱逐鳌鱼胜幢母,^p5117

精进于您祈祷者,^p5118

摧毁一切诸敌军,^p5119

杀离驱惑溃散败,^p5120

赐予胜利诸悉地。^p5121

(具光佛母心咒:嗡玛热匝耶索哈)^p5122

为救乱世之灾,持明无畏洲撰著。^p5123

2019.03.22^p5124

^p5125

རིག་འཛིན་འཇིགས་མེད་གླིང་པས།^p5126

ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་པའི་ཚེ། །^p5127

བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །^p5128

ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །^p5129

གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ཞེས་གསུངས།^p5130

持明晋美朗巴:^p5131

生起猛烈嗔心时,心转正法莲师知,^p5132

莫入歧途全知护,悉皆无二恩师知。^p5133

2019.03.23^p5134

^p5135

ཀུན་མཁྱེན་མི་ཕམ་པས།^p5136

བརྩོན་པ་དག་དང་བྲལ་གྱུར་ན། །^p5137

དོན་ཆུང་ཡིན་ཡང་འགྲུབ་པར་དཀའ། །^p5138

བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། །^p5139

རང་གི་ལག་ན་གནས་དང་མཚུངས། །ཞེས་གསུངས།^p5140

全知麦彭巴:^p5141

倘若无有精进心,纵为小事亦难成,^p5142

若具精进诸功德,如同握于手掌中。^p5143

2019.03.24^p5144

^p5145

ས་སྐྱ་པཎྚི་ཏས།^p5146

སེམས་ཅན་ལས་ངན་སྤྱོད་པ་ལ། །^p5147

སངས་རྒྱས་ཀྱིས་ཀྱང་ཅི་བྱར་ཡོད། །^p5148

ཅེས་གསུངས།^p5149

萨迦班智达:^p5150

众生行恶果,^p5151

佛陀也难救。^p5152

2019.03.25^p5153

^p5154

ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས།^p5155

འཁོར་བ་ལ་མི་ཕྱོགས་པ་ནི་བྱང་ཆུབ་སེམས་དཔའ་^p5156

རྣམས་ཀྱི་འཆལ་བའི་ཚུལ་ཁྲིམས་ཀྱི་མཆོག་ཡིན་ནོ། །^p5157

འཁོར་བ་ཡོངས་སུ་འཛིན་པ་ནི་ཚུལ་ཁྲིམས་ཀྱི་མཆོག་^p5158

ཡིན་ནོ། །ཞེས་གསུངས།^p5159

《富楼那请问经》:^p5160

不入轮回是菩萨之破戒,^p5161

受持轮回是殊胜之戒律。^p5162

2019.03.26^p5163

^p5164

དྲི་མ་མེད་པར་གྲགས་པས་བསྟན་པ་ལས།^p5165

ཐབས་ཀྱི་སྲིད་པར་འགྲོ་བའི་འགྲོ་བ་འདི་ནི་^p5166

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་པའོ། །^p5167

ཐབས་དང་བྲལ་བའི་ཤེས་རབ་འདི་ནི་འཆིང་བའོ། །^p5168

ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ། །^p5169

ཞེས་གསུངས།^p5170

《无垢称经》:^p5171

以方便度众生,是诸菩萨之解脱。^p5172

离方便之智慧,为束缚,^p5173

离智慧之方便,亦为束缚。^p5174

2019.03.27^p5175

^p5176

གྲུབ་ཆེན་ས་ར་ཧས།^p5177

དེ་རིང་ཉིད་དུ་མགོན་པོ་ང་ལྟར་འཁྲུལ་བ་ཟད། །^p5178

ད་ནི་སུ་ལའང་འདྲི་བར་མི་བྱའོ། །^p5179

ཞེས་གསུངས།^p5180

大成就者萨绕哈巴:^p5181

今日如我灭迷乱,^p5182

从此谁也不询问。^p5183

2019.03.28^p5184

^p5185

རིན་ཆེན་ཕྲེང་བ་ལས།^p5186

ཆོས་ཀྱི་སྦྱིན་པ་དྲི་མེད་པས། །^p5187

ཚེ་རབས་དྲན་པ་འཐོབ་པར་འགྱུར། །^p5188

ཞེས་གསུངས།^p5189

《中观宝鬘论》:^p5190

法施无有垢,故得宿命通。^p5191

2019.03.29^p5192

^p5193

ཡོན་ཏན་མཛོད་ལས།^p5194

སྲིད་ན་ལ་ལའི་སྣང་བ་ལ་ལའི་མུན། །^p5195

ལ་ལའི་བདུད་རྩི་ལ་ལའི་ཆུ་དང་མེ། །^p5196

ཀུན་ནས་རྣམ་པར་འགའ་བའི་འདུ་ཤེས་རྣམས། །^p5197

བག་ཆགས་རྗེས་འགྲོ་ངེས་པ་འགའ་ཡང་མེད། །ཅེས་གསུངས།^p5198

《功德藏》:^p5199

或为光明或黑暗,或为甘露或水火,^p5200

业感相违诸众生,随其习气无确定。^p5201

2019.03.30^p5202

^p5203

ཀུན་མཁྱེན་ཀློང་ཆེན་པས།^p5204

དེ་ཕྱིར་བྱང་ཆུབ་དོན་དུ་གཉེར་རྣམས་ཀྱིས། །^p5205

ནམ་གྱི་ཆ་སྟོད་ཉིད་དང་ཆ་སྨད་དང་། །^p5206

སྔ་དྲོ་ཕྱི་དྲོ་གུང་རྣམས་རྟག་བརྩོན་པས། །^p5207

བསམ་གཏན་དང་ནི་འདོན་ལ་བརྩོན་འགྲུས་བརྩམ། །^p5208

ཞེས་གསུངས།^p5209

全知龙钦巴:^p5210

希求菩提者,上夜及下夜,^p5211

上下午精进,修禅与诵经。^p5212

2019.03.31^p5213

^p5214

རིག་འཛིན་འཇིགས་མེད་གླིང་པས།^p5215

ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི །^p5216

གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །^p5217

གཟུགས་ཅན་ཉིད་དང་འདུ་འབྲལ་སྤངས་པ་བཞིན། །^p5218

ཚོགས་ཤིང་དུས་ལ་བབས་ཚེ་ལྷག་པར་མངོན། །^p5219

ཞེས་གསུངས།^p5220

持明晋美朗巴:^p5221

高空飞翔金翅鸟,虽暂不见身影现,^p5222

然与其身无离合,因缘聚合定现前。^p5223

2019.04.01^p5224

^p5225

ཀུན་མཁྱེན་མི་ཕམ་པས།^p5226

ཤེས་རབ་རྒྱ་ཆེར་འཕེལ་བ་ན། །^p5227

བྱ་བ་ཀུན་ལ་ཐོགས་རྡུག་མེད། །^p5228

དམུས་ལོང་སྟོང་གིས་བགྲོད་དཀའ་བའི། །^p5229

ལམ་རྣམས་མིག་ལྡན་གཅིག་གིས་གཅོད། །ཅེས་གསུངས།^p5230

全知麦彭仁波切:^p5231

广大智慧若增上,一切事情无阻碍,^p5232

千数盲人难行道,明目一人亦能过。^p5233

2019.04.02^p5234

^p5235

རྒྱུད་ལས།^p5236

དོན་ལ་ཐེ་ཚོམ་མེད་པ་ཡི། །^p5237

མཁས་པ་ལ་ནི་དངོས་གྲུབ་ཉེ། །ཞེས་གསུངས།^p5238

密续:^p5239

于意无怀疑,智者得悉地。^p5240

2019.04.03^p5241

^p5242

འཇམ་དཔལ་རྩ་རྒྱུད་ལས།^p5243

ཡང་ན་བླུན་པོ་དད་པ་ཅན། །^p5244

དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་གསུངས།^p5245

《文殊根本续》:^p5246

或是愚笨坚信者,彼修近得诸成就。^p5247

2019.04.04^p5248

^p5249

དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས།^p5250

རྣམ་གྲངས་འདིས་ཉོན་མོངས་པ་ཐམས་ཅད་ནི་དེ་བཞིན་^p5251

གཤེགས་པ་རྣམས་ཀྱི་རིགས་སུ་རིག་པར་བྱའོ། །ཞེས་གསུངས།^p5252

《维摩诘经》:^p5253

是故当知,一切烦恼,为如来种。^p5254

2019.04.05^p5255

^p5256

འཕགས་པ་དྲི་མ་མེད་པར་གྲགས་པས་^p5257

བསྟན་པ་ཞེས་པའི་མདོ་ལས།^p5258

བྱང་ཆུབ་སེམས་པ་རྣམས་དག་གི །^p5259

མ་ནི་ཤེས་རབ་ཕ་རོལ་ཕྱིན། །^p5260

ཕ་ནི་ཐབས་ལ་མཁས་པ་སྟེ། །^p5261

འདྲེན་པ་རྣམས་ནི་དེ་ལས་སྐྱེས། །ཞེས་གསུངས།^p5262

《维摩诘经》:^p5263

智度菩萨母,方便以为父,^p5264

一切众导师,无不由是生。^p5265

2019.04.06^p5266

^p5267

འཕགས་པ་དྲི་མ་མེད་པར་གྲགས་པས་^p5268

བསྟན་པ་ཞེས་པའི་མདོ་ལས།^p5269

ཆོས་ལ་དགའ་བ་ཆུང་མ་སྟེ། །^p5270

བྱམས་དང་སྙིང་རྗེ་བུ་མོ་ཡིན། །^p5271

ཆོས་དང་བདེན་གཉིས་བུ་ཕོ་ཡིན། །^p5272

སྟོང་པའི་དོན་སེམས་ཁྱིམ་ཡིན་ནོ། །^p5273

ཞེས་གསུངས།^p5274

《维摩诘经》:^p5275

法喜以为妻,慈悲心为女,^p5276

善心诚实男,毕竟空寂舍。^p5277

2019.04.07^p5278

^p5279

རྡོ་གྲུབ་རིན་པོ་ཆེས།^p5280

དེ་ཡང་རྟག་པ་རྒྱུན་གྱི་ཐུགས་རྗེ་ནི་ཆུ་བོའི་རྒྱུན་ལྟ་བུ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི་ཉི་མའི་འོད་ཟེར་^p5281

ལྟ་བུ། བསྐུལ་ཞིང་གསོལ་བ་འདེབས་པའི་ཐུགས་རྗེ་^p5282

ནི་གཏོང་ཕོད་ཅན་ལ་སློང་མོ་བྱེད་པ་ལྟ་བུ། ཡུལ་དང་^p5283

འཕྲད་པའི་ཐུགས་རྗེ་ནི་གདོན་གྱིས་བཏབ་པའི་བུ་ལ་^p5284

མས་བརྩེ་བ་ལྟ་བུའོ། །ཞེས་གསུངས།^p5285

多智仁波切:^p5286

恒常相续之大悲,犹如河流;^p5287

本性自然之大悲,犹如阳光;^p5288

劝请祈祷之大悲,犹如乞者求布施;^p5289

值遇对境之大悲,犹如母怜着魔子。^p5290

2019.04.08^p5291

^p5292

བདེ་ཆེན་ཞིང་བཀོད་ལས།^p5293

བསོད་ནམས་དག་ནི་མ་བྱས་པ། །^p5294

འདི་འདྲ་འདི་དག་ཐོས་མི་འགྱུར། །^p5295

དཔའ་བོ་གང་དག་དོན་འགྲུབ་པ། །^p5296

དེ་དག་གསུང་འདི་ཐོས་པར་འགྱུར། །^p5297

ཞེས་གསུངས།^p5298

《极乐国土庄严经》:^p5299

若未修福德,不闻此正法,^p5300

勇士成事者,必当闻此理。^p5301

2019.04.09^p5302

^p5303

བདེ་ཆེན་ཞིང་བཀོད་ལས།^p5304

སངས་རྒྱས་འབྱུང་བ་རྙེད་པར་དཀའ་འོ། །^p5305

ཆོས་བསྟན་པ་རྙེད་པར་དཀའ་འོ། །^p5306

དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བའོ། །^p5307

ཞེས་གསུངས།^p5308

《极乐国土庄严经》:^p5309

佛陀出世难,宣说正法难,获得人身难。^p5310

2019.04.10^p5311

^p5312

གནས་ལུགས་མཛོད་ལས།^p5313

གསེར་སྒྲོག་ཐག་སྒྲོག་འཆིང་བ་མཉམ་པ་ལྟར། །^p5314

ཆོས་དང་ཆོས་མིན་སེམས་ཀྱིས་འཆིང་བ་མཉམ། །^p5315

དཀར་ནག་སྤྲིན་ཚོགས་སྒྲིབ་པ་མཉམ་པ་ལྟར། །^p5316

དགེ་སྡིག་གཉིས་ཀྱིས་རིག་པ་སྒྲིབ་པར་མཉམ། །ཞེས་གསུངས།^p5317

《实相宝藏论》:^p5318

如金绳链同束缚,法与非法同缚心,^p5319

如黑白云同遮蔽,善恶同为觉性障。^p5320

2019.04.11^p5321

^p5322

སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་ཞལ་སྔ་ནས།^p5323

ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །^p5324

དེ་ལ་བརྟེན་པའི་བསྒོམ་པ་ཡི་རེ་མུག །^p5325

དེ་ལ་སྤྱོད་པའི་སྤྱོད་པ་ཐང་རེ་ཆད། །^p5326

དེ་ལ་འབྲས་བུ་རེ་བ་ཡོང་རེ་འཁྲུལ། །ཞེས་གསུངས།^p5327

大阿阇黎嘎绕多吉:^p5328

执伺意见真愚昧,依彼之修真失望,^p5329

持彼之行真疲惫,于彼求果真迷乱。^p5330

2019.04.12^p5331

^p5332

ཀུན་མཁྱེན་ཀློང་ཆེན་པས།^p5333

མངོན་རློམ་ཡིད་དཔྱོད་ལ་གདེང་བཅས་ནས་ངས་ལྟ་བ་རྟོགས་^p5334

སོ་བྱར་མེད་ཡིན་ནོ་ཞེས་རྔམ་པོ་ཆེར་སྨྲ་བ་ནི། རྣལ་དོན་དང་^p5335

མ་འབྲེལ་བས་ངོ་ཚ་མེད་པའི་ཚིག་སྟེ་བླུན་རྨོངས་མུན་པ་ཅན་^p5336

མིན་པ་སུ་ཞིག་དེ་སྐད་སྒྲོག་པར་བྱེད། གང་ལ་བློ་གྲོས་ཀྱི་མིག་^p5337

ཟུམ་ཞིང་ལོག་པར་ཞུགས་པའི་ཕྱོགས་མང་བ་དག་གི་འདོད་པ་^p5338

སྟེ། ཕྱིན་ཅི་ལོག་པ་དེ་ནི་བསྟན་པ་དམ་པའི་ཆོས་དང་འགལ་^p5339

བས་མཁས་པ་དག་གིས་ཤིན་ཏུ་སྨད་པའི་གནས་སོ། །^p5340

ཞེས་གསུངས།^p5341

全知无垢光尊者:^p5342

一直挂碍着伺察意狂妄地说我是证悟见解^p5343

无作者,与本义毫不相干,^p5344

这种无耻之语除非愚昧盲目者外谁会宣扬?^p5345

许多闭上智慧的双目趋入歧途者的观点,^p5346

完全是颠倒的,与正法相违,^p5347

因此是诸位智者极度谴责之处。^p5348

2019.04.13^p5349

^p5350

ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་ལས།^p5351

བྱིས་བློས་ལྷད་མེད་ཐུབ་པའི་མདོ་སྡེ་ནི། །^p5352

བྱིན་རླབས་ཉི་མ་སྙིང་ལ་འོད་སྣང་སྦྱིན། །^p5353

ཚིག་གཅིག་ཐོས་ཀྱང་བསྐལ་མང་སྡིག་སྒྲིབ་སྦྱོང་། །^p5354

ཞེས་གསུངས།^p5355

《见大乘经功德论》:^p5356

无愚所染之佛经,于心赐加持日光,^p5357

闻一句灭累劫罪。^p5358

2019.04.14^p5359

^p5360

དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་པའི་མདོ་ལས།^p5361

སངས་རྒྱས་ཞིང་ནི་ཇི་སྙེད་པ། །^p5362

བསམ་གྱིས་མི་ཁྱབ་དམྱལ་བར་ཡང་། །^p5363

སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །^p5364

བསམས་བཞིན་དུ་ནི་དེར་འགྲོའོ། །ཞེས་གསུངས།^p5365

《维摩诘经》:^p5366

一切国土中,诸有地狱处,^p5367

辄往到于彼,勉济其苦恼。^p5368

2019.04.15^p5369

^p5370

དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་པའི་མདོ་ལས།^p5371

ཟླ་བའམ་ཉི་མར་དེ་གྱུར་ཏེ། །^p5372

བརྒྱ་བྱིན་ཚངས་པ་སྐྱེ་དགུ་དབང་། །^p5373

ཆུ་དང་མེར་ཀྱང་རབ་གྱུར་ཏེ། །^p5374

ས་དང་རླུང་དུའང་དེ་བཞིན་ནོ། །ཞེས་གསུངས།^p5375

《维摩诘经》:^p5376

或作日月天,梵王世界主,^p5377

或时作地水,或复作风火。^p5378

2019.04.16^p5379

^p5380

དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་པའི་མདོ་ལས།^p5381

བསམས་བཞིན་སྨད་འཚོང་རྣམས་སུ་སྒྱུར། །^p5382

སྐྱེས་པ་རྣམས་ནི་བསྡུ་བའི་ཕྱིར། །^p5383

འདོད་ཆགས་ལྕགས་ཀྱུས་བརྗོད་ནས་སུ། །^p5384

དེ་དག་སངས་རྒྱས་ཡེ་ཤེས་འགོད། །ཅེས་གསུངས།^p5385

《维摩诘经》:^p5386

或现作淫女,引诸好色者,^p5387

先以欲钩牵,后令入佛道。^p5388

2019.04.17^p5389

^p5390

རྩ་རྒྱུད་ལས།^p5391

གཅིག་དང་དུ་མ་བྲལ་བ་ཡི། །^p5392

མཐའ་དང་དབུས་མེད་དེ་བཞིན་ཉིད། །^p5393

སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །^p5394

རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས།^p5395

《根本续》:^p5396

远离一与多,无中边真如,^p5397

如来亦不见,本智无住现。^p5398

2019.04.18^p5399

^p5400

ཀུན་མཁྱེན་འཇིགས་མེད་གླིང་པས།^p5401

རིག་ངོ་འཕྲོད་ཀྱང་གོམས་འདྲེས་མ་བྱས་ན། །^p5402

རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །^p5403

ཞེས་གསུངས།^p5404

全知无畏洲:^p5405

纵然认识了本性,但若没有修行,^p5406

则会被分别念的怨敌拐走,^p5407

就像在战场上的孩子一样。^p5408

2019.04.19^p5409

^p5410

སྤྲིང་ཡིག་བདུད་རྩིའི་ཐིགས་པ་ལས་ཀྱང་།^p5411

ཇི་ལྟར་ཆུ་ལ་ཆུ་ཐིམ་དང་། །^p5412

མར་ལ་མར་ནི་རྗེས་ཞུགས་ལྟར། །^p5413

ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། །^p5414

དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །^p5415

དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །^p5416

རང་བཞིན་ཆོས་སྐུ་ཞེས་བྱ་བརྗོད། །ཅེས་གསུངས།^p5417

《甘露滴书》:^p5418

犹如水融水,酥油入酥油,^p5419

所知离戏性,无别智相融。^p5420

彼即一切佛,自性称法身。^p5421

2019.04.20^p5422

^p5423

མུ་ཏིག་ཕྲེང་བ་ལས།^p5424

འཁོར་བ་ཉིད་ཀྱི་དོན་རྟོགས་ན། །^p5425

མྱ་ངན་འདས་ཞེས་ཡོད་མ་ཡིན། །^p5426

ཉོན་མོངས་ལྔ་ཡི་དོན་རྟོགས་ན། །^p5427

ཡེ་ཤེས་གཞན་དུ་ཡོད་མ་ཡིན། །^p5428

སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །^p5429

བདེ་བ་ཆེན་པོ་བཙལ་དུ་མེད། །ཅེས་གསུངས།^p5430

《珍珠鬘续》:^p5431

若证轮回义,非有涅槃名;^p5432

若证五惑义,本智他非有;^p5433

若证痛苦义,大乐无可寻。^p5434

2019.04.21^p5435

^p5436

དགེ་སྐྱེས་ཀྱི་མདོ་ལས།^p5437

དྲོ་གྲང་དག་ལ་མི་འཛེམས་པར། །^p5438

ཉིན་མཚན་ཀུན་ཏུ་བརྩོན་བྱས་ན། །^p5439

མི་འགྲུབ་བྱ་བ་གཅིག་ཀྱང་མེད། །^p5440

མཐར་ཐུག་མྱ་ངན་མེད་པར་འགྱུར། །ཞེས་གསུངས།^p5441

《善生经》:^p5442

若不计寒暑,朝夕勤修务,^p5443

事业无不成,至终无忧患。^p5444

2019.04.22^p5445

^p5446

གྲུབ་མཐའ་མཛོད་ལས།^p5447

དེའང་སེམས་ཅན་གྱི་མོས་པ་སྣ་ཚོགས་པས། གང་ཟག་^p5448

དང་ཆོས་ཀྱང་སྣ་ཚོགས་སུ་སྣང་བས་དོན་བྱེད་པའི་^p5449

ཕྱིར། ཆོས་ཀྱི་རིགས་གང་ལའང་འདི་ནི་ལོག་པའོ། །^p5450

འདི་ནི་བཅོས་མའོ། །འདི་ནི་ངན་པའོ་ཞེས་སྒྲོ་སྐུར་^p5451

བར་མི་བྱ་བ་ཁོ་ནའོ། །ཞེས་གསུངས།^p5452

《宗派宝藏论》:^p5453

因为众生的兴趣千差万别,(佛菩萨)会显现为各种各样的补特伽罗和正法来饶益他们,所以不能把任何教派称为邪教、伪教、恶教而进行诽谤和诋毁。^p5454

2019.04.23^p5455

^p5456

ཚིག་དོན་མཛོད་ལས།^p5457

ད་ལྟའི་སྙིང་ཏིག་འདིའི་བསྟན་པའི་མཐའ་མ་མོས་པས་^p5458

སྤྱོད་པའི་ས་ཞེས་བྱ་བ་ལ་སླེབ་པའི་དུས་ཏེ། ཁྱད་པར་^p5459

གསང་བ་རྒྱལ་པོ་འདི་ཀུན་གྱི་རྩེ་མོ་ཡིན་པས་ཐོས་བསམ་^p5460

ཆེ་ལ་ཤེས་རབ་དང་སྐལ་བ་མཆོག་མ་གཏོགས་པས་འདིའི་^p5461

དོན་རྟོགས་མི་སྲིད་པའི་ཕྱིར་ན་ཐེག་འདིར་འཇུག་པ་ལ་^p5462

ཐོས་བསམ་རྒྱ་ཆེ་བ་ཞིག་དགོས། ཞེས་གསུངས།^p5463

《句义宝藏论》:^p5464

如今,心滴教法已到信解地之末时,^p5465

尤其它是一切乘之顶的秘密王,^p5466

除非有闻思智慧和殊胜缘分,^p5467

否则难以证悟。所以,若想趋入此乘,^p5468

必须要广闻深思。^p5469

2019.04.24^p5470

^p5471

ཆེད་དུ་བརྗོད་པའི་ཚོམས་ལས།^p5472

སངས་རྒྱས་རྣམས་ནི་འབྱུང་བ་བདེ། །^p5473

དེ་བཞིན་ཆོས་རྣམས་བསྟན་པ་བདེ། །^p5474

དགེ་འདུན་རྣམས་ནི་མཐུན་པ་བདེ། །^p5475

མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་གསུངས།^p5476

《法集要颂经》:^p5477

诸佛出兴乐,说法堪受乐,^p5478

众僧和合乐,和则常有安。^p5479

2019.04.25^p5480

^p5481

མཆོད་རྟེན་བསྐོར་བའི་ཚིགས་བཅད་ལས།^p5482

དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །^p5483

སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །^p5484

བསམ་མི་ཁྱབ་ལ་དད་རྣམས་ཀྱིས། །^p5485

རྣམ་པར་སྨིན་པ་བསམ་མི་ཁྱབ། །ཅེས་གསུངས།^p5486

《右绕佛塔功德经》:^p5487

佛陀不可思,正法不可思,^p5488

于不可思生信,异熟不可思。^p5489

2019.04.26^p5490

^p5491

གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལས།^p5492

སུ་དག་འཇིག་རྟེན་བླ་མས་གསུངས་པ་ཡི། །^p5493

དམ་ཆོས་ཚུལ་བཟང་ཐོས་ནས་ཉམས་སུ་ལེན། །^p5494

དེ་དག་ཉོན་མོངས་ཆུ་རླབས་རབ་འཇིགས་པའི། །^p5495

སྲིད་པའི་རྒྱ་མཚོ་མྱུར་དུ་བརྒལ་བར་འགྱུར། །ཞེས་གསུངས།^p5496

《波斯匿王经》:^p5497

何人听闻并修持,世间导师所说法,^p5498

彼等定能速超越,惑怖汹涌轮回海。^p5499

2019.04.27^p5500

^p5501

མངོན་རྟོགས་རྒྱན་ལས།^p5502

གང་གི་སྲིད་པ་ཇི་སྲིད་པར། །^p5503

འགྲོ་བ་ཕན་པ་སྣ་ཚོགས་དག །^p5504

མཉམ་དུ་མཛད་པའི་སྐུ་དེ་ནི། །^p5505

ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་གསུངས།^p5506

《现观庄严论》:^p5507

若乃至三有,于众生平等,^p5508

作种种利益,佛化身无断。^p5509

2019.04.28^p5510

^p5511

ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ་ལས།^p5512

མི་ཡི་ལུས་ནི་ཐོབ་པ་དཀའ། །^p5513

སངས་རྒྱས་བསྟན་པ་ཐོས་པ་དཀའ། །^p5514

དགེ་བའི་སེམས་ནི་བསྐྱེད་པ་དཀའ། །^p5515

དམ་པའི་ཆོས་ནི་ཤེས་པ་དཀའ། །ཞེས་གསུངས།^p5516

《业果成熟经》:^p5517

人身极难得,佛法极难闻,^p5518

善心极难生,正法极难证。^p5519

2019.04.29^p5520

^p5521

ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ་ལས།^p5522

སངས་རྒྱས་འདོད་ན་གསུང་རབ་སྒྲོགས་བརྩོན་བྱ། །^p5523

དགེ་སེམས་འདོད་ན་ཞེ་སྡང་མི་བྱའོ། །^p5524

འབྲས་བཟང་འདོད་ན་མཆོད་པ་རྟག་ཏུ་བྱ། །^p5525

ཚེ་རིང་འདོད་ན་སྲོག་གཅོད་སྤང་བར་བྱ། །ཞེས་གསུངས།^p5526

《业果成熟经》:^p5527

若欲成佛宣正法,若欲心善不生嗔,^p5528

若欲妙果常供养,若欲长寿断杀生。^p5529

2019.04.30^p5530

^p5531

ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས།^p5532

དབུ་བ་དག་ལ་སྙིང་པོ་མེད། །^p5533

ལོངས་སྤྱོད་དག་ལ་རྟག་པ་མེད། །^p5534

ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །^p5535

གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །^p5536

མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །^p5537

སྲོག་ནི་ཆུ་བུར་འདྲ་བ་ཡིན། །ཞེས་གསུངས།^p5538

《清净律仪经》:^p5539

水泡无实质,财富不恒常,^p5540

受用如流水,家舍如浮舟,^p5541

美貌如鲜花,生命如聚沫。^p5542

2019.05.01^p5543

^p5544

དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས།^p5545

འཇམ་དཔལ་གྱིས་སྨྲས་པ། སྐྱེས་བུ་དམ་པ་ཁྱེད་ཀུན་གྱིས་ཀྱང་^p5546

ལེགས་པར་སྨྲས་མོད་ཀྱི་ཁྱེད་ཀྱིས་བཤད་པ་དེ་ཐམས་ཅད་ནི་^p5547

གཉིས་སོ། །བསྟན་པ་གཅིག་ནི་མ་གཏོགས་ཏེ་བརྗོད་དུ་མེད་པ།^p5548

སྨྲར་མེད་པ། བཤད་དུ་མེད་པ། བསྒྲག་ཏུ་མེད་པ། བསྟན་དུ་མེད་^p5549

པར་གདགས་སུ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། །^p5550

ཞེས་གསུངས།^p5551

《无垢称经》:^p5552

时,妙吉祥告诸菩萨:汝等所言虽皆是善,^p5553

如我意者,汝等此说犹名为二。^p5554

若诸菩萨于一切法,无言无说无表无示,^p5555

离诸戏论绝于分别,是为悟入不二法门。^p5556

2019.05.02^p5557

^p5558

ཉི་ཟླ་ཁ་སྦྱོར་ལས།^p5559

གང་ཞིག་ལུས་ཅན་སྐྱེས་བུ་རྣམས། །^p5560

ཚེ་ནི་མི་རྟག་རྨི་ལམ་འདྲ། །^p5561

རྨི་ལམ་གྱིས་ནི་གྲུབ་པ་མེད། །^p5562

ཚེ་ནི་མི་རྟག་ཆུ་དྲག་འདྲ། །^p5563

འབབ་ཆུས་གཅིག་ཏུ་བསྡད་པ་མེད། །^p5564

ཚེ་ནི་མི་རྟག་འཛིན་རླུང་འདྲ། །^p5565

རླུང་གིས་སྐྱེས་བུ་གཟུང་བ་མེད། །ཅེས་གསུངས།^p5566

《日月吻合续》:^p5567

一切世间众有情,生命无常如梦境,^p5568

梦境本来无所成;生命无常如流水,^p5569

流水不可停一处;生命无常如飓风,^p5570

风本不可持有情。^p5571

2019.05.03^p5572

^p5573

དོ་ཧ་ལས།^p5574

མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །^p5575

ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །^p5576

ཞེས་གསུངས།^p5577

《多哈道歌》:^p5578

诸多智者宣教典,^p5579

不知自身具佛陀。^p5580

2019.05.04^p5581

^p5582

མི་ཕམ་རིན་པོ་ཆེའི་ཚིག་གསུམ་^p5583

གནད་ཀྱི་མན་ངག་ལས།^p5584

ཐ་མལ་ཤེས་པ་རྒྱ་ཡན་ལ། །^p5585

ཚིག་གིས་མི་མཚོན་རང་གིས་རིག །^p5586

བཟོ་བཅོས་འཛིན་ཞེན་རང་ལོག་ན། །^p5587

སེམས་ཀྱི་ངོ་བོ་རིག་ཅེས་བྱ། །ཞེས་གསུངས།^p5588

麦彭仁波切《三句要诀》:^p5589

放任平庸识,不依词自证,^p5590

自灭勤作执,可谓证心性。^p5591

2019.05.05^p5592

^p5593

མི་ཕམ་རིན་པོ་ཆེའི་ཚིག་གསུམ་^p5594

གནད་ཀྱི་མན་ངག་ལས།^p5595

ནམ་མཁའི་ངང་ནས་སྤྲིན་བཞིན་དུ། །^p5596

སྣ་ཚོགས་རྣམ་རྟོག་རྦ་རླབས་ཀུན། །^p5597

ཕན་གནོད་མེད་པར་བློ་བདེ་ན། །^p5598

རང་སར་གྲོལ་ཞེས་དེ་ལ་བྱ། །ཞེས་གསུངས།^p5599

麦彭仁波切《三句要诀》:^p5600

犹如空中云,分别念波涛,^p5601

无利无害时,可谓自解脱。^p5602

2019.05.06^p5603

^p5604

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p5605

རྗེ་མི་ཕམ་རྒྱ་མཚོའི་བུ་རྒྱུད་དུ་གྱུར་ཚད། །^p5606

གནས་ནང་གསལ་དབྱིངས་སུ་ཁྱུང་ལྡིང་བཞིན་འཕུར་ཐལ། །^p5607

བདག་ད་ལྟ་རྟོགས་པའི་རྩལ་ཤུགས་ཆེར་མེད་ཀྱང་། །^p5608

གནས་ངན་འགྲོའི་གཡང་དུ་ལྷུང་དོགས་ནི་མི་འདུག །^p5609

ཅེས་གསུངས།^p5610

法王晋美彭措:^p5611

至尊麦彭嘉措传承徒,^p5612

皆如大鹏翱翔内明界,^p5613

我今证悟妙力虽微弱,^p5614

似无坠入恶趣深渊虑。^p5615

2019.05.07^p5616

^p5617

རྗེ་རྒོད་ཚང་བའི་ཞལ་ནས།^p5618

གཞན་རྣམས་བདེ་སྐྱིད་བྱུང་ཚེ་བླ་མའི་བྱིན་རླབས་སུ་འདོད་^p5619

པས། ང་སྡུག་བསྔལ་བྱུང་ཡང་བླ་མའི་བྱིན་རླབས་སུ་འདོད་^p5620

པས། རྐྱེན་སྣང་རང་བླ་མ་རུ་ཀྲོང་ངེ་རུ་ཤར་བ་འདི་གཞན་དང་^p5621

མོས་གུས་ཀྱི་ཁྱད་པར་ཆེ་བ་ཡིན། ཞེས་གསུངས།^p5622

至尊果仓巴:^p5623

别人出现快乐时,认为此乃上师之加持,而我出现痛苦时,认为此乃上师之加持。无论出现任何外缘,直接显现为上师相,这是我与众不同的敬信。^p5624

2019.05.08^p5625

^p5626

གསེར་འོད་དམ་པ་ལས།^p5627

སངས་རྒྱས་མྱ་ངན་ཡོངས་མི་འདའ། །^p5628

ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །^p5629

མ་རིག་སྨིན་མཛད་གདུལ་བའི་ཕྱིར། །ཞེས་གསུངས།^p5630

《胜光明经》:^p5631

如来不涅槃,正法不隐没,为度无明众。^p5632

2019.05.09^p5633

^p5634

བཅོམ་ལྡན་འདས་ཀྱིས།^p5635

མྱ་ངན་མ་བྱེད་ཀུན་དགའ་བོ། །^p5636

སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །^p5637

ང་ནི་ཕྱི་མའི་དུས་ཀྱི་ཚེ། །^p5638

དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །^p5639

ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས།^p5640

世尊:^p5641

阿难莫哀伤,阿难莫哭泣,^p5642

末时五百世,我现善知识,^p5643

饶益汝等众。^p5644

2019.05.10^p5645

^p5646

སྒྱུ་འཕྲུལ་གསང་སྙིང་ལས།^p5647

རྡོ་རྗེ་ཕུང་པོའི་ཡན་ལག་ནི། །^p5648

རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །^p5649

སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །^p5650

བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་གསུངས།^p5651

《幻网密藏续》:^p5652

金刚蕴之分支者,共称圆满五佛陀,^p5653

一切处界诸多种,悉为菩萨坛城性。^p5654

2019.05.11^p5655

^p5656

སྒྱུ་འཕྲུལ་གསང་སྙིང་ལས།^p5657

ས་ཆུ་སྤྱན་དང་མ་མ་ཀཱི། །^p5658

མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །^p5659

ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །^p5660

སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་གསུངས།^p5661

《幻网密藏续》:^p5662

水玛玛格地佛眼,火为白衣风度母,^p5663

虚空法界自在母,三有本来正等觉。^p5664

2019.05.12^p5665

^p5666

སྒྱུ་འཕྲུལ་གསང་སྙིང་ལས།^p5667

ཐམས་ཅད་མ་ལུས་ཆོས་སོ་ཅོག །^p5668

སངས་རྒྱས་ཉིད་ལས་གཞན་མ་ཡིན། །^p5669

སངས་རྒྱས་ཉིད་ལས་གཞན་པའི་ཆོས། །^p5670

སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས།^p5671

《幻网密藏续》:^p5672

无余所有一切法,除佛陀外无他法,^p5673

除正觉外其他法,一切佛陀亦不得。^p5674

2019.05.13^p5675

^p5676

བླ་མ་རིན་པོ་ཆེ་མི་ཕམ་ཚང་གིས།^p5677

སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །^p5678

བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །^p5679

ཅེས་གསུངས།^p5680

麦彭仁波切:^p5681

自心简易难信之秘密,^p5682

愿以上师窍诀力见之。^p5683

2019.05.14^p5684

^p5685

གནའ་བོའི་སྒྲུང་གཏམ་ལས།^p5686

མགོ་པད་ཞུ་ནམ་མཁའ་ལྡེམ་ནི་བས། །^p5687

སློག་ཞུ་རྣ་རྩར་དྲོ་ན་དགའ། །ཞེས་གསུངས།^p5688

古谚语:^p5689

飘扬空中莲花帽,^p5690

不如耳边暖皮帽。^p5691

2019.05.15^p5692

^p5693

མདོ་སྡེ་རྒྱན་ལས།^p5694

བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །^p5695

ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །^p5696

དེ་ཉིད་རབ་ཏུ་རྟོགས་པར་སྨྲ་མཁས་ལྡན། །^p5697

བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་གསུངས།^p5698

《经庄严论》:^p5699

依师当调柔,寂灭功德胜,^p5700

勤富教悟真,善说悲无厌。^p5701

2019.05.16^p5702

^p5703

སློབ་དཔོན་སེང་གེ་བཟང་པོས།^p5704

ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །^p5705

དུབ་པ་བདག་གི་ངལ་གསོའི་གནས། །^p5706

ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །^p5707

རིང་མོ་ཞིག་ནས་མཐོང་བ་ཡིན། །ཞེས་གསུངས།^p5708

狮子贤论师:^p5709

奇哉种种宗,疲惫我憩处,^p5710

般若之显宗,经久方现见。^p5711

2019.05.17^p5712

^p5713

བྲམ་ཟེ་གཉུག་མའི་གླུ་ལས།^p5714

གང་གང་མཐོང་བ་དེ་དེ་ཉིད། །^p5715

དེ་རིང་མགོན་པོ་ད་ལྟར་འཁྲུལ་པ་ཆད། །^p5716

ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་གསུངས།^p5717

《萨饶哈道歌》:^p5718

现见何法彼彼性,^p5719

今如怙主我断迷,^p5720

现今谁亦不必问。^p5721

2019.05.18^p5722

^p5723

ཆོས་དབྱིངས་མཛོད་ལས།^p5724

བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །^p5725

ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། །^p5726

བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང་། །^p5727

ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཅེས་གསུངས།^p5728

《法界宝藏论》:^p5729

愿依于我何有情,嗔恨起信或加害,^p5730

赞叹抑或随行者,一切速由我引导。^p5731

2019.05.19^p5732

^p5733

རྒྱལ་སྲས་ཞི་བ་ལྷས།^p5734

བདག་བདེ་གཞན་གྱི་སྡུག་བསྔལ་དག །^p5735

ཡང་དག་བརྗེ་བ་མ་བྱས་ན། །^p5736

སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །^p5737

འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས།^p5738

寂天菩萨:^p5739

若不以自乐,真实换他苦,^p5740

非仅不成佛,生死亦无乐。^p5741

2019.05.20^p5742

གསོལ་འདེབས་དངོས་གྲུབ་ཀུན་འབྱུང་བཞུགས།^p5743

སྤྲུལ་པའི་གུ་རུ་མཚན་བརྒྱད་དང་། །^p5744

གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །^p5745

བྱང་སེམས་ཉེ་བའི་སྲས་བརྒྱད་དང་། །^p5746

སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །^p5747

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །^p5748

ཕྱི་ནང་གསང་བའི་བར་ཆད་སོལ། །^p5749

བསམ་པ་ཡིད་བཞིན་འགྲུབ་པ་དང་། །^p5750

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །^p5751

གསེར་འཕྱོང་མེ་བྱ་སྨིན་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉི་ཤར་^p5752

ལ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་བརྡོལ་བའོ། །རང་གི་དུས་གསུམ་^p5753

ཀུན་གྱི་འདོན་ཆ་ཡི། །སྙིང་པོ་འདི་ནི་འདི་ཤར་ནས་ནི་བདག །ཤིན་ཏུ་^p5754

བརྒལ་དཀའ་སྡུག་བསྔལ་འདམ་ལས་ཐར། །དགེ་ལེགས་རྟག་པ་དམ་^p5755

པའི་དངོས་གྲུབ་ཐོབ། །སླན་ཆད་འདི་འབུམ་བཏོན་ན་རང་བསམ་^p5756

གེགས་མེད་བསམ་འཕེལ་ལྷུན་འགྲུབ་འབྱུང་། དགེའོ། །^p5757

2019.05.20^p5758

^p5759

《普获悉地祈祷文》^p5760

八相幻化莲师尊,八大成就持明者,^p5761

八大菩萨近佛子,八大法行尊众前,^p5762

虔诚祈祷予加持,尽除外内密违缘,^p5763

如意成就诸所愿,赐予共不共悉地。^p5764

火鸡年十一月上旬初一吉日晨朝,蒋阳多吉(麦彭仁波切)觉海中自然流露。自诸三时念诵中,此精华偈显现已,我离难越苦淤泥,恒善妙得胜悉地。若将来有人诵此十万遍,则无碍如意任运实现所愿。^p5765

2019.05.21^p5766

^p5767

བཤེས་པའི་སྤྲིང་ཡིག་ལས།^p5768

ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །^p5769

བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །^p5770

ཅེས་གསུངས།^p5771

《亲友书》:^p5772

佛像纵然以木雕,^p5773

无论如何智者供。^p5774

2019.05.22^p5775

^p5776

བཤེས་སྤྲིང་ལས།^p5777

སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་། །^p5778

ཤེས་རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །^p5779

དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན། །^p5780

དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །ཅེས་གསུངས།^p5781

《亲友书》:^p5782

族貌闻虽具全士,然离慧戒非受敬,^p5783

何者具此二功德,彼无他德亦应供。^p5784

2019.05.23^p5785

^p5786

རྒྱལ་སྲས་ཞི་བ་ལྷས།^p5787

སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །^p5788

སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །^p5789

བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །^p5790

བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །ཞེས་གསུངས།^p5791

寂天菩萨:^p5792

欲灭三有百般苦,及除有情众不安,^p5793

欲享百种快乐者,恒常莫舍菩提心。^p5794

2019.05.24^p5795

^p5796

ཆོས་ཀྱི་གྲགས་པའི་རྣམ་ངེས་ལས།^p5797

ལོག་པའི་ལམ་ལ་མཐའ་མེད་ཕྱིར། །^p5798

དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས།^p5799

法称论师《定量论》:^p5800

邪道无边故,一一难述尽。^p5801

2019.05.25^p5802

^p5803

ཕལ་པོ་ཆེ་ལས།^p5804

རྒྱལ་བའི་ཡེ་ཤེས་བླ་མེད་ཀྱིས། །^p5805

སྐད་ཅིག་གིས་ནི་དོན་ཀུན་རིག །ཅེས་གསུངས།^p5806

《华严经》:^p5807

如来无上智,刹那见诸法。^p5808

2019.05.26^p5809

^p5810

རྒྱུད་བླ་ལས།^p5811

འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །^p5812

གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །^p5813

མཁྱེན་དང་བརྩེ་དང་ནུས་པར་ལྡན། །^p5814

དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས།^p5815

《宝性论》:^p5816

无为任运成,非依他缘证,^p5817

具足智悲力,具二利佛陀。^p5818

2019.05.27^p5819

^p5820

རྒྱུད་བླ་ལས།^p5821

བསམ་མེད་གཉིས་མེད་རྟོག་མེད་པ། །^p5822

དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །^p5823

གང་ཞིག་གང་གིས་ཆགས་བྲལ་བ། །^p5824

བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་གསུངས།^p5825

《宝性论》:^p5826

无思二分别,净明对治品,^p5827

所能离贪者,具二谛相法。^p5828

2019.05.28^p5829

^p5830

རྒྱུད་བླ་ལས།^p5831

ཇི་བཞིན་ཇི་སྙེད་ནང་གི་ནི། །^p5832

ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །^p5833

བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །^p5834

བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས།^p5835

《宝性论》:^p5836

如所尽所有,内智见清净,^p5837

具慧不退僧,具无上功德。^p5838

2019.05.29^p5839

^p5840

དཀོན་མཆོག་གསུམ་གྱི་བསྟོད་པ་ལས།^p5841

སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །^p5842

སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །^p5843

དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །^p5844

གསུམ་ལ་རྟག་ཏུ་བདག་ཕྱག་འཚལ། །ཞེས་གསུངས།^p5845

《三宝赞》:^p5846

顶礼主尊佛,顶礼救护法,^p5847

顶礼大众僧,我恒礼三宝。^p5848

2019.05.30^p5849

^p5850

རྒྱལ་སྲས་ཞི་བ་ལྷས།^p5851

བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །^p5852

ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །^p5853

འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །^p5854

བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །ཅེས་གསུངས།^p5855

寂天菩萨:^p5856

佛于多劫深思维,见此觉心最饶益,^p5857

无量众生依于此,顺利能获最胜乐。^p5858

2019.05.31^p5859

^p5860

མདོ་ལས།^p5861

འགྲོ་འདི་ཐམས་ཅད་ལས་ལས་བྱུང་། །^p5862

ལས་རྣམས་ཀུན་ལ་མཐུ་ཡོད་པས། །^p5863

ལུས་ཅན་ཀུན་གྱི་སྐྱིད་སྡུག་འདི། །^p5864

ལས་རྣམས་ཡིན་པར་ཤེས་པར་བྱ། །ཞེས་གསུངས།^p5865

佛经:^p5866

众生依业生,诸业具威力,^p5867

众生诸苦乐,当知皆由业。^p5868

2019.06.01^p5869

^p5870

སྤྱོད་འཇུག་ལས།^p5871

གང་ཚེ་བདག་དང་གཞན་གཉིས་ཀ །^p5872

བདེ་བ་འདོད་དུ་མཚུངས་པ་ལས། །^p5873

བདག་གཞན་ཁྱད་པར་ཅི་ཡོད་ན། །^p5874

གང་ཕྱིར་བདག་གི་བདེ་བ་བརྩོན། །ཞེས་གསུངས།^p5875

《入行论》:^p5876

自与他双方,求乐既相同,^p5877

自他何差殊?何故求独乐?^p5878

2019.06.02^p5879

^p5880

བྱམས་པ་སེང་གེ་སྒྲ་ཆེན་པོ་བསྟན་པའི་མདོ་ལས།^p5881

དེ་བཞིན་གཤེགས་པ་བལྟ་བར་བྱ་སྙམ་དུ་རྣམ་པར་རྟོག་པ་གང་^p5882

ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ཇི་ལྟ་བ་^p5883

བཞིན་དུ་བལྟ་བར་བྱ་ཞིང་། སྐུ་གཟུགས་འདི་ཇི་ལྟར་མཐོང་བ་^p5884

དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བལྟ་བར་བྱ་སྟེ། དེ་ལྟར་^p5885

མཐོང་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །^p5886

ཞེས་གསུངས།^p5887

《弥勒狮吼经》:^p5888

欲见如来身相之分别念,实为如来身相;^p5889

眼目所见之画像,实为如来真身。^p5890

若明了此理,则为已睹如来。^p5891

2019.06.03^p5892

^p5893

སྒྱུ་མ་མཁན་བཟང་པོས་ཞུས་པ་ལས།^p5894

བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །^p5895

ཕྱོགས་བཅུའི་སངས་རྒྱས་ལ་ནི་མཆོད་འགྱུར་ཏེ། །^p5896

འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང་། །^p5897

ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས།^p5898

《幻师妙贤请问经》:^p5899

妙贤若人供一佛,则供十方一切佛,^p5900

诸如来与我法界,恒时无二无别故。^p5901

2019.06.04^p5902

^p5903

སངས་རྒྱས་ཕལ་པོ་ཆེ་ལས།^p5904

སངས་རྒྱས་མཐོང་བ་ཙམ་གྱིས་འགྲོ་བ་ཡི། །^p5905

ལས་ཀྱི་སྒྲིབ་པ་ཐམས་ཅད་བཟློག་པར་འགྱུར། །^p5906

བདུད་ཀྱི་ལས་རྣམས་ཀུན་ཀྱང་དེ་བཞིན་སྤོང་། །^p5907

ཞེས་གསུངས།^p5908

《华严经》:^p5909

仅仅见如来,^p5910

能断诸业障,^p5911

远离众魔业。^p5912

2019.06.05^p5913

^p5914

མདོ་ལས།^p5915

བྱང་ཆུབ་སེམས་དཔའ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་^p5916

བཞུགས་པའི་ཏིང་ངེ་འཛིན་དེ་ནི་ཆོས་བཞི་དང་ལྡན་ན་འཐོབ་^p5917

སྟེ། བཞི་གང་ཞེ་ན། མི་འཕྲོག་པའི་དད་པ་དང་། ཕྱིར་མི་ལྡོག་^p5918

པའི་བརྩོན་འགྲུས་དང་། གཞན་དྲིང་མི་འཇོག་པའི་ཤེས་རབ་^p5919

དང་། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའོ། །^p5920

ཞེས་གསུངས།^p5921

佛经:^p5922

现今如来住世等持可以四法获取。^p5923

何为四法?^p5924

坚定不移之信心、永不退转之精进、^p5925

不依他人之智慧、依止善知识。^p5926

2019.06.06^p5927

^p5928

དཔུང་བཟང་གིས་ཞུས་པ་ལས།^p5929

སེམས་ནི་གློག་དང་རླུང་དང་སྤྲིན་དང་འདྲ། །^p5930

རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་མཚུངས། །^p5931

སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ། །^p5932

གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ། །ཞེས་གསུངས།^p5933

《妙臂请问经》:^p5934

心如电如风如云,亦如大海起波浪,^p5935

须臾随意散外境,动摇迷乱当调伏。^p5936

2019.06.07^p5937

^p5938

རྒྱལ་བའི་ཡུམ་ལས།^p5939

ཆོས་ཐམས་ཅད་ནི་སྒྱུ་མ་དང་རྨི་ལམ་ལྟ་བུ། གལ་ཏེ་མྱ་ངན་ལས་^p5940

འདས་པ་ལས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་སྒྱུ་མ་དང་^p5941

རྨི་ལམ་ལྟ་བུའོ། །ཞེས་གསུངས།^p5942

《般若经》:^p5943

诸法如幻如梦,涅槃如幻如梦,^p5944

若有超胜涅槃之法,亦如幻如梦。^p5945

2019.06.08^p5946

^p5947

མདོ་ཏིང་འཛིན་རྒྱལ་པོ་ལས།^p5948

ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །^p5949

སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །^p5950

མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱི་སྟོང་། །^p5951

ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས།^p5952

《三摩地王经》:^p5953

如梦亦如幻,阳焰乾闼婆,^p5954

夜灯本性空,诸法如是观。^p5955

2019.06.09^p5956

^p5957

འཕགས་པ་སྒྲ་གཅན་འཛིན་གྱི་ཞལ་སྔ་ནས།^p5958

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །^p5959

མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །^p5960

སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །^p5961

དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས།^p5962

罗睺罗:^p5963

无可言思智慧到彼岸,^p5964

无生无灭虚空之本性,^p5965

各别自证智慧之行境,^p5966

顶礼三世如来之佛母。^p5967

2019.06.10^p5968

^p5969

མགོན་པོ་ཀླུ་སྒྲུབ་ཀྱིས།^p5970

གཞན་ལས་ཤེས་མིན་ཞི་བ་དང་། །^p5971

སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །^p5972

རྣམ་རྟོག་མེད་དོན་ཐ་དད་མེད། །^p5973

དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས།^p5974

龙猛菩萨:^p5975

自知不随他,寂灭无戏论,^p5976

无异无分别,是则名实相。^p5977

2019.06.11^p5978

^p5979

བཤེས་པའི་སྤྲིང་ཡིག་ལས།^p5980

འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །^p5981

བདེ་དང་མི་བདེ་སྙན་དང་མི་སྙན་དང་། །^p5982

བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །^p5983

བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས།^p5984

《亲友书》:^p5985

知世法者得与失,乐忧美言与恶语,^p5986

赞毁世间此八法,非我意境当平息。^p5987

2019.06.12^p5988

^p5989

བཤེས་པའི་སྤྲིང་ཡིག་ལས།^p5990

དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །^p5991

དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། །^p5992

ཤེས་རབ་ནོར་བདུན་ལེགས་པར་ཐུབ་པས་གསུངས། །^p5993

ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །ཅེས་གསུངས།^p5994

《亲友书》:^p5995

佛说信心与持戒,多闻布施净知惭,^p5996

有愧智慧圣七财,了知余财无实义。^p5997

2019.06.13^p5998

^p5999

བཤེས་པའི་སྤྲིང་ཡིག་ལས།^p6000

གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །^p6001

ཡང་དག་ལྟ་བ་གོམས་པ་ཉིད་དུ་མཛོད། །^p6002

གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །^p6003

ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས།^p6004

《亲友书》:^p6005

若求善趣与解脱,理当修习世正见,^p6006

若持邪见纵行善,亦具难忍之苦果。^p6007

2019.06.14^p6008

^p6009

བཤེས་པའི་སྤྲིང་ཡིག་ལས།^p6010

ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །^p6011

ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །^p6012

དབུགས་རྔུབ་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །^p6013

སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས།^p6014

《亲友书》:^p6015

寿命多害即无常,犹如水泡为风吹,^p6016

呼气吸气沉睡间,能得觉醒极稀奇!^p6017

2019.06.15^p6018

^p6019

བཤེས་པའི་སྤྲིང་ཡིག་ལས།^p6020

དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །^p6021

དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །^p6022

འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟོད་པའི། །^p6023

རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་གསུངས།^p6024

《亲友书》:^p6025

即便见闻地狱图,忆念读诵或造形,^p6026

亦能生起怖畏心,何况真受异熟果。^p6027

2019.06.16^p6028

^p6029

བཤེས་པའི་སྤྲིང་ཡིག་ལས།^p6030

རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །^p6031

གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །^p6032

གང་གིས་འདི་ནི་ཡང་དག་མཐོང་བ་དེས། །^p6033

སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང་། །^p6034

ཞེས་གསུངས།^p6035

《亲友书》:^p6036

此缘起乃佛语藏,弥足珍贵最甚深,^p6037

何者若能真见此,已睹真如佛法身。^p6038

2019.06.17^p6039

^p6040

བཤེས་པའི་སྤྲིང་ཡིག་ལས།^p6041

ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །^p6042

བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །^p6043

གང་ལ་དེ་གཉིས་ཡོད་པས་སྲིད་པ་ཡི། །^p6044

རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་གསུངས།^p6045

《亲友书》:^p6046

当知无慧无禅定,无有禅定亦无慧,^p6047

何者定慧兼有之,轮回海成蹄迹水。^p6048

2019.06.18^p6049

^p6050

ཐེག་ཆེན་ཚུལ་འཇུག་ལས།^p6051

མདོར་བསྡུས་ན་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་མགོ་^p6052

མཉམ་པར་རྟོགས་པ་ནི། རྫོགས་པ་ཆེན་པོའི་དོན་རྟོགས་པ་སྟེ་^p6053

ལྟ་བ་ཞེས་བྱ། རྟོགས་པའི་བློ་དང་མི་འབྲལ་བར་གནས་པ་ནི་^p6054

ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་ཞེས་བྱ། དེའི་དབང་གིས་^p6055

འདུ་བྱེད་ཀྱི་རྩོལ་བ་ཆེད་དུ་མི་སྐྱེད་པ་ནི། བཏང་སྙོམས་ཆེན་^p6056

པོའི་ངང་ལ་གནས་པ་ཞེས་བྱ་སྟེ། དེ་ལ་སྒོམ་པ་ཞེས་ཀྱང་བྱའོ། །^p6057

ཚིག་དེ་གསུམ་གྱིས་རྫོགས་པ་ཆེན་པོའི་ལྟ་སྒོམ་མ་ལུས་པར་^p6058

རྫོགས་པ་ཡིན་ནོ། །ཞེས་གསུངས།^p6059

《入大乘论》:^p6060

总之,若通达诸法是梦是幻、与梦幻等同之理,则称为证悟大圆满之见。若安住并不离于所证悟之智慧,则称为被大正知器所摄。以此而不依勤作之行,则称为大等舍性,此名为修行。此三句涵盖大圆满一切见修。^p6061

2019.06.19^p6062

^p6063

ཨོ་རྒྱན་ཆེན་པོས།^p6064

ཡུན་རིང་འགྲོགས་ཀྱང་ཤེས་མ་མྱོང་བ་མཚར། ཞེས་གསུངས།^p6065

莲花生大士:^p6066

此心虽相伴已久,^p6067

尚未认识真稀有!^p6068

2019.06.20^p6069

^p6070

དཔལ་ས་ར་ཧས།^p6071

ཡོད་པར་འཛིན་པ་འགྲོ་བ་འཁྲུལ་བ་སྟེ། །^p6072

མེད་པར་འཛིན་པ་དེ་བས་ཀྱང་ནི་བླུན། །^p6073

ཞེས་གསུངས།^p6074

吉祥萨热哈巴:^p6075

执有众生迷,执无更愚昧。^p6076

2019.06.21^p6077

^p6078

ཁྱི་རྒན་གསེར་སྐྱུག་ལས།^p6079

ངོ་བོ་སྟོང་ཚུལ་ནི་སེམས་སེམས་ཞེས་གྲགས་པོ་ཆེ་དེ། འདས་པའི་^p6080

ཕྱི་ནང་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ་བར། ད་ལྟའི་^p6081

ཤེས་རིག་ལ་ཐད་ཀར་བལྟས་པས། དུས་གསུམ་གྱི་རྟོག་པའི་སྦུབ་^p6082

ལས་ཐོན་པའི་རིག་པ་ས་ལེ་སང་ངེ་བ་སྟོང་གསལ་ནམ་མཁའ་དྲི་^p6083

མེད་ལྟ་བུ་དེ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ་བཞི་ཆ་གསུམ་^p6084

བྲལ་གྱི་ཆོས་སྐུ་ཞེས་བྱ། ཞེས་གསུངས།^p6085

《老狗吐金》:^p6086

本体空性之理是指心。众所周知的"心",即不追踪过去的内外,不迎接未来,直然而观现在的明觉之识,从三时分别念之壳中托出的如无垢虚空般了然清然的明空性即是不可思议时,名谓"四分离三之法身"。^p6087

2019.06.22^p6088

^p6089

དགེ་འདུན་ཆོས་འཕེལ་གྱིས།^p6090

དར་མའི་ན་ཚོད་དབྱར་གྱི་མེ་ཏོག་ཙམ། །^p6091

མཛེས་པའི་བཀྲག་མདངས་དགུན་གྱི་འཇའ་ཚོན་ཙམ། །^p6092

མི་ཡི་ཚེ་ལ་ཡུན་ལོང་མི་འདུག་པས། །^p6093

ད་ནི་སྙིང་པོའི་ལྷ་ཆོས་བྱེད་པར་བྱ། །ཞེས་གསུངས།^p6094

根登群佩:^p6095

妙龄韶华宛如夏日英,^p6096

昳丽娇容瞬若冬时虹,^p6097

此生寿数短促不久长,^p6098

今当勤修精藏胜妙法。^p6099

2019.06.23^p6100

^p6101

དགེ་འདུན་ཆོས་འཕེལ་གྱིས།^p6102

སྡུག་པའི་དུས་སུ་སྐྱིད་པའི་ཐབས་ལ་རེ། །^p6103

སྐྱིད་པའི་དུས་སུ་སྡུག་བསྔལ་ཡོང་གིས་དོགས། །^p6104

རེ་དོགས་འཕྲང་ལས་ཐར་དུས་མི་འདུག་པས། །^p6105

ད་ནི་སྙིང་པོའི་ལྷ་ཆོས་བྱེད་པར་བྱ། །ཞེས་གསུངས།^p6106

根登群佩:^p6107

苦时希求幸福之良方,^p6108

悦时担忧愁苦之临降,^p6109

永无逃离希忧险关时,^p6110

今当勤修精藏胜妙法。^p6111

2019.06.24^p6112

^p6113

སྟེགས་མདོ་ལས།^p6114

དཀར་གསལ་ཟླ་བ་ཀླད་ལ་ཤར། །^p6115

བདེ་སྡུག་ཏིང་འཛིན་དབྱིངས་སུ་ཡལ། །ཞེས་གསུངས།^p6116

《坛经》:^p6117

明月当头照,苦乐入禅中。^p6118

2019.06.25^p6119

^p6120

སེམས་ཙམ་ཉི་ཤུ་པ་ལས།^p6121

དྲུག་གིས་ཅིག་ཆར་སྦྱར་བས་ན། །^p6122

ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །^p6123

དྲུག་པོ་དག་ནི་གོ་གཅིག་ན། །^p6124

གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས།^p6125

《唯识二十颂》:^p6126

六尘同时触,微尘成六分;^p6127

六尘若一位,山王成尘许。^p6128

2019.06.26^p6129

^p6130

རྒྱལ་ཚབ་དར་མ་རིན་ཆེན་གྱིས།^p6131

བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །^p6132

ཟབ་མོ་སྟོན་པའི་གཞུང་བཟང་ཀློག་པ་དང་། །^p6133

རྒྱུན་དུ་སེམས་དང་གཞན་ལ་སྟོན་པ་ཡིས། །^p6134

རང་གཞན་སྲིད་པའི་མཚོ་ལས་བསྒྲལ་གྱུར་ཅིག །ཅེས་གསུངས།^p6135

贾曹·达玛仁钦:^p6136

愿我今起世世中,恒常读诵及思维,^p6137

为他宣说甚深法,普渡自他轮回海。^p6138

2019.06.27^p6139

^p6140

རྒྱལ་སྲས་རིན་པོ་ཆེས།^p6141

སྔོན་སྤྱད་བདེ་སྡུག་ཆུ་ཡི་རི་མོ་འདྲ། །^p6142

ཟིན་པ་རྗེས་མེད་ཡིན་གྱི་རྗེས་མ་གཅོད། །^p6143

ཅིས་ཀྱང་དྲན་ན་འབྱོར་རྒུད་འདུ་འབྲལ་སོམས། །^p6144

ལྟོས་ཐུབ་ཆོས་ལ་འདུག་གེ་མ་ཎི་བ། །ཞེས་གསུངས།^p6145

无著菩萨:^p6146

昔日感受苦乐如波纹,^p6147

已尽无尽切莫追忆之,^p6148

若念当思盛衰与离合,^p6149

法外何有可依嘛尼瓦?^p6150

2019.06.28^p6151

^p6152

རྗེ་མི་ལས།^p6153

རོ་ཞེས་བྱ་བ་མཐོང་ན་འཇིགས་པ་དེ། །^p6154

དུས་ད་ལྟ་ལུས་ཀྱི་རྩ་ན་གདའ། །ཞེས་གསུངས།^p6155

米拉日巴尊者:^p6156

见而生畏之尸体,^p6157

本为现在之身体。^p6158

2019.06.29^p6159

^p6160

རྗེ་མི་ལས།^p6161

ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །^p6162

ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། །^p6163

འཆི་མེད་གཉུག་མའི་བཙན་ས་ཟིན། །^p6164

ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས།^p6165

米拉日巴尊者:^p6166

吾初畏死赴山中,数数观修死无定,^p6167

已获无死本坚定,此时远离死畏惧。^p6168

2019.06.30^p6169

^p6170

དྲན་པ་ཉེར་བཞག་ལས།^p6171

སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །^p6172

ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །^p6173

དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །^p6174

མི་དག་འཚོ་བ་ཐུང་བས་ཉམས། །^p6175

ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །^p6176

ལྷ་དག་བག་མེད་པ་ཡིས་ཉམས། །^p6177

འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །^p6178

བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས།^p6179

《念处经》:^p6180

地狱有情受狱火,饿鬼感受饥饿苦,^p6181

旁生感受互食苦,人间感受短命苦,^p6182

非天感受争斗苦,天境感受放逸苦,^p6183

轮回犹如针之尖,永远无有安乐时,^p6184

稍许安乐亦变苦。^p6185

2019.07.01^p6186

^p6187

རྗེ་མི་ལས།^p6188

ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །^p6189

ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །^p6190

བར་དུ་སེར་སྣའི་བདུད་པས་བཅིངས། །^p6191

དགེ་བའི་ཕྱོགས་སུ་གཏོང་མི་ཕོད། །^p6192

དགྲ་འདྲེ་གཉིས་ཀྱི་གཡབ་མོ་ཡིན། །^p6193

རང་གིས་བསགས་པ་མི་ཡིས་སྤྱོད། །^p6194

ཐ་མ་སྲོག་གི་བདུད་དུ་འོང་། །^p6195

དགྲ་བོའི་ནོར་གཉེར་སེམས་ལ་གཟན། །^p6196

འཁོར་བའི་བསླུ་རྡོ་སྤངས་པ་ཡིན། །^p6197

བདུད་ཀྱི་མགོ་སྐོར་ང་མི་འདོད། །ཅེས་གསུངས།^p6198

2019.07.01^p6199

^p6200

米拉日巴尊者:^p6201

财初自乐他羡慕,虽有许多不知足;^p6202

中被吝啬结束缚,不舍用于善方面,^p6203

乃为着魔之根源,自己积累他人用;^p6204

最后财为送命魔,希求敌财刺痛心。^p6205

应断轮回之诱饵,魔之财富我不求。^p6206

2019.07.02^p6207

^p6208

མགོན་པོ་ཀླུ་སྒྲུབ་ཀྱིས།^p6209

བསགས་དང་བསྲུང་དང་སྤེལ་བས་ཉམ་ཐག་པས། །^p6210

ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །^p6211

ཞེས་གསུངས།^p6212

龙猛菩萨:^p6213

积财守财增财皆为苦,^p6214

应知财为无边祸根源。^p6215

2019.07.03^p6216

^p6217

ཇོ་བོོས།^p6218

བླ་མའི་མཆོག་མཚང་ལ་རྒོལ་བ་ཡིན། །^p6219

གདམས་ངག་གི་མཆོག་མཚང་ཐོག་ཏུ་འབེབས་པ་ཡིན། །^p6220

ཞེས་གསུངས།^p6221

阿底峡尊者:^p6222

殊胜上师为揭露罪恶,^p6223

殊胜窍诀为击中要害。^p6224

2019.07.04^p6225

^p6226

ཡོན་ཏན་མཛོད་ལས།^p6227

རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །^p6228

རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །^p6229

བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །^p6230

དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས།^p6231

《功德藏》:^p6232

树根为药芽亦药,根为毒芽何用说,^p6233

唯随善恶意差别,不随善恶像大小。^p6234

2019.07.05^p6235

^p6236

མཛངས་བླུན་ལས།^p6237

དགེ་བ་ཆུང་ངུ་དག་ལ་ཡང་། །^p6238

མི་ཕན་སྙམ་དུ་བརྙས་མི་བྱ། །^p6239

ཆུ་ཡི་ཐིགས་པ་བསགས་པ་ཡིས། །^p6240

སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས།^p6241

《贤愚经》:^p6242

莫想诸善微,无益而轻视,^p6243

水滴若积聚,渐次满大器。^p6244

2019.07.06^p6245

^p6246

མཛངས་བླུན་ལས།^p6247

སྡིག་པ་ཆུང་ངུ་དག་ལ་ཡང་། །^p6248

མི་གནོད་སྙམ་དུ་བརྙས་མི་བྱ། །^p6249

མེ་མདག་ཆུང་ངུ་དག་གིས་ཀྱང་། །^p6250

རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་གསུངས།^p6251

《贤愚经》:^p6252

莫想诸罪微,无害而轻视,^p6253

火星虽微小,能焚如山草。^p6254

2019.07.07^p6255

^p6256

རྒྱལ་སྲས་ཞི་བ་ལྷས།^p6257

སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །^p6258

བསྐལ་པར་མནར་མེད་གནས་འགྱུར་ན། །^p6259

ཐོག་མེད་འཁོར་བར་བསགས་སྡིག་གིས། །^p6260

བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་གསུངས།^p6261

寂天菩萨:^p6262

刹那造重罪,历劫住无间,^p6263

何况无始罪,积重失善趣。^p6264

2019.07.08^p6265

^p6266

རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས།^p6267

དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །^p6268

གཏམ་མ་ཉེས་ཁ་ཡོག་དགེ་སྐུལ་གྱི་ལྕག་འདེབས། །^p6269

འདི་ཆགས་ཞེས་འཇིག་པའི་བླ་མ་རུ་འདུག་པས། །^p6270

ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། །^p6271

ཅེས་གསུངས།^p6272

持明无畏洲:^p6273

怨敌反对亦使修行增,^p6274

无罪遭到诬陷鞭策善,^p6275

此乃毁灭贪执之上师,^p6276

当知无法回报彼恩德。^p6277

2019.07.09^p6278

^p6279

རིག་འཛིན་འཇིགས་མེད་གླིང་པས།^p6280

ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་དུ། །^p6281

རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུང་། །^p6282

རྨ་བྱས་གདུགས་སྐོར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང་། །^p6283

གཞོན་ནུ་ང་ཚོས་ཐར་བའི་ལམ་སྣ་ཞིག་ཟིན་ཡོང་། །^p6284

ཞེས་གསུངས།^p6285

持明晋美林巴:^p6286

业愿缘起如意树之上,^p6287

引来印度东方幼孔雀,^p6288

开屏舞姿转向于正法,^p6289

吾等少年获得解脱道。^p6290

2019.07.10^p6291

^p6292

མི་ཕམ་རིན་པོ་ཆེས།^p6293

ཆེན་པོའི་གོ་སར་གནས་པ་ལ། །^p6294

སྐྱོན་ཀྱང་ཡོན་ཏན་ཡིན་ཚུལ་དུ། །^p6295

འཁོར་ངན་རྣམས་ཀྱིས་ངོ་བསྟོད་སྨྲ། །^p6296

དེ་ཕྱིར་སྐྱོན་ཡོན་ཤེས་པ་དཀའ། །ཞེས་གསུངས།^p6297

麦彭仁波切:^p6298

于诸身处高位者,恶劣眷众常面赞,^p6299

过失亦说为功德,是故难辨功与过。^p6300

2019.07.11^p6301

^p6302

མི་ཕམ་རིན་པོ་ཆེས།^p6303

མཐོང་མ་ཐག་ཏུ་ཡིད་རྟོན་བྱེད། །^p6304

གང་སྨྲས་པ་ལ་བདེན་པར་འཛིན། །^p6305

གང་བྱུང་ལས་ལ་ནན་གྱིས་འཇུག །^p6306

འདི་ཡང་བླུན་པོར་མཚོན་པའི་བརྡ། །ཞེས་གསུངས།^p6307

麦彭仁波切:^p6308

初见何人皆信赖,听闻何语皆当真,^p6309

无论何事皆参与,此等即是愚者相。^p6310

2019.07.12^p6311

^p6312

རེ་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ་ལས།^p6313

དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་^p6314

རྣམས་བཞག་ནས། ཐོག་མར་ངེས་འབྱུང་དང༌། བྱང་སེམས་ལ་^p6315

མྱོང་བ་འཐོན་པ་རེ་བྱ་དགོས། དེ་སྐྱེས་པ་དང༌། དེ་ནས་དགེ་བ་^p6316

ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་དབང་^p6317

མེད་དུ་འགྲོ་བས་དེས་ན་འདི་སྒོམ་རིན་མི་ཆོག་བར་བྱེད་པ་ནི་^p6318

ལམ་གྱི་གནད་གཏན་ནས་མ་ཤེས་པ་ཡིན་གསུང༌།^p6319

ཞེས་གསུངས།^p6320

《致仁达瓦之信笺》:^p6321

应将密宗的甚深教言等暂放一边,先对出离心、菩提心有所体悟,若能如此,一切善根自然成为解脱和成佛之因。所以,若认为这些(出离心、菩提心)没什么可修,实则并没有通达修道之根本。^p6322

2019.07.13^p6323

^p6324

རེ་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ་ལས།^p6325

སྤྱིར་ཆོས་ཀྱི་རྣམ་གྲངས་མང་ཡང༌། ཐར་བའི་རྒྱུར་འགྲོ་བ་ནི་^p6326

གསུམ་སྟེ། ངེས་འབྱུང༌། བྱང་ཆུབ་ཀྱི་སེམས། ལྟ་བ་རྣམ་དག་གོ །^p6327

ད་ལྟ་འདི་གསུམ་ལ་མྱོང་བ་ཐོན་པ་ལྟ་ཞོག འདི་གསུམ་གྱི་གོ་བ་^p6328

རྣམ་དག་ཡོད་པའང་དཀོན། ཞེས་གསུངས།^p6329

《致仁达瓦之信笺》:^p6330

本来修行的法门有很多,^p6331

但能成为解脱之因的只有三种:^p6332

出离心、菩提心、正见。^p6333

如今且不说体悟这三者,^p6334

连真正了知的人也非常罕见。^p6335

2019.07.14^p6336

^p6337

སེང་གེས་ཞུས་པ་ལས་ཀྱང༌།^p6338

སྐྱེ་བ་ཀུན་ཏུ་བྱང་ཆུབ་སེམས། །^p6339

རྨི་ལམ་ན་ཡང་སེམས་འདི་ནི། །^p6340

འདོར་མི་འགྱུར་ན་མ་ཉལ་ཚེ། །^p6341

སྨོས་ཅི་འཚལ་བར་གང་གིས་འགྱུར། །^p6342

བཀའ་སྩལ་པ།^p6343

གྲོང་ངམ་གྲོང་ཁྱེར་རྣམས་སུ་འམ། །^p6344

གང་དུ་གནས་པའི་ཡུལ་རྣམས་སུ། །^p6345

བྱང་ཆུབ་ལ་ནི་ཡང་དག་འཛུད། །^p6346

དེས་ན་སེམས་འདོར་མི་འགྱུར་རོ། །ཞེས་གསུངས།^p6347

《狮子请问经》:^p6348

问曰:“由何一切生,不失菩提心,^p6349

梦中尚不舍,何况于醒时。”^p6350

答曰:“于村或城市,或随住境中,^p6351

令正趣菩提,此心则不舍。”^p6352

2019.07.15^p6353

^p6354

ཡིད་བཞིན་མཛོད་ལས།^p6355

སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །^p6356

སེམས་ལ་སྣང་ཞིང་སེམས་ཀྱིས་བཏགས་པས་ན། །^p6357

འཁྲུལ་བའི་སེམས་གདུལ་སླད་དུ་འབད་པར་མཛོད། །^p6358

ཅེས་གསུངས།^p6359

《如意宝藏论》:^p6360

心造世间心造业,^p6361

心现一切心假立,^p6362

为调乱心当精进。^p6363

2019.07.16^p6364

^p6365

ཐེག་ཆེན་མདོ་ལས།^p6366

སེམས་འདུལ་བ་ནི་བདེ་བ་འདྲེན། །^p6367

སེམས་འདུལ་བ་ནི་ལེགས་པ་སྟེ། །^p6368

བདག་ཉིད་བདག་གི་མགོན་ཡིན་གྱི། །^p6369

གཞན་ལྟ་སུ་ཞིག་མགོན་དུ་གྱུར། །ཞེས་གསུངས།^p6370

《大乘经》:^p6371

调心得安乐,调心最微妙。^p6372

自为自怙主,余者岂可怙?^p6373

2019.07.17^p6374

^p6375

བླ་མ་བསོད་ནམས་ཕུན་ཚོགས་ལ་གདམས་པ།^p6376

ཀྱེ་ལགས།^p6377

མཚུངས་མེད་དྲིན་ཆེན་བླ་མ་རིན་པོ་ཆེ། །^p6378

འདུག་པའི་དུས་སུ་སྤྱི་བོའི་གཙུག་ཏུ་བསྒོམ། །^p6379

ཡང་ཡང་གསོལ་བ་ཐོབ་ལ་དབང་བཞི་ལོངས། །^p6380

ཐུགས་ཡིད་དབྱེར་མེད་འདྲེས་པའི་དགོས་པ་ཡོད། །^p6381

སྤྱོད་ལམ་སྐབས་སུ་གཟུགས་སྣང་བླ་མའི་སྐུ། །^p6382

སྒྲ་གྲགས་ཐམས་ཅད་གསུང་གི་རང་བཞིན་དང་། །^p6383

དྲན་རྟོག་བཟང་ངན་ཐུགས་སུ་འཁྱེར་ཤེས་ན། །^p6384

སྣང་སྲིད་བླ་མར་འཆར་བའི་གདམས་ངག་ཡིན། །^p6385

ཟ་བའི་དུས་སུ་མགྲིན་པའི་དབུས་སུ་བསྒོམ། །^p6386

བཟའ་བཏུང་བདུད་རྩིའི་ཕུད་ཀྱིས་ལེགས་མཆོད་ན། །^p6387

བཟའ་བཅའ་བཏུང་བའི་སྒྲིབ་པ་མི་འབྱུང་ཞིང་། །^p6388

དགའ་སྟོན་ཚོགས་སུ་འགྱུར་བའི་དགོས་པ་ཡོད། །^p6389

ཉལ་བའི་དུས་སུ་སྙིང་གི་དཀྱིལ་དུ་བསྒོམ། །^p6390

སྐུ་ཡི་འོད་ཀྱིས་བརྟན་གཡོའི་སྣང་བ་ཀུན། །^p6391

འོད་དུ་གྱུར་ནས་སླར་ཡང་རང་ལ་བསྡུས། །^p6392

རྨི་ལམ་འོད་གསལ་འཆར་བའི་གདམས་ངག་ཡིན། །^p6393

ནམ་ཞིག་མི་སྡོད་ཕྱི་མར་འགྲོ་བའི་ཚེ། །^p6394

བློ་སྣ་ཚབ་ཚུབ་མང་པོ་མི་བྱེད་པར། །^p6395

རང་རིག་བླ་མའི་ཐུགས་དང་དབྱེར་མེད་དུ། །^p6396

འཇོག་པ་འཕོ་བ་ཀུན་གྱི་རྒྱལ་པོ་ཡིན། །^p6397

ཁྱོད་དང་ང་གཉིས་མི་ཚེ་གང་པོ་ལ། །^p6398

མཉམ་དུ་བསྡད་ཀྱང་འདི་ལས་ལྷག་པ་ཡི། །^p6399

ཟབ་པའི་མན་ངག་བདག་ལ་འབུལ་རྒྱུ་མེད། །^p6400

དེ་ཕྱིར་སྙིང་གི་དབུས་སུ་འདི་ཟུངས་ཤིག །^p6401

ཅེས་ཆོས་མཐུན་གྱི་སྐྱེས་བུ་དམ་པ་བསོད་ནམས་ཕུན་ཚོགས་ནས་ཡང་ཡང་ཞལ་^p6402

གདམས་ཞིག་དགོས་ཞེས་བསྐུལ་བའི་ཚེ་བཞེད་སྐོང་ལྡོག་མིན་ཙམ་དུ་མདོ་མེད་^p6403

ཀྱི་སྤྲང་པོ་ཆོས་དབྱིངས་རང་གྲོལ་ནས་བྲིས་པའོ། །དགེ་ཞིང་བཀྲ་ཤིས།^p6404

2019.07.17^p6405

^p6406

传授喇嘛索朗彭措之教言^p6407

奇哉^p6408

无等大恩上师宝,坐时观想于顶处,^p6409

屡屡祈祷受四灌,心心相印之必要。^p6410

威仪见色知师身,闻声知师语自性,^p6411

善恶念知道用智,现有显师之教言。^p6412

用餐上师观喉间,饮食甘露献新供,^p6413

不出饮食之障碍,成会供宴之必要。^p6414

卧时上师观心间,身光令诸动静相,^p6415

化光复融于自身,现梦光明之教言。^p6416

何时不住出行时,心绪切莫急慌慌,^p6417

自心师智无有别,一切安住动念王。^p6418

你我毕生虽共住,较此更胜深窍诀,^p6419

吾尚无有所供养,故当铭记于心中。^p6420

此文,随法之大德索南彭措再三劝请“需要一言教”,实难推却,为满其愿,一无所成之乞人秋扬壤珠撰写。善哉!愿吉祥!^p6421

2019.07.18^p6422

^p6423

རྒྱུད་ལས།^p6424

དོན་ལ་ཐེ་ཚོམ་མེད་པ་ཡི། །^p6425

མཁས་པ་ལ་ནི་དངོས་གྲུབ་ཉེ། །^p6426

ཞེས་གསུངས།^p6427

密续:^p6428

于义无怀疑,^p6429

智者得悉地。^p6430

2019.07.19^p6431

རྡོ་ལེ་ཁ་སྤུ་ཅན་ལ་གདམས་པའི་ཉམས་ལེན་གནད་བདུན་མ།^p6432

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །^p6433

ཉིད་ནས་ཁ་ཙམ་མ་ཡིན་པར་སྙིང་ནས་དམ་པའི་ཆོས་ཤིག་སྒྲུབ་པར་འདོད་ན། ལས་འབྲས་བསླུ་མེད་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་ནས་བླང་དོར་བྱེད་པ་དང་གཅིག འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་པོ་བཅོས་མིན་རྒྱུད་ལ་སྐྱེ་བ་དང་གཉིས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་ཕ་མར་ཤེས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམ་པ་དང་གསུམ། ཕྱི་ནང་སྣོད་བཅུད་ཀྱི་གནས་ཚུལ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དག་སྣང་སྦྱང་པ་དང་བཞི། ཆོས་དང་དམ་ཚིག་གིས་བསྡུས་པ་རྣམས་རྡོ་རྗེའི་སྤུན་གྲོགས་ཡིན་པས་བརྩེ་གདུང་རྒྱུན་ཆད་མེད་པར་བྱེད་པ་དང་ལྔ། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་དྲིན་ཆེན་གྱི་བླ་མ་ཡིན་པས་ཡིད་ཁྱེད་ཤེས་ཀྱི་དད་པས་གསོལ་འདེབས་བྱས་ཏེ་ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་དང་དྲུག ཉམས་ཞེན་གྱི་སྦུབས་དང་བྲལ་བའི་རིག་སྟོང་ཟང་ཐལ་གྱི་ལྟ་བ་ཡང་དག་གཉུག་མའི་དྲན་པས་རྒྱུན་དུ་སྐྱོང་བ་དང་བདུན་པོ་འདི་ཉིད་ཉིན་མཚན་ཐང་ལྷོད་མེད་པར་ཉམས་ལེན་མཛད་པར་ཞུ་ཞུ་ཞེས་བླ་མ་ནས་རྡོ་ལེ་ཁ་སྤུ་ཅན་ལ་གདམས་པའོ། །དགེའོ། །^p6434

2019.07.19^p6435

^p6436

传授多勒络腮胡之实修七要^p6437

顶礼诸位殊胜上师!^p6438

如果不是口头上而是诚心想修行一妙法,第一,要对业果无欺获得诚挚的定解而进行取舍。第二,相续中要生起想脱离轮回大苦海的强烈无伪之心。第三,要了知普天下的一切有情均是大恩父母,而修行珍贵的慈悲菩提心。第四,外内器情的实相是身智的自性,因此要修行清净观。第五,正法与誓言所摄的一切众生是金刚道友,因此要不间断慈爱。第六,三时佛陀的本体是大恩上师,因此要以“我意您知”的信心祈祷,使自己的心与上师的智慧融为无二无别。第七,以原本的正念,恒常护持远离贪著觉受之壳的通彻觉空正见。^p6439

上述七要当昼夜不松不紧而实修,(玉科)喇嘛对多勒络腮胡赐此教言。^p6440

2019.07.20^p6441

^p6442

བཀའ་ཐང་ལས།^p6443

ཕ་རྒན་དྲིན་ཆེན་གྱི་ཐུགས་རྗེས། །^p6444

ང་ཅག་སྐྱིད་པོ་རང་འདུག་གི །^p6445

སྨྱོན་པ་འུར་ལངས་ཀྱི་ཚུལ་དུ། །^p6446

ཞབས་བྲོ་ཅི་ཞིག་ན་མི་བརྡུང་། །ཞེས་གསུངས།^p6447

《莲师遗教》:^p6448

大恩上师之慈悲,我等真实极快乐,^p6449

犹如狂人心无拘,何不奋然而起舞?^p6450

2019.07.21^p6451

^p6452

དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་པའི་མདོ་ལས།^p6453

དེ་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱ། འདུས་མ་བྱས་ལའང་གནས་པར་མི་བྱའོ། །^p6454

ཞེས་གསུངས།^p6455

《维摩诘经》:^p6456

如菩萨者,不尽有为,不住无为。^p6457

2019.07.22^p6458

^p6459

ཇོ་བོའི་ཞལ་ནས།^p6460

ངའི་བླ་མ་དེ་ཐམས་ཅད་གྲུབ་པ་ཐོབ་པ་ཤ་སྟག་ཡིན་པས་ཡོན་^p6461

ཏན་ལ་ཆེ་ཆུང་མེད། བཀའ་དྲིན་ལ་ཆེ་ཆུང་ཡོད་དེ། ངའི་རྒྱུད་ཀྱི་^p6462

བྱང་ཆུབ་ཀྱི་སེམས་ཉག་མ་གཅིག་པོ་འདི་ཇོ་བོ་གསེར་གླིང་པའི་^p6463

བཀའ་དྲིན་གྱིས་ཐོབ་པ་ཡིན་པས་ཁོང་བཀའ་དྲིན་ཆེ་གསུངས།^p6464

阿底峡尊者:^p6465

我的所有上师全部是大成就者,所以功德无有大小,而恩德却有着深浅的差别。我相续中的这少分菩提心就是依靠金洲上师的恩德才获得的,因此他老人家对我的恩德极大。^p6466

2019.07.23^p6467

^p6468

ཟླ་བ་སྒྲོན་མེའི་མདོ་ལས།^p6469

རི་ཁྲོད་དབེན་པའི་གནས་མཆོག་ན། །^p6470

སྤྱོད་ལམ་ཐམས་ཅད་དགེ་བ་ཡིན། །^p6471

ཞེས་གསུངས།^p6472

《月灯经》:^p6473

居于深山胜静处,^p6474

一切威仪皆成善。^p6475

2019.07.24^p6476

^p6477

ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས།^p6478

བརྩོན་འགྲུས་མེད་པའི་གང་ཟག་ལ། །^p6479

ཤེས་རབ་དང་ནི་དབང་འབྱོར་སྟོབས། །^p6480

གང་གིས་སྐྱོབ་པར་མི་ནུས་ཏེ། །^p6481

གྲུ་གཟིངས་ཡོད་པའི་དེད་དཔོན་ལ། །^p6482

སྐྱ་བས་རྡུག་པ་ཇི་བཞིན་ནོ། །ཞེས་གསུངས།^p6483

全知无畏洲:^p6484

无精进之士,具智财权力,^p6485

皆不能救彼,犹如一商主,^p6486

有舟无船桨。^p6487

2019.07.25^p6488

^p6489

ཀུན་མཁྱེན་ཆེན་པོས།^p6490

བྱ་བྱེད་བྱིས་པའི་རྩེད་མོ་འདྲ། །^p6491

བྱས་ན་མི་ཟིན་བཞག་ན་ཟིན། །^p6492

ཞེས་གསུངས།^p6493

全知无垢光尊者:^p6494

所作所为如儿戏,^p6495

做无终了放则了。^p6496

2019.07.26^p6497

^p6498

ཀུན་མཁྱེན་ཆེན་པོས།^p6499

འཇིག་རྟེན་བྱ་བ་ཤི་ཤུལ་ཟིན་དུས་མེད། །^p6500

ནམ་བཞག་དུས་ན་ཟིན་པ་ཆོས་ཉིད་ཡིན། །^p6501

ཞེས་གསུངས།^p6502

全知无垢光尊者:^p6503

世间琐事死亦无完时,^p6504

何时放下即了乃规律。^p6505

2019.07.27^p6506

^p6507

འབྲུག་པདྨ་དཀར་པོས།^p6508

མི་ཚེ་འདི་བཤས་རའི་དུད་འགྲོ་དང་འདྲ། །^p6509

ཡུད་ཙམ་རེ་སོང་ཡང་འཆི་ལ་ཉེ། །^p6510

དེ་རིང་དང་སང་གི་ངང་རིང་འདིས། །^p6511

མལ་མཐའ་ནས་འོ་དོད་འཆོར་རོ་ཨང་། །ཞེས་གསུངས།^p6512

哲白莲大师:^p6513

人生犹如屠场畜,过一瞬间死亦临,^p6514

今复明日久蹉跎,终于塌中呼号矣。^p6515

2019.07.28^p6516

^p6517

དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་པའི་མདོ་ལས།^p6518

བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་^p6519

འཇུག་པ་ལ་མནར་མེད་པ་ལྟར་འདུ་ཤེས་པའོ། །^p6520

འཁོར་བ་ལ་སྐྱེད་མོས་ཚལ་དང་མྱ་ངན་ལས་འདས་པ་^p6521

ལྟ་བུར་འདུ་ཤེས་པའོ། །ཞེས་གསུངས།^p6522

《维摩诘经》:^p6523

在诸禅定,如地狱想,^p6524

于生死中,如园观想。^p6525

2019.07.29^p6526

^p6527

དཔལ་ས་ར་ཧ་པའི་དོ་ཧ་ལས།^p6528

སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །^p6529

དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །^p6530

གལ་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །^p6531

འཁོར་བ་འདིར་གནས་ཐར་པ་ཡོད་དམ་ཅི། །^p6532

གང་ལ་གཉིས་པོ་ཡོད་པར་གྱུར་པ་དེ། །^p6533

སྲིད་པར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས།^p6534

萨日哈尊者:^p6535

离悲空性见,非获殊胜道,^p6536

若唯修悲心,岂脱此轮回?^p6537

何人兼具已,不住于有寂。^p6538

2019.07.30^p6539

^p6540

མགོན་པོ་ཀླུ་སྒྲུབ་ཀྱིས།^p6541

སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །^p6542

བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས།^p6543

龙猛菩萨:^p6544

空性大悲藏,有者成菩提。^p6545

2019.07.31^p6546

^p6547

ས་སྐྱ་པཎྜི་ཏ་ཡིས།^p6548

ཐོས་པ་མེད་པའི་སྒོམ་པ་དེ། །^p6549

ལག་རྡུམ་བྲག་ལ་འཛེགས་པ་འདྲ། །^p6550

ཞེས་གསུངས།^p6551

萨迦班智达:^p6552

无闻之修行,^p6553

如断臂攀岩。^p6554

2019.08.01^p6555

^p6556

སློབ་དཔོན་ལྕེ་སྒོམ་གྱིས།^p6557

ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ནི། དབང་པོ་ཐ་མའི་ཡང་དག་པའི་^p6558

ལྟ་བ་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་དང་སྟོང་པ་དང་^p6559

རིག་པ་དང་སྟོང་པ་ཟུང་འཇུག་བཞིར་རྟོགས་པ་ནི།^p6560

དབང་པོ་འབྲིང་གི་ཡང་དག་པའི་ལྟ་བ་ཡིན། བལྟ་བྱ་དང་ལྟ་བྱེད་^p6561

རྟོགས་པ་གསུམ་དབྱེར་མེད་པར་རྟོགས་པ་ནི། དབང་པོ་རབ་ཀྱི་^p6562

ཡང་དག་པའི་ལྟ་བ་ཡིན། ཞེས་གསུངས།^p6563

阿阇黎吉公:^p6564

诚信因果不虚是下根者的正见,证悟内外诸法现空、觉空双运是中根者的正见,证悟所见、能见、所证智慧三者无二无别即是上根者的正见。^p6565

2019.08.02^p6566

^p6567

རྗེ་མི་ལས།^p6568

ཟོས་མ་ཟོས་དམར་ཆུང་བྱེད་ལ་ཤེས། །ཟེར་བ་ལྟར། ཆོས་ཤེས་^p6569

མ་ཤེས་དང་ཉམས་སུ་བླངས་མ་བླངས་བདག་འཛིན་དང་། ཉོན་^p6570

མོངས་པའི་གཉེན་པོར་སོང་མ་སོང་གིས་ཤེས། ཞེས་གསུངས།^p6571

米拉日巴尊者:^p6572

世人常言“饮食好与否,观其面色方知晓”,同样,佛法懂与否,修行好与否,看他是否已经对治了我执与烦恼,便可知晓。^p6573

2019.08.03^p6574

^p6575

རྗེ་མི་ལས།^p6576

མི་ལྟོགས་པ་ལ་ཟན་གོ་བས་མི་ཆོག་ཟ་དགོས་པ་ལྟར།^p6577

ཆོས་ཤེས་པས་མི་ཕན་ཉམས་སུ་བླང་དགོས། ཞེས་གསུངས།^p6578

米拉日巴尊者:^p6579

就像饥饿的人仅仅听到食物还不够,必须要食用。同样,仅仅了知正法没有利益,必须要进行实修。^p6580

2019.08.04^p6581

^p6582

ཀུན་མཁྱེན་ཆེན་པོས།^p6583

ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །^p6584

བསླབ་དགོས་གནས་ལ་ཟད་པ་མེད། །^p6585

ད་རེས་ཆོས་སྐུ་སྙིང་པོའི་དོན། །^p6586

འགྱུར་མེད་བཙན་ས་བཟུང་ན་ལེགས། །ཞེས་གསུངས།^p6587

全知龙钦巴尊者:^p6588

所知犹如空中星,所学知识无止境,^p6589

今求法身精华义,必至无变之坚地。^p6590

2019.08.05^p6591

^p6592

མཉམ་མེད་དྭགས་པོ་རིན་པོ་ཆེས།^p6593

ཆོས་ལ་ཐོས་བསམ་སྒོམ་གསུམ་དཀྲུག་མར་བྱེད་པ་ནི་^p6594

གནད་མ་ནོར་བ་ཡིན་གསུངས།^p6595

无等塔波仁波切:^p6596

闻思修行互不错乱、^p6597

齐头并进就是无误的要诀。^p6598

2019.08.06^p6599

^p6600

སྔོན་གྱི་དམ་པ་དག་གི་ཞལ་ནས།^p6601

སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང་། བཤགས་པས་^p6602

འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས།^p6603

古代诸大德:^p6604

本来罪业无功德,^p6605

然忏可净为其德。^p6606

2019.08.07^p6607

^p6608

མགོན་པོ་ཀླུ་སྒྲུབ་ཀྱིས།^p6609

གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །^p6610

ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །^p6611

ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །^p6612

དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས།^p6613

怙主龙猛菩萨:^p6614

何人昔日颇放逸,尔后行为倍谨慎,^p6615

如月离云极绚丽,难陀指鬘能乐同。^p6616

2019.08.08^p6617

^p6618

ན་མོ།^p6619

ཕན་བདེ་མ་རྣམས་ཀུན་ལ་སྦྱིན། །^p6620

ཕན་བདེས་ནམ་མཁའ་གང་བར་ཤོག །^p6621

སྡུག་བསྔལ་མ་ལུས་བདག་ལ་ལེན། །^p6622

སྡུག་བསྔལ་རྒྱ་མཚོ་སྐམ་པར་ཤོག །ཅེས་གསུངས།^p6623

古德:^p6624

利乐施有情,利乐遍虚空,^p6625

痛苦自取受,干涸诸苦海。^p6626

2019.08.09^p6627

^p6628

རྗེ་མི་ལས།^p6629

སྡིག་བཤགས་པས་ཨེ་འདག་སྙམ་པ་ན། །^p6630

དགེ་བ་དྲན་ན་འདག་པ་ཡིན། །ཞེས་གསུངས།^p6631

米拉日巴:^p6632

若想忏罪能净否?^p6633

忆念善法则清净。^p6634

2019.08.10^p6635

^p6636

སྤྱོད་འཇུག་ལས།^p6637

སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །^p6638

དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །^p6639

གང་ལ་བརྟེན་ནས་ཡུད་ཀྱིས་གྲོལ་འགྱུར་ན། །^p6640

དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །^p6641

དེས་ན་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །^p6642

སྐད་ཅིག་གཅིག་གིས་ངེས་པར་སྲེད་པར་འགྱུར། །ཞེས་གསུངས།^p6643

《入行论》:^p6644

如人虽犯极重罪,然依勇士得除畏,^p6645

若有速令解脱者,畏罪之人何不依。^p6646

菩提心如末劫火,刹那能毁诸重罪。^p6647

2019.08.11^p6648

^p6649

དྭགས་པོ་རིན་པོ་ཆེས།^p6650

སྔར་བྱས་པའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཡོད་ཀྱང་།^p6651

ངོ་བོ་མཐོང་བའི་སྐད་ཅིག་ལ་འདག་པ་ཡིན།^p6652

ཞེས་གསུངས།^p6653

塔波仁波切:^p6654

纵然往昔所造的罪业积如山王,^p6655

也能在现见本性的瞬间得以清净。^p6656

2019.08.12^p6657

^p6658

མི་ཕམ་རིན་པོ་ཆེས།^p6659

རིག་གསུམ་རྒྱལ་བ་འདུས་པའི་ངོ་བོ་ཡི་བླ་མ། །^p6660

མཚན་ཙམ་དྲན་པས་བྱིན་རླབས་ཆར་སྤྲིན་དུ་གཡོ་བ། །^p6661

བོད་ལ་བཀའ་དྲིན་མཚུངས་མེད་རིག་འཛིན་གྱི་སློབ་དཔོན། །^p6662

མཚོ་སྐྱེས་རྡོ་རྗེ་ཞབས་པད་འདོད་འབྱུང་གི་ནོར་བུ། །^p6663

སྤྱི་བོའི་གཙུག་ཏུ་སྒོམ་པའི་སྐལ་བཟང་འདི་ཐོབ་པ། །^p6664

ལྷ་སྐལ་ཆད་པའི་དད་མེད་འགའ་ཞིག་ལ་བསམ་ན། །^p6665

དད་པའི་གནས་ལ་དད་པ་རྙེད་པ་འདི་རྙེད་པའི། །^p6666

མཆོག་ཏུ་ཡིད་ཆེས་དེའི་ཕྱིར་སྐྱིད་པོ་རུ་འདུག་གོ །ཞེས་གསུངས།^p6667

麦彭仁波切:^p6668

摄集三部如来本体师,唯忆尊名降下加持雨,于藏恩徳无比持明师,海生金刚足莲如意宝,得以观修头顶此善缘,思维断缘无信个别人,于应信处虔信此获得,诚信获得之最我欣悦。^p6669

2019.08.13^p6670

^p6671

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p6672

དཔལ་ལྡན་རྩ་བའི་བླ་མ་འདི་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཅན་དུ་ཤེས་ནས། དེ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པར་བྱས་ན་གེགས་ཀྱང་དེས་སེལ་ལ་བོགས་ཀྱང་དེས་འདོན་པར་འགྱུར་བ་ཡིན། ཞེས་གསུངས།^p6673

法王晋美彭措:^p6674

一切加持与悉地的根本就是上师,^p6675

不需要另外一个遣除障碍、^p6676

增进境界的殊胜窍诀。^p6677

2019.08.14^p6678

^p6679

འོད་སྲུང་གི་ལེའུ་ལས།^p6680

དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ། །^p6681

དེ་ནི་སྐོམ་བཞིན་འཆི་བའི་དུས་བྱེད་འགྱུར། །^p6682

དེ་བཞིན་ཆོས་མང་སྲེད་པས་བག་མེད་པ། །^p6683

ཆོས་ཀྱི་རྒྱ་མཚོར་གནས་ཀྱང་ངན་སོང་འགྲོ། །ཞེས་གསུངས།^p6684

《大宝积经·迦叶品》:^p6685

譬如一人溺海水,彼者干渴而死去,^p6686

贪爱多法而放逸,虽住法海堕恶趣。^p6687

2019.08.15^p6688

^p6689

རྒྱལ་སྲས་ཞི་བ་ལྷས།^p6690

ཇི་སྲིད་ནམ་མཁའ་གནས་པ་དང་། །^p6691

འགྲོ་བ་ཇི་སྲིད་གནས་གྱུར་པ། །^p6692

དེ་སྲིད་བདག་ནི་གནས་གྱུར་ནས། །^p6693

འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་གསུངས།^p6694

寂天菩萨:^p6695

乃至有虚空,以及众生住,^p6696

愿吾住世间,尽除众生苦。^p6697

2019.08.16^p6698

^p6699

དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་པའི་མདོ་ལས།^p6700

བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཡོངས་སུ་སྦྱང་བ་^p6701

དང་། ཡེ་ཤེས་ཀྱི་སྣང་བར་བྱ་བ་དང་། མུན་པ་ཆེན་པོ་བསལ་^p6702

བའི་ཕྱིར་བསམས་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་^p6703

དག་པ་རྣམས་སུ་སྐྱེ་སྟེ། ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་^p6704

གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་མུན་པ་^p6705

ཡང་རྣམ་པར་སེལ་ཏོ། །ཞེས་གསུངས།^p6706

《维摩诘经》:^p6707

菩萨如是!虽生不净佛土,为化众生故,不与愚闇而共合也,但灭众生烦恼闇耳。^p6708

2019.08.17^p6709

^p6710

རྒྱུད་ལས།^p6711

གལ་ཏེ་ཏིང་འཛིན་འདི་མེད་ན། །^p6712

རྒྱ་མཚོའི་འཇིང་གི་ཕ་བོང་བཞིན། །^p6713

བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས།^p6714

续部:^p6715

若无此等持,^p6716

如海底磐石,^p6717

诵数劫无果。^p6718

2019.08.18^p6719

^p6720

ཨོ་རྒྱན་ཆེན་པོས།^p6721

ལོ་གཅིག་འབད་བསྙེན་བྱས་པ་བས། །^p6722

ཟླ་གཅིག་སྨྲ་བཅད་བྱས་པ་དགའ། །ཞེས་གསུངས།^p6723

邬金莲花生大士:^p6724

杂有绮语诵一年,^p6725

不如禁语诵一月。^p6726

2019.08.19^p6727

^p6728

རྒྱུད་ལས།^p6729

ཇི་ལྟར་འོ་མ་ཐིགས་པ་གཅིག །^p6730

རུལ་བས་ཐམས་ཅད་རུལ་བ་ལྟར། །^p6731

རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །^p6732

རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་གསུངས།^p6733

续部:^p6734

犹如一滴腐奶汁,可毁一切鲜奶汁,^p6735

失毁誓言之一人,能毁诸具誓言者。^p6736

2019.08.20^p6737

^p6738

རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས།^p6739

བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །^p6740

དོན་སྐྱེ་བ་མེད་པར་མ་རྟོགས་པར། །^p6741

ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །^p6742

འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་གསུངས།^p6743

大瑜伽士帝洛巴:^p6744

吾子那若巴,显现此缘起,^p6745

未证无生义,莫离积二资。^p6746

2019.08.21^p6747

^p6748

མདོ་ལས།^p6749

དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །^p6750

ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །^p6751

རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །^p6752

ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས།^p6753

佛经:^p6754

当知胜义俱生智,唯依积资净障力,^p6755

乃与具证师加持,依止他法诚愚痴。^p6756

2019.08.22^p6757

^p6758

མདོ་ལས།^p6759

ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །^p6760

དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་གསུངས།^p6761

佛经:^p6762

乃至殊胜二资未圆满,^p6763

期间不能证悟胜空性。^p6764

2019.08.23^p6765

^p6766

གྲུབ་ཐོབ་ཨུ་རྒྱན་པའི་མགུར་ལས།^p6767

གངས་ཅན་གྱི་སྤྲང་པོ་རིན་ཆེན་དཔལ། །^p6768

དགྲ་ཉམས་གྲིབ་མིན་པས་ཐུབ་མ་མྱོང་། །^p6769

གྲོགས་བླ་མ་མིན་པས་སྐྱོབ་མ་མྱོང་། །ཞེས་གསུངས།^p6770

成就者俄坚巴:^p6771

雪域乞人仁亲花,^p6772

仅有失戒敌可害,^p6773

唯有师尊能救护。^p6774

2019.08.24^p6775

^p6776

རྒྱུད་ལས།^p6777

གལ་ཏེ་ཏིང་འཛིན་འདི་མེད་ན། །^p6778

རྒྱ་མཚོའི་འཇིང་གི་ཕ་བོང་བཞིན། །^p6779

བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས།^p6780

续部:^p6781

若无此等持,^p6782

如海底磐石,^p6783

诵数劫无果。^p6784

2019.08.25^p6785

^p6786

ཀུན་མཁྱེན་ཆེན་པོས།^p6787

ཞེན་པ་ནང་ནས་ལོག །^p6788

འདོད་རྒུ་ཕངས་མེད་འབྱུང་། །ཞེས་གསུངས།^p6789

麦彭仁波切:^p6790

内心断除贪欲,^p6791

财富滚滚而来。^p6792

2019.08.26^p6793

^p6794

མགོན་པོ་བྱམས་པས།^p6795

མ་དག་མ་དག་དག་པ་དང་། །^p6796

ཤིན་ཏུ་རྣམ་དག་གོ་རིམ་བཞིན། །^p6797

སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །^p6798

སངས་རྒྱས་ཞེས་བྱ་རབ་བརྗོད་དོ། །ཞེས་གསུངས།^p6799

弥勒菩萨:^p6800

不净不净净,极净依次第,^p6801

是名为众生,菩萨与如来。^p6802

2019.08.27^p6803

^p6804

མདོ་སྡེ་གསེར་འོད་དམ་པ་ལས།^p6805

སངས་རྒྱས་མྱ་ངན་ཡོངས་མི་འདའ། །^p6806

ཆོས་ཀྱང་ནུབ་པར་མི་འགྱུར་རོ། །ཞེས་གསུངས།^p6807

《胜光明经》:^p6808

如来不涅槃,正法不隐没。^p6809

2019.08.28^p6810

^p6811

མདོ་ལས།^p6812

དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཁོ་ནའོ། །^p6813

ཞེས་གསུངས།^p6814

佛经:^p6815

胜义谛唯以信心而证悟。^p6816

2019.08.29^p6817

^p6818

རྒྱུད་ལས།^p6819

ལྷ་སྐུ་འབུམ་ཕྲག་སྟོང་བསྒོམ་པས། །^p6820

བླ་མའི་མོས་གུས་ཁྱད་པར་འཕགས། །^p6821

ཞེས་གསུངས།^p6822

续部:^p6823

修十万本尊,^p6824

不如敬上师。^p6825

2019.08.30^p6826

^p6827

ཇོ་བོ་དཱི་བམ་ཀཱ་རའི་རྣམ་ཐར་ལས།^p6828

སྡིག་པ་ནངས་པར་བསགས་པ་སྔ་དྲོ་བཤགས།^p6829

ཕྱི་དྲོ་བསགས་པ་ཉལ་ཁ་བཤགས་ཏེ་སྡིག་ལྟུང་^p6830

དང་ཞག་གཅིག་ཀྱང་མ་འགྲོགས་པར་བྱའོ། །^p6831

ཞེས་གསུངས།^p6832

《阿底峡尊者传》:^p6833

早上造罪上午忏,^p6834

下午造罪晚上忏,^p6835

与罪不同住过夜。^p6836

2019.08.31^p6837

^p6838

ཞི་བ་ལྷས།^p6839

སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། །^p6840

སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །^p6841

བདེ་བ་འདོད་ཀྱང་གཏི་མུག་པས། །^p6842

རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས།^p6843

寂天菩萨:^p6844

众生欲除苦,反行痛苦因,^p6845

愚人虽求乐,毁乐如灭仇。^p6846

2019.09.01^p6847

^p6848

ཀུན་མཁྱེན་འཇིགས་མེད་གླིང་པས།^p6849

དོན་དམ་པའི་རྟོགས་ཚུལ་མོས་གུས་ཀྱི་སྲང་ལ་^p6850

ཐེབས་པ་ཤ་སྟག་བྱུང་ངོ་། །ཞེས་གསུངས།^p6851

智悲光尊者:^p6852

我的许多弟子,都是以恭敬心证悟胜义谛而获得最高境界的。^p6853

2019.09.02^p6854

^p6855

ཨོ་རྒྱན་ཆེན་པོས།^p6856

སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ། །^p6857

དབྱར་གྱི་ཆུ་དང་རྨི་ལམ་ནོར་རྫས་ལྟར། །^p6858

བདེན་པ་མེད་ཅིང་མྱུར་དུ་མི་རྟག་པས། །^p6859

སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །ཞེས་གསུངས།^p6860

莲花生大士:^p6861

人间荣华如夏水,亦如梦中之财富,^p6862

无有实质速无常,故当恒生厌离心。^p6863

2019.09.03^p6864

^p6865

རྒྱུད་བླ་མ་ལས།^p6866

གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །^p6867

དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །^p6868

དེ་བཞིན་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པ། །^p6869

སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །^p6870

ཅེས་གསུངས།^p6871

《宝性论》:^p6872

彼即法身即如来,圣谛胜义之涅槃,^p6873

故如日光德无别,佛外无有余涅槃。^p6874

2019.09.04^p6875

^p6876

མགོན་པོ་ཀླུ་སྒྲུབ་ཀྱིས།^p6877

སྟོང་ཉིད་རིགས་པས་དཔྱད་ན་གོ་ནུས་ཀྱི། །^p6878

ཤིན་ཏུ་རྟོགས་དཀའ་རྒྱུ་འབྲས་ཟབ་མོའི་ཆོས། །^p6879

ཞེས་གསུངས།^p6880

龙猛菩萨:^p6881

以理分析能解空性义,^p6882

极难证悟因果甚深法。^p6883

2019.09.05^p6884

^p6885

སློབ་དཔོན་པདྨས།^p6886

རྒྱ་གར་ནས་བོད་དུ་འགྱུར་ཚད་ཀྱི་ཆོས་ལུས་ངག་གི་^p6887

དགེ་སྦྱོར་བྱ་ཐབས་ལ་ཡི་གེ་དྲུག་པའི་འཁོར་ལོ་འདི་^p6888

བས་ཕན་པ་དང་ཡོན་ཏན་ཆེ་བ་མེད། ཅེས་གསུངས།^p6889

莲花生大士:^p6890

凡是印度译成藏文的佛法中,^p6891

身语所做的善事里,没有比转六字^p6892

真言经轮利益功德更大的了。^p6893

2019.09.06^p6894

^p6895

པདྨ་བཀའ་ཡི་ཐང་ཡིག་ལས།^p6896

ཚོགས་གཉིས་མཐར་ཕྱིན་ཡོན་ཏན་རབ་རྫོགས་པཿ^p6897

སྲས་ཀྱི་མཆོག་གྱུར་སྤྲུལ་པ་བསམ་མི་ཁྱབཿ^p6898

འདས་དང་མ་འོངས་ད་ལྟ་ཐམས་ཅད་དུཿ^p6899

བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་འཛུགསཿ^p6900

ཞེས་གསུངས།^p6901

《莲花遗教》:^p6902

二资究竟圆功德,佛子化身不可思,^p6903

过去现在未来时,树立佛幢遍十方。^p6904

2019.09.07^p6905

^p6906

པདྨ་བཀའ་ཡི་ཐང་ཡིག་ལས།^p6907

སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེདཿ^p6908

རི་བོ་ཏཱ་ལར་མགོན་པོ་སྤྱན་རས་གཟིགསཿ^p6909

དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུཿ^p6910

མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཡངཿ^p6911

དོན་ལ་དབྱེར་མེད་སོ་སོར་ཐ་མི་དདཿ^p6912

ཅེས་གསུངས།^p6913

《莲花遗教》:^p6914

往昔无量光如来,布达拉山观世音,^p6915

达那郭夏莲花生,现相虽异实无别。^p6916

2019.09.08^p6917

^p6918

དགེ་སྐྱེས་ཞེས་བྱ་བའི་མདོ་ལས།^p6919

འདོད་སྡང་འཇིགས་སྐྲག་གཏི་མུག་པའི། །^p6920

ཆོས་བཞི་ལྡན་པའི་གང་ཟག་ལ། །^p6921

སྙན་གྲགས་ཉིན་རེར་འགྲིབ་གྱུར་ཏེ། །^p6922

མར་ངོའི་ཟླ་བ་ཇི་བཞིན་ནོ། །ཞེས་གསུངས།^p6923

《善生经》:^p6924

欲嗔及怖痴,有此四法者,^p6925

名誉日损减,如月向于晦。^p6926

2019.09.09^p6927

^p6928

དགེ་སྐྱེས་ཞེས་བྱ་བའི་མདོ་ལས།^p6929

འདོད་སྡང་འཇིགས་སྐྲག་གཏི་མུག་པའི། །^p6930

མི་དགེ་ཟློག་པའི་གང་ཟག་ལ། །^p6931

སྙན་གྲགས་ཉིན་རེར་འཕེལ་གྱུར་ཏེ། །^p6932

ཡར་ངོའི་ཟླ་བ་ཇི་བཞིན་ནོ། །ཞེས་གསུངས།^p6933

《善生经》:^p6934

于欲恚怖痴,不为恶行者,^p6935

名誉日增广,如月向上满。^p6936

2019.09.10^p6937

^p6938

ཞབས་དཀར་པས།^p6939

ཆོས་ལུགས་གྲུབ་མཐའ་མང་པོ་མ་དར་ན། །^p6940

བསྟན་པ་དར་ཞིང་རྒྱས་པ་སུ་ཡིས་བྱེད། །ཅེས་གསུངས།^p6941

夏嘎巴:^p6942

佛法若无各教派,^p6943

何能兴盛于十方?^p6944

2019.09.11^p6945

^p6946

མདོ་ལས།^p6947

ཇི་འདྲ་བ་ཡི་ལས་བྱས་པ། །^p6948

དེ་འདྲ་བ་ཡི་འབྲས་བུ་འཐོབ། །ཅེས་གསུངས།^p6949

佛经:^p6950

造作如是业,^p6951

获得如是果。^p6952

2019.09.12^p6953

^p6954

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།^p6955

མེ་ནི་གྲང་བར་འགྱུར་སྲིད། །^p6956

འཇམ་མགོན་དྲིན་ཆེན་བླ་མའི། །^p6957

ཐུགས་རྗེ་གཡེལ་བ་མི་མངའ། །^p6958

ནུས་སྟོབས་ཆགས་ཐོགས་མི་སྲིད། །ཅེས་གསུངས།^p6959

法王晋美彭措:^p6960

纵令火成凉,上师之慈悲,^p6961

永远不过时,其力无阻碍。^p6962

2019.09.13^p6963

^p6964

མདོ་ལས།^p6965

ལྔ་བརྒྱ་ཐ་མར་གྱུར་པ་ན། །^p6966

ང་ཉིད་སློབ་དཔོན་གཟུགས་སུ་འོང་། །^p6967

དེ་ཚེ་དེ་ལ་གུས་པར་བྱ། །ཞེས་གསུངས།^p6968

佛经:^p6969

末法五百世,^p6970

我现上师相,^p6971

尔时恭敬彼。^p6972

2019.09.14^p6973

^p6974

གསང་སྙིང་ལས།^p6975

རང་བཞིན་གསང་བའི་སྙིང་པོ་ནི། །^p6976

རྟོགས་ནས་སྨྲ་བར་གང་བྱེད་པ། །^p6977

དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་གསུངས།^p6978

《密藏续》:^p6979

了悟而宣说,自性秘密藏,^p6980

彼即视为我,圆满诸灌顶。^p6981

2019.09.15^p6982

^p6983

མཁའ་ལྡིང་གཤོག་རླབས་ལས།^p6984

ད་ལྟའི་ཤེས་པ་བཟོ་བཅོས་མ་བྱས་པ། །^p6985

རྐྱེན་གྱིས་མ་བསྒྱུར་འཛིན་པས་མ་བསླད་པའི། །^p6986

རིག་པ་ས་ལེ་ཧྲིག་གེ་འདི་ཀ་ཡིན། །^p6987

དུས་གསུམ་སངས་རྒྱས་ཐམས་ཅད་འདི་ལས་བྱུང་། །^p6988

འདི་ནི་དུས་གསུམ་སངས་རྒྱས་ཐུགས་ཡིན་པས། །^p6989

འདི་དང་འབྲལ་མེད་གྱིས་ཤིག་སྐལ་ལྡན་ཀུན། །ཞེས་གསུངས།^p6990

《大鹏展翅》:^p6991

现今之识不改造,不随缘转执不染,^p6992

了然明澈此觉性,三世诸佛由此生,^p6993

此乃三世佛陀意,故莫离此具缘者!^p6994

2019.09.16^p6995

^p6996

དགེ་སྐྱེས་ཞེས་བྱ་བའི་མདོ་ལས།^p6997

ཆང་གིས་མྱོས་པའི་གང་ཟག་གིས། །^p6998

རང་ཉིད་དབུལ་ཡང་མི་ཤེས་པས། །^p6999

ནོར་ལ་མཐོང་ཆུང་རྒྱས་སྤྲོས་དགའ། །^p7000

ཁྱིམ་འཇིག་ཕུང་ཁྲོལ་ཐམས་ཅད་འབྱུང་། །ཞེས་གསུངས།^p7001

《善生经》:^p7002

为酒所荒迷,贫穷不自量,^p7003

轻财好奢用,破家致祸患。^p7004

2019.09.17^p7005

^p7006

དགེ་སྐྱེས་ཞེས་བྱ་བའི་མདོ་ལས།^p7007

སྤྱོད་ངན་བྱེད་ཅིང་དང་དུ་ལེན། །^p7008

གྲོགས་ངན་དག་ལ་བསྟེན་པ་ཡིས། །^p7009

འདི་དང་ཕྱི་མ་གཉིས་ཀ་ཡང་། །^p7010

འབྲས་བུ་ནམ་ཡང་འཐོབ་པ་མེད། །ཅེས་གསུངས།^p7011

《善生经》:^p7012

行恶能受恶,与恶友同事,^p7013

今世及后世,终始无所获。^p7014

2019.09.18^p7015

^p7016

དགེ་སྐྱེས་ཞེས་བྱ་བའི་མདོ་ལས།^p7017

ཉིན་པར་གཉིད་ལ་དགའ་བ་དང་། །^p7018

མཚན་མོར་རེ་བས་བྲེལ་བ་ལ། །^p7019

བཟང་གྲོགས་མེད་ཅིང་རྨོངས་མུན་འཐིབས། །^p7020

ཁྱིམ་གྱི་བྱ་བ་འགྲུབ་མི་ནུས། །ཞེས་གསུངས།^p7021

《善生经》:^p7022

昼则好睡眠,夜觉多悕望,^p7023

独昏无善友,不能修家务。^p7024

2019.09.18^p7025

^p7026

སྔོན་གྱི་དམ་པ་དག་གིས།^p7027

རྣལ་འབྱོར་ཁྲོས་པ་ཆུ་ནང་དབྱིག་བརྒྱབ་འདྲ། །^p7028

ད་ལྟ་ཡོད་ལ་ད་ལྟ་མེད། །ཅེས་གསུངས།^p7029

古大德:^p7030

瑜伽行人之怒火,^p7031

如棍击水片刻无。^p7032

2019.09.19^p7033

^p7034

དགེ་སྐྱེས་ཀྱི་མདོ་ལས།^p7035

ཞི་དུལ་ཚུལ་གྱིས་བསླུ་བ་དང་། །^p7036

སྙན་པར་སྨྲ་བས་བསླུ་བ་དང་། །^p7037

གུས་བསྟུན་ཚུལ་གྱིས་བསླུ་བ་དང་། །^p7038

གྲོགས་ངན་དགའ་བས་བསླུ་བ་བཅས། །^p7039

འདི་དག་བསྟེན་པར་མི་བྱ་སྟེ། །^p7040

མཁས་པས་ལེགས་པར་ཤེས་བྱས་ནས། །^p7041

གཡང་ས་དག་ལ་འཇིགས་པ་ལྟར། །^p7042

མྱུར་དུ་ཡོངས་སུ་སྤང་བར་བྱ། །ཞེས་གསུངས།^p7043

《善生经》:^p7044

畏伏而强亲,美言亲亦尔,^p7045

敬顺虚诳亲,恶友为恶亲。^p7046

此亲不可恃,智者当觉知,^p7047

宜速远离之,如避于险道。^p7048

2019.09.20^p7049

^p7050

བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལས།^p7051

བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་^p7052

ཀྱི་ལས་མེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་^p7053

ཐམས་ཅད་མཉམ་པ་ཉིད་དུ་སྒོམ་པ་དང་། བརྩོན་འགྲུས་^p7054

བརྩམས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་དང་།^p7055

དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟེ། བུ་མོ་བྱང་ཆུབ་སེམས་^p7056

དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་ཀྱི་ལས་^p7057

མེད་པར་འགྱུར་རོ། །ཞེས་གསུངས།^p7058

《妙慧童女经》:^p7059

复次妙慧,菩萨成就四法,能离诸魔。^p7060

云何为四?一者了知法性平等,^p7061

二者发起精进,三者常勤念佛,^p7062

四者一切善根皆悉回向。^p7063

2019.09.21^p7064

^p7065

ཞབས་དཀར་བས།^p7066

རྗེ་བླ་མས་སེམས་ངོ་སྤྲོད་པ་དེ། །^p7067

དཔེ་ལོང་བའི་མིག་གཉིས་ཕྱེ་བ་འདྲ། །ཞེས་གསུངས།^p7068

夏嘎巴:^p7069

上师直指心,^p7070

如开天盲眼。^p7071

2019.09.22^p7072

^p7073

སངས་རྒྱས་གཙུག་ཏོར་དཔའ་བར་འགྲོ་བའི་མདོ་ལས།^p7074

ཐོག་མ་མེད་པ་ནས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པས་^p7075

འཁོར་བ་ན་རང་གི་དེ་ཁོ་ན་ཉིད་དག་ཅིང་འོད་གསལ་བ་རྟག་^p7076

ཏུ་གནས་པ་མ་རྟོགས་པས་མངོན་ཞེན་ཉེ་བར་བླངས་ཏེ།^p7077

འདོད་པ་འདི་ནི་གསོག་འབའ་ཞིག་པས་ན་ཀུན་ཏུ་རྒྱུད་མར་^p7078

འཁོར་ཞིང་འཕྱན་ཏོ། །ཞེས་གསུངས།^p7079

《楞严经》:^p7080

一切众生,从无始来生死相续,^p7081

皆由不知常住真心,性净明体,^p7082

用诸妄想。此想不真,故有轮转。^p7083

2019.09.23^p7084

^p7085

སློབ་དཔོན་ཀླུ་སྒྲུབ་ཀྱིས།^p7086

ཐར་པ་བདག་ལ་རག་ལས་འདི་ལ་ནི། །^p7087

གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་སོ། །^p7088

ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །^p7089

བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །^p7090

ཅེས་གསུངས་སོ། །^p7091

龙猛菩萨:^p7092

解脱依自己,他人无济事,^p7093

具闻戒定者,勤修四谛法。^p7094

2019.09.24^p7095

^p7096

དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས།^p7097

ཇི་ལྟར་རི་བོ་དག་ནི་མི་སྒུལ་བ། །^p7098

དེ་བཞིན་ཆོས་རྣམས་རྟག་ཏུ་སྐྱོད་མི་ནུས། །^p7099

འཆི་འཕོ་མེད་ཅིང་སྐྱེ་བ་མེད་པ་ཡི། །^p7100

ཆོས་རྣམས་དེ་ལྟར་རྒྱལ་བས་རབ་ཏུ་བསྟན། །^p7101

ཞེས་གསུངས།^p7102

《宝源经》:^p7103

如山不动摇,诸法亦复然,^p7104

无生亦无死,如来所宣说。^p7105

2019.09.25^p7106

^p7107

ཚུལ་ཁྲིམས་ཡང་དག་པའི་མདོ་ལས།^p7108

དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །^p7109

ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །^p7110

ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །^p7111

ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཞེསགསུངས།^p7112

《净戒经》:^p7113

是故佛赞戒,具戒值遇佛,^p7114

具戒最庄严,具戒生妙香。^p7115

2019.09.26^p7116

^p7117

སློབ་དཔོན་ཙནྡྲ་གོ་མིས།^p7118

དེ་ཚེ་དེ་ལ་དགེ་བའི་ཕྱིར། །^p7119

རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །^p7120

དགེ་བའི་ཐུགས་ཀྱིས་རྟག་པར་ཡང་། །^p7121

བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་གསུངས།^p7122

月宫论师:^p7123

具戒者善故,诸佛及菩萨,^p7124

恒常以善意,如子而垂念。^p7125

2019.09.27^p7126

^p7127

སློབ་དཔོན་དབྱིག་གཉེན་གྱིས།^p7128

གང་གིས་ལུས་དང་སྲོག་དག་ནི། །^p7129

སེམས་ཅན་ཀུན་ལ་གཏང་བར་བྱ། །^p7130

ལུས་ཅན་ཀུན་ལ་བྱམས་པ་དང་། །^p7131

སྙིང་རྗེ་ཉིད་ཀྱིས་ཁྱབ་པར་བྱ། །ཞེས་གསུངས།^p7132

世亲论师:^p7133

为利诸众生,舍身及寿命,^p7134

慈心与悲心,周遍诸有情。^p7135

2019.09.28^p7136

^p7137

དགེ་སྐྱེས་ཀྱི་མདོ་ལས།^p7138

གཉེན་གྲོགས་བསྟེན་པར་འདོད་པ་ཡིས། །^p7139

བློ་ནི་རབ་ཏུ་བརྟན་པ་དང་། །^p7140

ཚུལ་ཁྲིམས་ལྡན་པའི་གང་ཟག་བསྟེན། །^p7141

དེས་ནི་མེ་འོད་སྣང་བཞིན་འགྱུར། །ཞེས་གསུངས།^p7142

《善生经》:^p7143

若欲亲可亲,当亲坚固亲,^p7144

亲者戒具足,如火光照人。^p7145

2019.09.29^p7146

^p7147

དགེ་སྐྱེས་ཀྱི་མདོ་ལས།^p7148

བསྟེན་པར་འོས་པའི་གཉེན་གྲོགས་ནི། །^p7149

མཁས་པ་རྣམས་ཀྱིས་བསྟེན་བྱ་སྟེ། །^p7150

གྲོགས་ཀྱི་ནང་ནས་ཕུལ་ཕྱིན་པ། །^p7151

མ་ཡིས་བུ་བཞིན་བསྟེན་པར་བྱ། །ཞེས་གསུངས།^p7152

《善生经》:^p7153

此亲乃可亲,智者所附近,^p7154

亲中无等亲,如慈母亲子。^p7155

2019.09.30^p7156

^p7157

དགེ་སྐྱེས་ཀྱི་མདོ་ལས།^p7158

ཆོས་མིན་འགོག་པར་བྱེད་པ་དང་། །^p7159

གཞན་ལ་བྱམས་བརྩེ་ལྡན་པ་དང་། །^p7160

གཞན་ཕན་སྒྲུབ་དང་དོན་མཐུན་བྱེད། །^p7161

དེ་འདྲའི་གྲོགས་ནི་བསྟེན་པར་བྱ། །ཞེས་གསུངས།^p7162

《善生经》:^p7163

制非防恶亲,慈愍存他亲,^p7164

利人益彼亲,同事齐己亲。^p7165

2019.10.01^p7166

^p7167

དགེ་སྐྱེས་ཀྱི་མདོ་ལས།^p7168

རྒྱན་པོ་འགྱེད་དང་མྱོས་བྱེད་བཏུང་། །^p7169

བུད་མེད་འདོད་ལོག་སྤྱོད་པ་དང་། །^p7170

ངན་སྤྱོད་ངན་པ་གོམས་པ་ཡིས། །^p7171

མར་ངོའི་ཟླ་བཞིན་འགྲིབ་པར་འགྱུར། །ཞེས་གསུངས།^p7172

《善生经》:^p7173

掷博群饮酒,共伺他淫女,^p7174

玩习卑鄙行,如月向于晦。^p7175

2019.10.02^p7176

^p7177

དགེ་སྐྱེས་ཀྱི་མདོ་ལས།^p7178

སྔ་དགོང་བྱ་བར་མི་བརྩོན་ཞིང་། །^p7179

དྲོ་གྲང་ནམ་ཡང་ལེ་ལོས་གཡེང་། །^p7180

བྱ་བ་གང་ཡང་མཐར་མི་ཕྱིན། །^p7181

འགྲུབ་ཀྱང་སླར་ཡང་བརླག་པར་འགྱུར། །ཞེས་གསུངས།^p7182

《善生经》:^p7183

朝夕不肯作,寒暑复懈惰,^p7184

所为事不究,亦复毁成功。^p7185

2019.10.03^p7186

^p7187

རྡོ་རྗེ་གཅོད་པ་ལས།^p7188

རབ་འབྱོར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་འདི་ལྟ་^p7189

བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་། འཛིན་པ་དང་།^p7190

ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་འགྱུར། ཤིན་དུ་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་^p7191

སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་^p7192

སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དག་ཚེ་འདི་ཉིད་ལ་^p7193

མནར་བས་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་བྱང་བར་^p7194

འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་བའི་^p7195

ཕྱིར་རོ། །ཞེས་གསུངས།^p7196

《金刚经》(鸠摩罗什译):^p7197

须菩提,若善男子、善女人,受持读诵此经,若为人轻贱,是人先世罪业,应堕恶道,以今世人轻贱故,先世罪业则为消灭,当得阿耨多罗三藐三菩提。^p7198

2019.10.04^p7199

^p7200

རྡོར་གཅོད་ལས།^p7201

ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་རྫུན་ནོ། །^p7202

ཞེས་གསུངས།^p7203

《金刚经》:^p7204

凡所有相,皆是虚妄。^p7205

2019.10.05^p7206

^p7207

རྡོར་གཅོད་ལས།^p7208

དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུངས་པ། བདེན་པར་གསུངས་པ། དེ་བཞིན་ཉིད་དུ་གསུངས་^p7209

པ་སྟེ། དེ་བཞིན་གཤེགས་པ་ནི་ལོག་པར་གསུང་བ་^p7210

མ་ཡིན་པའི་ཕྱིར་རོ། །ཞེས་གསུངས།^p7211

《金刚经》(鸠摩罗什译):^p7212

如来是真语者、实语者、^p7213

如语者、不诳语者、不异语者。^p7214

2019.10.06^p7215

^p7216

རྡོར་གཅོད་ལས།^p7217

ཅི་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ། །^p7218

ཞེས་གསུངས།^p7219

《金刚经》:^p7220

应无所住而生其心。^p7221

2019.10.07^p7222

^p7223

རྡོར་གཅོད་ལས།^p7224

སྐར་མ་རབ་རིབ་མར་མེ་དང་། །^p7225

སྒྱུ་མ་ཟིལ་པ་ཆུ་བུར་དང་། །^p7226

རྨི་ལམ་གློག་དང་སྤྲིན་ལྟ་བུ། །^p7227

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས།^p7228

《金刚经》(玄奘译):^p7229

诸和合所为,如星翳灯幻,^p7230

露泡梦电云,应作如是观。^p7231

2019.10.08^p7232

^p7233

རྡོར་གཅོད་ལས།^p7234

སྐར་མ་རབ་རིབ་མར་མེ་དང་། །^p7235

སྒྱུ་མ་ཟིལ་པ་ཆུ་བུར་དང་། །^p7236

རྨི་ལམ་གློག་དང་སྤྲིན་ལྟ་བུ། །^p7237

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས།^p7238

《金刚经》(鸠摩罗什译):^p7239

一切有为法,如梦幻泡影,^p7240

如露亦如电,应作如是观。^p7241

2019.10.09^p7242

^p7243

རྡོར་གཅོད་ལས།^p7244

སྐར་མ་རབ་རིབ་མར་མེ་དང་། །^p7245

སྒྱུ་མ་ཟིལ་པ་ཆུ་བུར་དང་། །^p7246

རྨི་ལམ་གློག་དང་སྤྲིན་ལྟ་བུ། །^p7247

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས།^p7248

《金刚经》(义净译):^p7249

一切有为法,如星翳灯幻,^p7250

露泡梦电云,应作如是观。^p7251

2019.10.10^p7252

^p7253

རྡོར་གཅོད་ལས།^p7254

སྐར་མ་རབ་རིབ་མར་མེ་དང་། །^p7255

སྒྱུ་མ་ཟིལ་པ་ཆུ་བུར་དང་། །^p7256

རྨི་ལམ་གློག་དང་སྤྲིན་ལྟ་བུ། །^p7257

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས།^p7258

《金刚经》(菩提流支译):^p7259

一切有为法,如星翳灯幻,^p7260

露泡梦电云,应作如是观。^p7261

2019.10.11^p7262

^p7263

རྡོར་གཅོད་ལས།^p7264

སྐར་མ་རབ་རིབ་མར་མེ་དང་། །^p7265

སྒྱུ་མ་ཟིལ་པ་ཆུ་བུར་དང་། །^p7266

རྨི་ལམ་གློག་དང་སྤྲིན་ལྟ་བུ། །^p7267

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས།^p7268

《金刚经》(真谛译):^p7269

如如不动,恒有正说,应观有为法,如暗、翳、灯、幻,露、泡、梦、电、云。^p7270

2019.10.12^p7271

^p7272

རྡོར་གཅོད་ལས།^p7273

སྐར་མ་རབ་རིབ་མར་མེ་དང་། །^p7274

སྒྱུ་མ་ཟིལ་པ་ཆུ་བུར་དང་། །^p7275

རྨི་ལམ་གློག་དང་སྤྲིན་ལྟ་བུ། །^p7276

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས།^p7277

《金刚经》(三藏笈多译):^p7278

星翳灯幻,露泡梦电,^p7279

云见如是,此有为者。^p7280

2019.10.13^p7281

^p7282

ཀུན་མཁྱེན་ཀློང་ཆེན་པས།^p7283

སྔོན་གྱི་སྐྱེ་བོ་དམ་པ་མཆོག་རྣམས་ཀྱང་། །^p7284

དབེན་པའི་གནས་ལས་བདུད་རྩི་བརྙེས་ཞེས་གསུངས། །^p7285

དེ་ཕྱིར་བདག་ཀྱང་ཞི་བ་སྒྲུབ་པའི་ཕྱིར། །^p7286

ནགས་ནང་དབེན་པ་གཅིག་པུར་གནས་པར་བྱ། །^p7287

ཞེས་གསུངས།^p7288

全知龙钦巴:^p7289

佛说以往诸多胜士夫,^p7290

皆于清净寂地获甘露,^p7291

是故吾等为修寂灭法,^p7292

当自安住幽静之山林。^p7293

2019.10.14^p7294

^p7295

ཀུན་མཁྱེན་ཀློང་ཆེན་པས།^p7296

ཡིད་བརྟན་མེད་དོ་ལུས་སྲོག་འབྲལ་དུ་ཉེ། །^p7297

སང་དང་བདག་གི་ཚེ་ཟད་དུས་འདི་གཉིས། །^p7298

སྔོན་ལ་གང་བྱུང་ངེས་པ་མེད་དོ་ཞེས། །^p7299

དེ་རིང་ཉིད་ནས་ངེས་པར་བསམ་པར་བྱ། །^p7300

ཞེས་གསུངས།^p7301

全知龙钦巴:^p7302

无有可靠身命离迫近,^p7303

明日及自寿尽时二者,^p7304

何者在前也无有恒定,^p7305

今日务必诚心而思索。^p7306

2019.10.15^p7307

^p7308

ཕལ་པོ་ཆེའི་མདོ་ལས།^p7309

གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་^p7310

ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་^p7311

མེད་དེ་འོན་ཀྱང་འདུ་ཤེས་ཀྱིའཛིན་པས་དེ་བཞིན་གཤེགས་^p7312

པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་^p7313

ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་^p7314

ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ་། །ཞེས་གསུངས།^p7315

《华严经》:^p7316

未趋入如来智慧之众生于有情趣少许亦无有,然以想执不现如来智慧。远离想执无碍出生遍知智慧自然本智。^p7317

2019.10.16^p7318

^p7319

གུང་ཐང་བསྟན་པའི་སྒྲོན་མེས།^p7320

ཤིང་ལ་ལན་གཅིག་སྦྲུལ་གནས་དེ། །^p7321

ཕྱིས་ཀྱང་མཐོང་ཚེ་འཇིགས་པ་ལྟར། །^p7322

རྐུ་དང་རྫུན་ལ་གཅིག་ཞུགས་པའི། །^p7323

མི་དེར་རྟག་ཏུ་དོགས་པ་སྐྱེ། །ཞེས་གསུངས།^p7324

贡塘丹毕准美尊者:^p7325

一朝树下有蛇,此后见树生畏,^p7326

一次偷盗妄言,于彼恒生怀疑。^p7327

2019.10.17^p7328

^p7329

འགོས་ལོ་གཞོན་ནུ་དཔལ་གྱིས།^p7330

བདག་ནི་དུད་འགྲོར་གྱུར་ན་ཡང་། །^p7331

ཐུབ་པའི་གསུང་རབ་རིན་པོ་ཆེའི། །^p7332

གླེགས་བམ་མཐོང་ནས་དགའ་བ་དང་། །^p7333

ཀུ་ཅོ་བྱེད་ཅིང་རྒྱུག་པར་ཤོག །ཅེས་གསུངས།^p7334

果·宣奴巴译师:^p7335

纵我变旁生,若见佛陀法,^p7336

如意宝典籍,欢喜呼奔跑。^p7337

2019.10.18^p7338

^p7339

འགོས་ལོ་གཞོན་ནུ་དཔལ་གྱིས།^p7340

ཡི་དྭགས་ཉིད་དུ་གྱུར་ཀྱང་སླ། །^p7341

རྒྱལ་བའི་གསུང་དང་མ་བྲལ་ན། །^p7342

གཞན་དག་ལ་ཡང་ཕན་བྱེད་པས། །^p7343

དེ་ཡི་གྲོང་ཁྱེར་སྟོངས་བར་ཤོག །ཅེས་གསུངས།^p7344

果·宣奴巴译师:^p7345

我宁变饿鬼,亦不离佛法,^p7346

愿利益有情,度众城皆空。^p7347

2019.10.19^p7348

^p7349

སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བའི་མདོ་ལས།^p7350

ཇི་ལྟར་ན་རྣམ་གྲངས་གཉིས་ཡིན་ཞེ་ན། ཀུན་དགའ་བོ་རྣམ་^p7351

གྲངས་གཅིག་ནི་ཐོག་མ་མེད་པའི་སྐྱེ་འཆིའི་རྩ་བ་སྟེ། ད་ལྟ་ཁྱོད་^p7352

ཅག་སེམས་ཅན་རྣམས་ཀྱི་དམིགས་པ་ཅན་གྱི་སེམས་ཉིད་རང་^p7353

གི་སེམས་ཀྱི་རང་བཞིན་དུ་ལྟ་བའོ། །རྣམ་གྲངས་གཞན་ནི།^p7354

ཐོག་མ་མེད་པ་ནས་འབྲལ་དུ་མེད་པའི་བྱང་ཆུབ་དང་མྱང་^p7355

འདས་རྣམ་པར་བྱང་བའི་ངོ་བོ་ཉིད་དེ། ད་ལྟ་ཁྱེད་ཀྱི་རང་^p7356

བཞིན་གྱིས་འོད་གསལ་བའི་རྣམ་པར་ཤེས་པའི་ཁམས། རྣམ་^p7357

འགྱུར་ཐམས་ཅད་བསྐྱེད་པར་བྱེད་པ། རང་གི་ངོ་བོ་རྙེད་པར་^p7358

དཀའ་བ་སྟེ། སེམས་ཅན་རྣམས་ཀྱིས་རང་གི་ངོ་བོ་ཡོངས་^p7359

སུ་སྟོར་བས་ན། ཉིན་བཞིན་དུ་འབད་པར་བྱས་ཀྱང་ཕྱིན་ཅི་^p7360

ལོག་གི་རིགས་སྣ་ཚོགས་སུ་དོན་མེད་པར་འཁྱམས་པར་གྱུར་^p7361

ཏེ་རང་གི་རང་བཞིན་མ་རྟོགས་སོ། །ཞེས་གསུངས།^p7362

2019.10.19^p7363

^p7364

《楞严经》:^p7365

云何二种?^p7366

阿难,一者无始生死根本,^p7367

则汝今者,与诸众生,^p7368

用攀缘心为自性者。^p7369

二者无始菩提涅槃,元清净体,^p7370

则汝今者识精元明,能生诸缘,^p7371

缘所遗者。由诸众生,遗此本明,^p7372

虽终日行,而不自觉,枉入诸趣。^p7373

2019.10.20^p7374

^p7375

མི་ཕམ་རིན་པོ་ཆེས།^p7376

ཡུད་ཙམ་ཞིག་གིས་མཛའ་བ་དང་། །^p7377

མི་མཛའ་གཉིས་ཀ་མི་བྱ་བར། །^p7378

འཕྲལ་དུ་འགྲོགས་ན་བདེ་བ་དང་། །^p7379

ཕུགས་སུ་ཆེས་ཆེར་བརླིང་བར་བྱ། །ཞེས་གསུངས།^p7380

麦彭仁波切:^p7381

故勿顷刻成密友,须臾又变成陌路,^p7382

短暂相处应快乐,长远情当愈稳固。^p7383

2019.10.21^p7384

^p7385

ས་སྐྱ་པཎྜི་ཏས།^p7386

སེམས་ནི་རྣམ་པར་གཡེངས་པ་ལ། །^p7387

དམ་ཆོས་བསྒྲུབ་པའི་གོ་སྐབས་མེད། །ཅེས་གསུངས།^p7388

萨迦班智达:^p7389

设若自心散乱者,^p7390

彼无修法之良机。^p7391

2019.10.22^p7392

^p7393

ས་སྐྱ་ལེགས་བཤད་ལས།^p7394

ཁྱོད་ཀྱི་བྱ་བ་ཟིན་ནམ་ཞེས། །^p7395

འཆི་བདག་སྡོད་པར་མི་འགྱུར་གྱིས། །^p7396

ངེས་པར་བྱ་དགོས་ཡོད་ན་ནི། །^p7397

དེ་རིང་ཉིད་དུ་བརྟུན་ལ་གྱིས། །ཞེས་གསུངས།^p7398

《萨迦格言》:^p7399

无论汝事圆满否,死主绝不让汝停,^p7400

设若尚有应做事,则应今起精进行。^p7401

2019.10.23^p7402

^p7403

སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བའི་མདོ་ལས།^p7404

སངས་རྒྱས་ཀྱིས་བཀའ་སྩལ་པ། འདི་ནི་ཕྱི་རོལ་དོན་གྱིས་^p7405

སྟོངས་པའི་སེམས་ཀྱི་རྣམ་པ་རྫུན་པ་སྟེ། ཡང་དག་པའི་སེམས་^p7406

ཀྱི་རང་བཞིན་རྙོག་པར་བྱེད་དོ། །ཁྱོད་ཀྱིས་ཐོག་མ་མེད་པ་ནས་^p7407

ད་ལྟའི་བར་དུ་རྐུན་པོ་ལ་རང་གི་བུར་རློམས་པས། སེམས་ཀྱི་^p7408

རང་བཞིན་གྱི་ངོ་བོ་ཉིད་སྟོར་བས་ན་འཁོར་བར་འཁོར་རོ། །^p7409

ཞེས་གསུངས།^p7410

《楞严经》:^p7411

此是前尘虚妄相想,惑汝真性。^p7412

由汝无始至于今生,人贼为子,^p7413

失汝元常,故受轮转。^p7414

2019.10.24^p7415

^p7416

ཞབས་དཀར་པས།^p7417

གང་ལ་གང་འདུལ་སྤྲུལ་པ་བཀྱེ་ནས་ཀྱང་། །^p7418

འགྲོ་དོན་རྒྱུན་མི་ཆད་པར་མཛད་པའོ། །^p7419

ཚིག་དོན་འདི་རྣམས་ཡིད་ལ་ཟུངས་ཤིག་དང་། །^p7420

སྐྱིད་པའི་ཉི་མ་ནང་ནས་འཆར་བར་ངེས། །ཞེས་གསུངས།^p7421

夏嘎巴:^p7422

应机调化现幻化,永不间断利群生,^p7423

此等句义铭记心,快乐杲日从内升。^p7424

2019.10.25^p7425

^p7426

མཁའ་ལྡིང་གཤོག་རླབས་ལས།^p7427

འཁོར་འདས་རོ་གཅིག་སེམས་སུ་ཐག་བཅད་ལ། །^p7428

སེམས་ཉིད་མ་བཅོས་ཆོས་སྐུའི་ངང་ཉིད་ནས། །^p7429

འགྲོ་དང་འདུག་དང་མཆོངས་དང་རྒྱུག་པ་དང་། །^p7430

སྨྲ་དང་དགོད་དང་ངུ་དང་གླུ་ལེན་དང་། །^p7431

བཅགས་དང་དཀྲུག་ལོག་སྨྱོན་པའི་སྤྱོད་པ་བྱ། །^p7432

མཐར་ནི་ཞི་ཞིང་བདེ་བའི་ངང་ལ་འདུག །ཅེས་གསུངས།^p7433

《大鹏展翅》:^p7434

轮涅一味断定心,心性无改法身性,^p7435

行住跳跃及奔跑,言谈苦笑与歌唱,^p7436

践踏搅乱疯狂行,最终寂静安乐住。^p7437

2019.10.26^p7438

^p7439

མཁའ་ལྡིང་གཤོག་རླབས་ལས།^p7440

སྣང་བ་དཀར་དམར་སྣ་ཚོགས་ཤོག་བུ་ལ། །^p7441

རང་བྱུང་ཡེ་ཤེས་རིག་པའི་སྨྱུ་གུ་ཡིས། །^p7442

གཞི་མེད་ཡེ་གྲོལ་འཛིན་མེད་ཡི་གེ་བྲིས། །^p7443

སྣང་སྟོང་གཉིས་མེད་ངང་དུ་དཔེ་བལྟ་བྱས། །ཞེས་གསུངས།^p7444

《大鹏展翅》:^p7445

形形色色显现纸,自然觉智笔繕写,^p7446

无基本解无执字,现空无二境界阅。^p7447

2019.10.27^p7448

^p7449

ཀླུ་སྒྲུབ་ཀྱིས།^p7450

ཀུན་རྫོབ་ལས་ནི་ལོགས་ཤིག་ཏུ། །^p7451

དོན་དམ་ཉེ་བར་མི་དམིགས་སོ། །^p7452

དོན་དམ་ལས་ཀྱང་ལོགས་ཤིག་ཏུ། །^p7453

ཀུན་རྫོབ་ཉེ་བར་མི་དམིགས་སོ། །ཞེས་གསུངས།^p7454

龙猛菩萨:^p7455

唯除世俗外,不得胜义谛。^p7456

唯除胜义外,不得世俗谛。^p7457

2019.10.28^p7458

^p7459

དམ་ཚིག་མཆོག་གི་རྒྱུད་ལས།^p7460

ལུས་དང་ངག་དང་ཡིད་སྟོབས་ཀྱིས། །^p7461

ཅི་ནུས་པ་ཡིས་བླ་མ་ལ། །^p7462

བསྙེན་བཀུར་སྲི་ཞུ་སུས་བྱས་པ། །^p7463

འདི་ལ་མཐུ་དང་ནུས་པའི་ཚོགས། །^p7464

བྱིན་རླབས་ཐོགས་པ་མེད་པ་འབྱུང་། །ཞེས་གསུངས།^p7465

《殊胜誓言续》:^p7466

谁以身语意,尽力承侍师,^p7467

定无碍出现,威力与加持。^p7468

2019.10.29^p7469

^p7470

ཏིང་འཛིན་རྒྱལ་པོ་ལས།^p7471

ཇི་ལྟར་སོ་གའི་ཉི་མ་ཕྱེད་དུས་ན། །^p7472

སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་དག །^p7473

སྨྲིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །^p7474

ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །^p7475

ཞེས་གསུངས།^p7476

《月灯三昧经》:^p7477

譬如春日中,辉光所焚炙,^p7478

阳焰状如水,诸法亦复然。^p7479

2019.10.30^p7480

^p7481

སྔོན་བྱོན་དམ་པའི་ཞལ་ནས།^p7482

དོན་ལ་འདི་འདྲའི་བླ་མ་ཡིས། །^p7483

བཀའ་བཀྱོན་མཛད་ན་དྲགས་སྔགས་ཡིན། །^p7484

རྐྱེན་ངན་བར་ཆད་སེལ་བར་ངེས། །^p7485

བརྡུང་བརྡེགས་མཛད་ན་བྱིན་རླབས་ཡིན། །^p7486

དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །^p7487

མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་གསུངས།^p7488

古德:^p7489

悟性之上师,呵斥是猛咒,^p7490

定除违缘障,殴打是加持,^p7491

悉地由此生,敬信则生喜。^p7492

2019.10.31^p7493

^p7494

དགོངས་འདུས་ལས།^p7495

ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །^p7496

མཚན་ཉིད་བཟང་ལྡན་བླ་མ་ལ། །^p7497

བཀུར་ནས་རིམ་གྲོ་ཆེར་བྱས་པས། །^p7498

འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །^p7499

ཞེས་གསུངས།^p7500

《极密意续》:^p7501

虽不知诸法,恭敬而承侍,^p7502

具相上师者,超越轮回海。^p7503

2019.11.01^p7504

^p7505

མཛོད་ལས།^p7506

ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །^p7507

ཞེས་གསུངས།^p7508

《俱舍论》:^p7509

形形色色世间界,^p7510

皆由众生业所生。^p7511

2019.11.02^p7512

^p7513

ཟླ་བ་དྲི་མ་མེད་པའི་མདོ་ལས།^p7514

ཆོས་འདི་རྣམས་ནི་ནམ་མཁའ་ལྟ་བུ་སྟེ། །^p7515

གང་ཡང་མི་སྐྱེ་སུ་ཡང་མི་འཆི་སྟེ། །^p7516

སྲིད་པ་གཞན་དུ་འཕོ་བ་འགའ་མེད་ཀྱང་། །^p7517

འགྲོ་བ་སྐྱེ་ཞིང་འཆི་བར་སྣང་བ་ནི། །^p7518

རྨི་ལམ་འདྲ་ཞིང་ངོ་བོ་ཉིད་ཀྱིས་སྟོང་། །^p7519

བྱིས་པ་བདག་ཏུ་འཛིན་པས་རྨོངས་པ་ཡིན། །^p7520

ཞེས་གསུངས།^p7521

《无垢月经》:^p7522

诸法如虚空,不生也不死,^p7523

亦无转他世,众生显生死,^p7524

如梦本性空,凡愚我执覆。^p7525

2019.11.03^p7526

^p7527

ཡིད་བཞིན་མཛོད་ལས།^p7528

སྐད་ཅིག་ཡུད་ཙམ་ངོས་བཟུང་འགྱུར་བའི་ཕྱིར། །^p7529

སྔ་ཕྱི་སྒོམ་མིན་བར་དེར་སུ་ཡིས་བཅུག །^p7530

དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས། །^p7531

ཐར་བ་འདོད་ན་རིང་དུ་སྤང་བར་བྱ། །ཞེས་གསུངས།^p7532

《如意宝藏论》:^p7533

认清刹那变化故,前后非修中谁入,^p7534

如此劣道违经续,欲解脱者当远离。^p7535

2019.11.04^p7536

^p7537

གང་པོས་ཞུས་པའི་མདོ་ལས།^p7538

ལུས་ཀྱི་གོས་ནི་ཚིག་པ་དང་། །^p7539

མགོ་ཐོད་མེ་ནི་འབར་བ་བཞིན། །^p7540

ལེ་ལོའི་སེམས་ནི་སྐྱེས་གྱུར་ན། །^p7541

མྱུར་བ་ཉིད་དུ་སེལ་བར་བྱེད། །ཅེས་གསུངས།^p7542

《大宝积经富楼那会》:^p7543

设使烧身衣,头燃犹不救,^p7544

懈怠心若生,即应速除灭。^p7545

2019.11.05^p7546

^p7547

གང་པོས་ཞུས་པའི་མདོ་ལས།^p7548

སངས་རྒྱས་འབྱུང་བ་རབ་ཏུ་དཀོན། །^p7549

ཆོས་བསྟན་པ་ཡང་རབ་ཏུ་དཀོན། །^p7550

དེང་བདག་སངས་རྒྱས་བསྟན་ཕྲད་ན། །^p7551

ཅི་ཡི་ཕྱིར་ན་གཏང་བར་བྱ། །ཞེས་གསུངས།^p7552

《大宝积经富楼那会》:^p7553

诸佛出世难,佛说法亦难,^p7554

我今值佛法,云何当舍离?^p7555

2019.11.06^p7556

^p7557

གང་པོས་ཞུས་པའི་མདོ་ལས།^p7558

ཁྱིམ་གྱི་རིན་ཆེན་མི་དགོས་པས། །^p7559

བདག་ནི་འདོད་པ་ཉུང་ལ་མོས། །^p7560

ཆོས་ཀྱི་གཏེར་ནི་དབྱུང་བའི་ཕྱིར། །^p7561

རབ་ཏུ་འབྱུང་བར་མོས་པ་ཡིན། །ཞེས་གསུངས།^p7562

《大宝积经富楼那会》:^p7563

不须家业宝,我欲求少欲,^p7564

所出之法财,今当行出家。^p7565

2019.11.07^p7566

^p7567

མི་རྟག་པའི་གཏམ་ལས།^p7568

གང་ཕྱིར་འདུས་བྱས་ཐམས་ཅད་ནི། །^p7569

རྐྱེན་གྱིས་གཞན་དུ་འགྱུར་བ་སྟེ། །^p7570

རྩྭ་རྩེ་རླུང་གིས་བསྐྱོད་པ་ཡི། །^p7571

ཟིལ་པ་བཞིན་དུ་མི་རྟག་གོ །ཞེས་གསུངས།^p7572

《无常语》:^p7573

一切有为法,依外缘转变,^p7574

如草尖露珠,遇风则无常。^p7575

2019.11.08^p7576

^p7577

མི་རྟག་པའི་གཏམ་ལས།^p7578

སྐྱེ་དགུ་འདི་དག་སྐྱེ་ན་གཅིག་པུ་སྟེ། །^p7579

དེ་བཞིན་འཆི་ནའང་གཅིག་པུ་འཆི་བར་འགྱུར། །^p7580

འདི་ནི་གཅིག་པུས་སྡུག་བསྔལ་མྱོང་འགྱུར་གྱི། །^p7581

འཁོར་བ་ན་ནི་གྲོགས་ཡོད་མ་ཡིན་ནོ། །ཞེས་གསུངས།^p7582

《无常语》:^p7583

有情生独生,死亦独自死,^p7584

独自受痛苦,轮回无助伴。^p7585

2019.11.09^p7586

^p7587

མྱ་ངན་བསལ་བ་ལས།^p7588

འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །^p7589

མདུན་ན་གནས་པ་འཆི་བ་སྟེ། །^p7590

ཀུན་ཀྱང་འཕྲོ་བར་སྣང་བའི་ཕྱིར། །^p7591

མྱ་ངན་བྱ་བར་འོས་པ་མིན། །ཞེས་གསུངས།^p7592

《除忧书》:^p7593

凡是有生者,死必在前方,^p7594

人皆会轮到,有何堪独忧?^p7595

2019.11.10^p7596

^p7597

མྱ་ངན་བསལ་བ་ལས།^p7598

གང་དུས་འཇིག་རྟེན་ཕ་རོལ་དུ། །^p7599

འགྲོ་བའི་རྗེས་འགྲོ་དགའ་མེད་ན། །^p7600

དགྲའམ་ཇི་སྟེ་མཛའ་སྡུག་རྣམས། །^p7601

འདི་ལ་བྱེ་བྲག་མེད་པར་འགྱུར། །ཞེས་གསུངས།^p7602

《除忧书》:^p7603

于此世间中,无有贪死者,^p7604

不论亲与怨,死亡皆平等。^p7605

2019.11.11^p7606

^p7607

མི་ཕམ་རིན་པོ་ཆེས།^p7608

ཀྱེ་མ་ཟབ་མོའི་གནས་ལུགས་ལ། །^p7609

སྦྱོར་བྱེད་ངེས་ཤེས་རིན་པོ་ཆེ། །^p7610

ཁྱོད་མེད་པས་ན་སྲིད་པ་འདི། །^p7611

སྒྱུ་མའི་རྒྱར་ནི་འཐུམས་ཤིང་རྨོངས། །ཞེས་གསུངས།^p7612

《定解宝灯论》:^p7613

奇哉趋入深实相,犹如宝灯之定解,^p7614

若无汝则于此世,愚众困于幻网中。^p7615

2019.11.12^p7616

^p7617

ངེས་ཤེས་སྒྲོན་མེ་ལས།^p7618

ཡང་དག་ལྟ་བའི་མིག་ལྡན་ན། །^p7619

སྔར་མེད་ལུང་དང་ཉམས་རྟོགས་འབར། །^p7620

སྟོང་མཐོང་དེ་ཡི་ཡོན་ཏན་ལས། །^p7621

རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ལ། །^p7622

ཡིད་ཆེས་ཉོན་མོངས་ཆུང་བར་འགྱུར། །ཞེས་གསུངས།^p7623

《定解宝灯论》:^p7624

若具正见之明目,前所未有证相增,^p7625

现见空性功德力,于业因果缘起法,^p7626

无欺惑性生诚信,一切烦恼渐微薄。^p7627

2019.11.13^p7628

^p7629

མགོན་པོ་ཀླུ་སྒྲུབ་ཀྱིས།^p7630

བླུན་པོ་ཆུ་ཡི་རི་མོ་ལྟར། །^p7631

གང་ཞིག་བྱས་པ་དེ་མྱུར་འཇིག །^p7632

དམ་པ་རྡོ་ཡི་རི་མོ་ལྟར། །^p7633

ཤིན་ཏུ་ཆུང་ངུའང་བརྟན་པར་གནས། །ཞེས་གསུངས།^p7634

龙猛菩萨:^p7635

愚者如水纹,所做速速灭,^p7636

智者如石刻,纵微极稳固。^p7637

2019.11.14^p7638

^p7639

མགོན་པོ་ཀླུ་སྒྲུབ་ཀྱིས།^p7640

སྐྱེ་བོ་ངན་པ་སྙན་སྨྲ་ཡང་། །^p7641

འདི་ལ་ཡིད་བརྟན་རུང་མ་ཡིན། །^p7642

རྨ་བྱ་སྒྲ་སྙན་སྒྲོགས་ན་ཡང་། །^p7643

ཟས་སུ་དུག་ཆེན་ཟ་བ་ཡིན། །ཞེས་གསུངས།^p7644

龙猛菩萨:^p7645

恶人说美言,对此不应信,^p7646

孔雀声美妙,所食皆为毒。^p7647

2019.11.15^p7648

^p7649

འབྲོམ་སྟོན་པས།^p7650

དད་པ་མེད་ལ་སློབ་མར་བསྟེན་པ་མཚང་། །^p7651

སྙིང་རྗེ་མེད་ལ་བླ་མ་བཀུར་བ་མཚང་། །^p7652

ཁྲེལ་གཞུང་མེད་ལ་གྲོགས་པོར་བསྟེན་པ་མཚང་། །^p7653

མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་། །ཞེས་གསུངས།^p7654

仲敦巴尊者:^p7655

摄受没有信心的弟子,是一种错;^p7656

依止没有悲心的上师,是一种错;^p7657

结交没有惭愧的朋友,是一种错;^p7658

教诫听不进话的愚人,是一种错。^p7659

2019.11.16^p7660

^p7661

འབྲོམ་སྟོན་པས།^p7662

དེང་དུས་སྐྱེ་བོའི་ཚོགས་ནི་གསར་འགྲོགས་ཆེ། །^p7663

བསླུ་བྲིད་འཁོར་གྱི་ཚོགས་ལ་གཟབ་པར་མཛོད། །^p7664

ཅེས་གསུངས།^p7665

仲敦巴尊者:^p7666

当今的人们喜新厌旧,^p7667

故当小心身边人的欺惑。^p7668

2019.11.17^p7669

^p7670

རིག་འཛིན་འཇིགས་མེད་གླིང་པས།^p7671

ཡོན་ཏན་ལྡན་པའི་སྐྱེ་བོ་ནི། །^p7672

ས་ཕྱོགས་གཞན་དུ་ཕྱིན་ནའང་བྲིན། །^p7673

ཁུ་ཕྱུག་མོན་དུ་སྐྱེས་ན་ཡང་། །^p7674

ཅ་ཅོ་བྷོ་ཊའི་དབུས་ན་སྙན། །ཞེས་གསུངས།^p7675

持明晋美林巴:^p7676

具胜功德之士夫,纵去他乡亦受敬,^p7677

布谷鸟虽生蒙地,妙音亦传于藏地。^p7678

2019.11.18^p7679

^p7680

ལྕེ་བཙུན་སྙིང་ཏིག་ལས།^p7681

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་^p7682

མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་^p7683

གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་^p7684

བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་^p7685

པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་^p7686

གསོལ། ཞེས་གསུངས།^p7687

《杰珍心滴》:^p7688

三世一切佛陀之本体上师如意宝知,^p7689

祈祷加持成熟、解脱我相续,^p7690

祈祷加持相续生起圣道之殊胜证悟,^p7691

祈祷加持即生究竟光明大圆满胜道。^p7692

2019.11.19^p7693

^p7694

སློབ་དཔོན་ཀམྤ་ལའི་སྣང་བའི་ཕྲེང་བ་ལས།^p7695

ཆོས་འདི་ཡོངས་སུ་མ་བསྒོམས་པས། །^p7696

ཆོས་ཉིད་ཐོབ་པར་མི་འགྱུར་ཏེ། །^p7697

ཆུ་ནི་ཐོས་དང་མཐོང་བ་ཡིས། །^p7698

མ་འཐུངས་སྐོམ་པ་ཇི་ལྟར་བཟློག །ཅེས་གསུངས།^p7699

阿阇梨甘巴拉《明鬘论》:^p7700

若未修此法,不可证法性,^p7701

仅于水见闻,如何能解渴?^p7702

2019.11.20^p7703

^p7704

སྣང་བའི་ཕྲེང་བ་ལས།^p7705

ཨེ་མའོ་བརྫུན་པའི་རྣམ་རྟོག་གི །^p7706

རྒྱུན་ནི་ཤིན་ཏུ་མཐུག་པ་སྟེ། །^p7707

རྨི་ལམ་ལས་ཀྱང་རྨི་ལམ་གཞན། །^p7708

ཆུ་བུར་སྟེང་དུ་ཆུ་བུར་བཞིན། །ཞེས་གསུངས།^p7709

《明鬘论》:^p7710

奇哉假分别,相续极深厚,^p7711

犹如梦中梦,或如泡中泡。^p7712

2019.11.21^p7713

^p7714

མི་ཕམ་རིན་པོ་ཆེས།^p7715

དོན་དུ་དཀོན་མཆོག་གསུམ་གྱི་ཡོན་ཏན་ནམ་མཁའི་གཏོས་^p7716

ལས་ཀྱང་ཤིན་ཏུ་ཡངས་པ་དྲི་མ་མེད་པ་མཆོག་དང་བླ་ན་མེད་^p7717

པ་ཡིན་པས། དེ་ལ་མོས་པ་སོགས་ཀྱི་ཕན་ཡོན་ཡང་དེ་ཙམ་དུ་^p7718

ཚད་བཟུང་དུ་མེད་དོ། །ཞེས་གསུངས།^p7719

麦彭仁波切:^p7720

三宝功德过于虚空,无边无际,^p7721

无垢殊胜,无与伦比。^p7722

若对此生起信心,利益也无量无边。^p7723

2019.11.22^p7724

^p7725

མི་ཕམ་རིན་པོ་ཆེས།^p7726

དེའི་ཕྱིར་སྐྱབས་ཡང་དག་ཐམས་ཅད་མཆོག་གསུམ་པོ་འདི་ལ་^p7727

མ་འདུས་པ་མེད་པས། བློ་ལྡན་རྣམས་ཀྱིས་འདི་གསུམ་གྱི་ཡོན་^p7728

ཏན་དྲན་ནས་གཏན་གྱི་སྐྱབས་ཡང་དག་ཏུ་ཁས་བླངས་ན་དུས་^p7729

དེ་ཙམ་ནས་སྲིད་པ་མཐར་བྱེད་པའི་མགོ་བརྩམ་ཞིང་གཏན་དུ་^p7730

བདེ་བའི་མགོ་ཚུགས་པ་ཡིན་ནོ། །ཞེས་གསུངས།^p7731

麦彭仁波切:^p7732

一切真实皈依境皆摄于三宝,因此,^p7733

具慧者若忆念三宝功德后,^p7734

承诺并皈依此真实永恒之皈依处,^p7735

从此便开始断除轮回根本,^p7736

成为永恒安乐之开端。^p7737

2019.11.23^p7738

^p7739

བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལས།^p7740

བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་^p7741

ཀྱི་ལས་མེད་པར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་ཐམས་ཅད་^p7742

མཉམ་པ་ཉིད་དུ་སྒོམ་པ་དང་། བརྩོན་འགྲུས་བརྩམས་པ་དང་།^p7743

སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་དང་། དགེ་བའི་རྩ་བ་ཡོངས་^p7744

སུ་བསྔོ་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དང་^p7745

ལྡན་ན་བདུད་ཀྱི་ལས་མེད་པར་འགྱུར་རོ། །ཞེས་གསུངས།^p7746

《佛说须摩提菩萨经》(鸠摩罗什译):^p7747

佛语须摩提:“菩萨复有四事法,魔不能得其便。何等为四?一者、常念于佛。二者、常精进。三者、常念经法。四者、常立功德。是为四法。菩萨用是四事,故魔不能得其便。”^p7748

2019.11.24^p7749

^p7750

བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལས།^p7751

བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ལས་ཀྱི་སྒྲིབ་^p7752

པ་མེད་པར་འགྱུར་ཞིང་། ཡོངས་སུ་དག་པ་ཡང་མྱུར་དུ་རྟོགས་^p7753

པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་^p7754

བསྒྲུབས་པས་སྡོམ་པ་གསུམ་ཡང་དག་པར་ལེན་པ་དང་། མདོ་^p7755

སྡེ་ཟབ་མོ་རྣམས་མི་སྤོང་བ་དང་། སེམས་དང་པོ་བསྐྱེད་པའི་^p7756

བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་འདུ་^p7757

ཤེས་སྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་སྒོམ་པ་^p7758

སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་^p7759

ན་ལས་ཀྱི་སྒྲིབ་པ་མེད་པར་འགྱུར་ཞིང་ཡོངས་སུ་དག་པ་ཡང་^p7760

མྱུར་དུ་རྟོགས་པར་འགྱུར་རོ། །ཞེས་གསུངས།^p7761

2019.11.24^p7762

^p7763

《佛说须摩提菩萨经》(鸠摩罗什译):^p7764

佛语须摩提:“菩萨复有四事法,得无殃罪,所作善行疾得净住。何等为四?一者、心意所念常志于善。二者、常持戒三昧智慧。三者、初发菩萨意,便起一切智,多所度脱。四者、常有大慈愍于一切。是为四法。菩萨用是四事故,得无殃罪疾得净住。”^p7765

2019.11.25^p7766

^p7767

འཕགས་པ་ངེས་པས་ཞུས་པའི་མདོ་ལས།^p7768

ས་བོན་ཚ་བ་རྣམས་ཀྱིས་ནི། །^p7769

འབྲས་བུ་ཚ་བ་སྐྱེ་བར་འགྱུར། །^p7770

ས་བོན་མངར་བ་རྣམས་ཀྱིས་ནི། །^p7771

འབྲས་བུ་མངར་བ་སྐྱེ་བར་འགྱུར། །^p7772

དཔེ་ཟླར་བྱ་བ་འདི་ཡིས་ན། །^p7773

སྡིག་པའི་རྣམ་སྨིན་ཚ་བ་དང་། །^p7774

དཀར་པོའི་འབྲས་བུ་མངར་བ་དག །^p7775

མཁས་པའི་མིས་ནི་ཤེས་པར་འགྱུར། །ཞེས་གསུངས།^p7776

《佛说须赖经》:^p7777

一切苦种子,必定生苦果,^p7778

一切甜种子,必定生甜果。^p7779

此喻报应者,恶者报应苦,^p7780

善者报应乐,智者当辨别。^p7781

2019.11.26^p7782

^p7783

འཕགས་པ་ངེས་པས་ཞུས་པའི་མདོ་ལས།^p7784

གང་ལ་སྡིག་མེད་འཕགས་པ་ནི། །^p7785

རྣམ་པ་ཀུན་གྱིས་མཛེས་པ་ཡིན། །^p7786

བྱིས་པ་སྡིག་པ་བྱེད་པ་ནི། །^p7787

ཤིན་ཏུ་བརྒྱན་ཀྱང་མཛེས་མ་ཡིན། །^p7788

མཁས་པ་དག་གིས་སྤྱོས་སླ་ཡི། །^p7789

བྱིས་པས་བསྔགས་པ་དེ་ལྟ་མིན། །^p7790

བྱིས་པ་སྡིག་པ་བསྔགས་པར་བྱེད། །^p7791

མཁས་པ་དག་ནི་སྡིག་ལ་སྨོད། །ཅེས་གསུངས།^p7792

《佛说须赖经》:^p7793

无恶圣贤者,一切时庄严,^p7794

愚痴造恶者,纵饰亦不美。^p7795

宁为智所骂,不为愚所赞,^p7796

愚者赞于恶,智者赞于善。^p7797

2019.11.27^p7798

^p7799

ཤེས་རབ་སྡོང་བུ་ལས།^p7800

བདེ་བའི་རྗེས་ལ་སྡུག་བསྔལ་ཏེ། །^p7801

སྡུག་བསྔལ་རྗེས་ལ་བདེ་བ་ཡིན། །^p7802

མི་རྣམས་ཀྱི་ནི་བདེ་སྡུག་དག །^p7803

འཁོར་ལོ་བཞིན་དུ་འཁོར་བར་བྱེད། །ཅེས་གསུངས།^p7804

《智慧树》:^p7805

快乐后痛苦,痛苦后快乐,^p7806

众人之苦乐,辗转如旋轮。^p7807

2019.11.28^p7808

^p7809

ཤེས་རབ་སྡོང་བུ་ལས།^p7810

དེ་བས་ཤིན་ཏུ་མི་བཟད་པའི། །^p7811

འཆི་བ་ངེས་པར་འབྱུང་འགྱུར་བས། །^p7812

འདོད་པ་རྣམས་ལ་སེམས་བཟློག་ལ། །^p7813

དམ་པའི་ཆོས་ལ་དགའ་བར་གྱིས། །ཞེས་གསུངས།^p7814

《智慧树》:^p7815

难忍之死亡,必定将出现,^p7816

故断诸贪欲,于法生欢喜。^p7817

2019.11.29^p7818

^p7819

ཤེས་རབ་སྡོང་བུ་ལས།^p7820

གང་ཞིག་ཆེན་པོས་སྤྱི་བོར་བཀུར། །^p7821

དེ་ཉིད་དམན་པས་རྩྭ་སྙམ་སེམས། །^p7822

མཁས་པས་ཕྱག་བྱས་མཆོད་རྟེན་ནི། །^p7823

ཁྭ་དག་སྟན་དུ་བྱེད་པ་ཡིན། །ཞེས་གསུངས།^p7824

《智慧树》:^p7825

大士所敬境,愚者轻视彼,^p7826

智者礼佛塔,乌鸦踩其上。^p7827

2019.11.30^p7828

^p7829

ས་སྐྱ་ལེགས་བཤད་ལས།^p7830

མི་གང་གཞན་དོན་གཙོར་བྱས་ན། །^p7831

གཡོ་ཅན་རང་དོན་སྒྲུབ་དང་འདྲ། །^p7832

རང་དོན་འབའ་ཞིག་གཙོར་བྱེད་པ། །^p7833

གཞན་མགོ་འདོན་ཕྱིར་དྲང་བ་འདྲ། །ཞེས་གསུངས།^p7834

《萨迦格言》:^p7835

何人利他为重者,倒如狡者为私利,^p7836

一切利己为重者,倒如利他真诚者。^p7837

2019.12.01^p7838

^p7839

རྒྱུད་དོན་མདོར་བསྡུས་ལས།^p7840

རང་སྣང་བསམ་པ་མ་དག་པས། །^p7841

མིག་སྐྱོན་ཅན་གྱི་གངས་ཉིད་ལ། །^p7842

རྒྱུན་དུ་ནག་པོར་མི་སྲིད་ཀྱང་། །^p7843

ནག་པོར་དངོས་སུ་མཐོང་དང་མཚུངས། །ཞེས་གསུངས།^p7844

《略摄续义》:^p7845

自现心未净,如具眼翳者,^p7846

白雪本无黑,却亲睹为黑。^p7847

2019.12.02^p7848

^p7849

མདོ་ལས།^p7850

ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །^p7851

དེ་སྲིད་སྐུ་གཉིས་དམ་པ་དེ་ནི་འཐོབ་མི་འགྱུར། །ཞེས་གསུངས།^p7852

佛经:^p7853

若未圆满殊胜二资粮,^p7854

则不获得殊胜二身果。^p7855

2019.12.03^p7856

^p7857

དད་བསྐྱེད་སྒྲོན་མེ་ལས།^p7858

རིགས་དྲུག་སེམས་ཅན་ནད་ལ་གྲངས་རེ་མང་། །^p7859

དུག་ལྔ་དུག་གསུམ་ནད་ཀྱི་དབལ་རེ་ཚ། །^p7860

ཐོག་མཐའ་མེད་པ་ནད་ཀྱི་ཡུན་རེ་རིང་། །ཞེས་གསུངས།^p7861

《起信灯论》:^p7862

六道众生病极多,^p7863

五毒三毒病猛烈,^p7864

无始无终时漫长。^p7865

2019.12.04^p7866

^p7867

དད་བསྐྱེད་སྒྲོན་མེ་ལས།^p7868

རང་གི་ཚེ་ནི་གད་ཁའི་ཤིང་བུ་འདྲ། །^p7869

འཆི་བདག་བདུད་ནི་གད་རྩིའི་ཆུ་བོ་འདྲ། །ཞེས་གསུངས།^p7870

《起信灯论》:^p7871

寿命犹如河坎树,^p7872

死魔则同坎下水。^p7873

2019.12.05^p7874

^p7875

དད་བསྐྱེད་སྒྲོན་མེ་ལས།^p7876

ནོར་དང་རྫས་ནི་ཤིང་གའི་བྱེའུ་ཆུང་འདྲ། །^p7877

མི་རྟག་ངེས་ཀྱིས་ཆགས་སེམས་གཉེན་པོས་ཆོད། །^p7878

སྐྱིད་སྡུག་མི་རྟག་ཁ་སང་དེ་རིང་འདྲ། །ཞེས་གསུངས།^p7879

《起信灯论》:^p7880

财富如同树上鸟,^p7881

必定无常勿贪恋,^p7882

苦乐无常如昨今……^p7883

2019.12.06^p7884

^p7885

ཨོ་རྒྱན་ཆེན་པོས།^p7886

ལར་ལྟ་བ་ནམ་མཁའ་ལས་ཀྱང་མཐོ། །^p7887

ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས།^p7888

莲师:^p7889

是故见比虚空高,^p7890

取舍因果较粉细。^p7891

2019.12.07^p7892

^p7893

མགོན་པོ་ཀླུ་སྒྲུབ་ཀྱིས།^p7894

གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །^p7895

ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས།^p7896

龙猛菩萨:^p7897

持邪见者纵行善,^p7898

亦受难忍之苦报。^p7899

2019.12.08^p7900

^p7901

ཀློང་གསལ་ལས།^p7902

གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། །^p7903

ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །^p7904

སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱ་བའི་གནས། །ཞེས་གསུངས།^p7905

《明界续》:^p7906

雪山空谷山顶尸陀林,^p7907

此类寂静清净之高处,^p7908

乃有缘者修行之圣地。^p7909

2019.12.09^p7910

^p7911

ཀློང་དྲུག་པ་ལས།^p7912

འདི་ཀུན་བློ་ཡི་རིམ་པར་སྣང་། །^p7913

རང་ངོ་ཀ་ནས་དག་པའོ། །ཞེས་གསུངས།^p7914

《六界续》:^p7915

此等意次现,^p7916

本面本来净。^p7917

2019.12.10^p7918

^p7919

མཁན་ཏེ་པའི་ཞལ་ནས།^p7920

ལུས་ཕུང་གྲོང་ཡུལ་གནས་གྱུར་ཀྱང་། །^p7921

སེམས་ནི་དབེན་པའི་དོན་ལ་གནས། །^p7922

བླ་མ་མ་བརྗེད་མོས་གུས་བརྩོན། །^p7923

རང་རིག་མ་བཅོས་ཧུར་ཕྱུང་མཛོད། །ཅེས་གསུངས།^p7924

德巴堪布:^p7925

身蕴纵然住红尘,心性安住寂静处,^p7926

莫忘上师常敬信,莫改自心了明然。^p7927

2019.12.11^p7928

^p7929

མི་ཕམ་རིན་པོ་ཆེས།^p7930

ཀུན་རྟོག་གི་གཡོ་བ་ཡོད་བཞིན་འོད་གསལ་གཡོ་མེད་ངོས་ཟིན་^p7931

པ་འདི་རྫོགས་ཆེན་ངོ་སྤྲོད་ཀྱི་ཁྱད་ཆོས་ཡིན། ཞེས་གསུངས།^p7932

麦彭仁波切:^p7933

在分别念动摇的同时,^p7934

认识无动摇的光明,^p7935

这是直指大圆满的特法。^p7936

2019.12.12^p7937

^p7938

དཔལ་ས་ར་ཧས།^p7939

ང་ཡིས་རྩེད་མོ་བྱས་པ་ལ། །^p7940

བྱིས་པ་རྣམས་ནི་ཨ་ཐང་ཆད། །ཅེས་གསུངས།^p7941

萨热哈尊者:^p7942

我视世间为游戏,^p7943

凡愚当真生痛苦。^p7944

2019.12.13^p7945

^p7946

སློབ་དཔོན་ཉི་འོད་སེང་གེས།^p7947

འཁོར་བའི་ཆོས་ཞེས་བྱ་བ་གཞན་ཡུལ་ལོགས་ཤིག་ན་མེད་དོ། །^p7948

འཁོར་བའི་ཆོས་ཉིད་མྱ་ངན་ལས་འདས་པའི་དཀྱིལ་འཁོར་^p7949

དེ་ལྟར་ཡིན། ཞེས་གསུངས།^p7950

阿阇梨日光狮子:^p7951

所谓轮回,不在他处,^p7952

轮回的法性即涅槃坛城。^p7953

2019.12.14^p7954

^p7955

དགྱེས་རྡོར་ལས།^p7956

འཁོར་བ་སྤངས་ནས་གཞན་དུ་ནི། །^p7957

མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས།^p7958

喜金刚:^p7959

除轮回他处,^p7960

不可证涅槃。^p7961

2019.12.15^p7962

^p7963

འཇིགས་བྲལ་ཡེ་ཤེས་རྡོ་རྗེས།^p7964

རྣམ་རྟོག་ཤར་ན་ཤར་ཆུག་རང་གྲོལ་ཐོངས། །^p7965

མ་ཤར་གནས་ན་གནས་ཆུག་རང་བབས་གློད། །^p7966

ཉིན་མཚན་འོད་གསལ་ཁོར་ཡུག་འབྱམས་ཀླས་ཚེ། །^p7967

འབྲས་བུ་ཕྱི་དུས་མི་རེ་ཨ་ལ་ལ། །ཞེས་གསུངས།^p7968

无畏智慧金刚尊者(第二世敦珠法王):^p7969

若起分别观其自解脱,^p7970

不起分别安住自放松,^p7971

昼夜处于光明不间断,^p7972

不求后世果位阿啦啦。^p7973

2019.12.16^p7974

^p7975

བློ་བཟང་འཕྲིན་ལས་ཀྱིས།^p7976

འབངས་བདག་གི་ལུས་ངག་ཡིད་གསུམ་གྱིས། །^p7977

ལས་བྱ་བ་གང་བརྩམས་དུས་རྟག་ཏུ། །^p7978

བསྟན་འགྲོ་བ་ཡོངས་ལ་ཕན་པ་རུ། །^p7979

རྒྱུད་བྱིན་གྱིས་རློབས་ཤིག་བླ་མ་ལྷ། །ཞེས་གསུངས།^p7980

洛桑陈列尊者:^p7981

上师本尊加持我,我以身口意三门,^p7982

所做一切恒成为,弘法利生之事业。^p7983

2019.12.17^p7984

^p7985

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས།^p7986

དམ་ཆོས་སྲོག་ཕྱིར་མི་སྤོང་ཞིང་། །^p7987

སྡིག་པའི་གྲོགས་ལ་མི་བསྟེན་པ། །^p7988

ཆོས་སྨྲ་བ་ལ་སྐུར་མི་འདེབས། །^p7989

སངས་རྒྱས་རྗེས་སུ་དྲན་སྒོམ་ན། །^p7990

སངས་རྒྱས་རྣམས་དང་འཕྲད་པར་འགྱུར། །ཞེས་གསུངས།^p7991

觉涅扎巴夏智尊者:^p7992

舍命亦不舍正法,恒不依止恶劣友,^p7993

永不诽谤说法师,随念观修佛陀者,^p7994

必将值遇诸如来。^p7995

2019.12.18^p7996

^p7997

འཇིགས་བྲལ་ཡེ་ཤེས་རྡོ་རྗེས།^p7998

ཁྱད་པར་རྩ་བའི་བླ་མར་མོས་གུས་དང་། །^p7999

དམ་ཚིག་གཅིག་པའི་མཆེད་ལ་བརྩེ་གདུང་དང་། །^p8000

མ་གྱུར་འགྲོ་ལ་སྙིང་རྗེ་བྱང་སེམས་དང་། །^p8001

འདུས་བྱས་མི་རྟག་བློ་སྣ་བསྟུང་བ་རྣམས། །^p8002

ཆོས་པའི་གཏད་ནོར་བཞི་ཞེས་མེད་ཐབས་མེད། །ཅེས་གསུངས།^p8003

无畏智慧金刚尊者(第二世敦珠法王):^p8004

深信恭敬根本师,慈悯同坛诸道友,^p8005

慈悲老母有情众,迫切观修法无常,^p8006

修行四宝不可缺。^p8007

2019.12.19^p8008

^p8009

ཁྲོ་བོ་བདུད་རྩི་འཁྱིལ་བའི་རྒྱུད་ལས།^p8010

བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །^p8011

ཞི་ཁྲོ་རང་གི་བྱང་ཆུབ་སེམས། །ཞེས་གསུངས།^p8012

《忿怒甘露旋续》:^p8013

若证菩提心之义,文武诸尊即此心。^p8014

2019.12.20^p8015

^p8016

མི་ཕམ་རིན་པོ་ཆེས།^p8017

དང་པོར་མན་ངག་གནས་ལ་ཐེ་ཚོམ་བཅད། །^p8018

བར་དུ་ལྷོད་མེད་བརྩོན་པས་ཉམས་སུ་བླངས། །^p8019

ཐ་མ་གྲུབ་འབྲས་བསྟན་འགྲོའི་གསོས་སུ་བཤམས། །^p8020

འདི་ནི་སྔགས་གྲུབ་དམ་པའི་སྤྱོད་པ་ཡིན། །ཞེས་གསུངས།^p8021

麦彭仁波切:^p8022

初于窍诀之义除怀疑,^p8023

中间无懈精进而修行,^p8024

最终之果弘法利众生,^p8025

此乃修成密宗胜行为。^p8026

2019.12.21^p8027

^p8028

འཕགས་པ་འོད་དཔག་མེད་བཀོད་པ་ཞེས་བྱ་བའི་མདོ་ལས། སངས་རྒྱས་ཚེ་དཔག་མེད་ཀྱིས་ལུང་བསྟན་པ། །^p8029

ངས་ནི་སྔོན་ཚེ་སྨོན་ལམ་འདི་སྐད་བཏབ། །^p8030

སེམས་ཅན་དག་གིས་ང་ཡི་མིང་ཐོས་ན། །^p8031

ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །^p8032

ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །^p8033

འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །^p8034

དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །^p8035

དེ་དག་སྐྱེ་བ་གཅིག་ལས་ཕྱིར་མི་ལྡོག །ཅེས་གསུངས།^p8036

《圣无量光庄严大乘经》:^p8037

无量光佛授记云:我已往昔发宏愿,^p8038

何人听闻我名号,必将前往我刹土,^p8039

我之善愿已圆满,众多世界诸众生,^p8040

皆会来至我刹土,彼等一生不退转。^p8041

2019.12.22^p8042

^p8043

ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་ལས།^p8044

ཞེ་སྡང་བྲལ་བར་མ་གྱུར་ན། །^p8045

ཇི་སྲིད་འཚོ་བར་གནོད་དང་བཅས། །^p8046

ཁྲོ་བ་གཅིག་པུ་བཅོམ་པ་ཡིས། །^p8047

རྣམ་པར་སྡང་བ་ཐམས་ཅད་བཅོམ། །ཞེས་གསུངས།^p8048

《善说箧谭》:^p8049

若未离嗔心,生活定受损,^p8050

若唯摧嗔心,一切损则灭。^p8051

2019.12.23^p8052

^p8053

ལེགས་པར་བཤད་པ་རིན་པོ་ཆེ་^p8054

ཟ་མ་ཏོག་ལྟ་བུའི་གཏམ་ལས།^p8055

རྟོག་པའི་བུད་ཤིང་ལ་མཆེད་པའི། །^p8056

ཁྲོ་བའི་མེ་ཡིས་འགྲོ་བ་བསྲེག །^p8057

དང་པོར་བདག་ཉིད་སྲེག་བྱེད་ལ། །^p8058

གཞན་དག་སྲེག་པའམ་ཡང་ན་མིན། །^p8059

ཞེས་གསུངས།^p8060

《善说箧谭》:^p8061

分别薪为因,嗔火焚众生,^p8062

首先烧自身,或波及他众。^p8063

2019.12.24^p8064

^p8065

སློབ་དཔོན་མ་ཏི་ཙི་ཊའི་དཀོན་མཆོག་^p8066

གསུམ་གྱི་བསྟོད་པ་ལས།^p8067

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །^p8068

སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །^p8069

སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །^p8070

དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །^p8071

གསུམ་ལ་རྟག་ཏུ་བདག་ཕྱག་འཚལ། །^p8072

ཞེས་གསུངས།^p8073

阿阇梨马德孜达《三宝赞》:^p8074

顶礼三宝尊,顶礼主佛尊,^p8075

顶礼救法尊,顶礼大僧尊,^p8076

我恒礼三宝。^p8077

2019.12.25^p8078

^p8079

དཀོན་མཆོག་གསུམ་གྱི་བསྟོད་པ།^p8080

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །^p8081

དམིགས་མེད་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་པའི་སྐུ། །^p8082

ཅིར་ཡང་སྤྲུལ་སྐུ་ལ། །གུས་པས་ཕྱག་འཚལ་ལོ། །^p8083

རྣམ་དག་ཆོས་ཀྱི་དབྱིངས། །སྒྲུབ་པའི་འཕགས་ལམ་བརྒྱད། །^p8084

བསྟན་པའི་གསུང་རབ་ལ། །གུས་པས་ཕྱག་འཚལ་ལོ། །^p8085

བྱང་ཆུབ་སེམས་རྣམས་དང་། །དགྲ་བཅོམ་དག་ལ་སོགས། །^p8086

རང་སངས་རྒྱས་རྣམས་ལ། །གུས་པས་ཕྱག་འཚལ་ལོ། །^p8087

དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་^p8088

གྱིས་མཛད་པ་རྫོགས་སོ། །^p8089

世亲论师《三宝赞》:^p8090

南无三宝尊,无缘之法身,受用圆满身,显现化身前,恭敬而顶礼。清净法性界,修行八圣道,圣教典籍前,恭敬而顶礼。一切诸菩萨,所有阿罗汉,及诸缘觉前,恭敬而顶礼。^p8091

2019.12.26^p8092

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་རྒྱལ་དབྱངས་^p8093

ཐོས་པ་དགའ་བསྐྱེད་ལས།^p8094

ཁྲིམས་ལྡན་སྡེ་སྣོད་འཛིན་པའི་འདབ་སྟོང་གི་ཚོགས་ཀྱིས། །^p8095

དབྱིག་འཛིན་ཡངས་པོའི་ཁྱོན་ཀུན་དོག་པོ་རུ་བགྱིད་སྐབས། །^p8096

རྒྱུ་སྐར་ཚོགས་ཀྱིས་རང་གནས་འཆོར་བ་ལ་འཚེར་ནས། །^p8097

འདར་ཞིང་འགྲོ་འོང་ཚབ་ཚུབ་བྱེད་པ་འདི་མཐོང་ངམ། །^p8098

རྡོ༵་རྗེ༵་བདུ༵ད་འཇོ༵མས་ནག་ཕྱོགས་གཤེད་མ་རུ་ཆས་སྐབས། །^p8099

ལྷ་མིན་ཚོགས་ཀྱང་ལྷ་ཡི་སྤྱོད་ཚུལ་ལ་མོས་ནས། །^p8100

རྒྱལ་བསྟན་གཞིར་བཞེངས་སློང་བའི་མཛའ་གྲོགས་སུ་གྱུར་བའི། །^p8101

སྔར་མ་མཐོང་བའི་གྲུབ་རྟགས་མངོན་སུམ་དུ་སྣང་འདུག །^p8102

རླུང་སེམས་དྷཱུ་ཏིར་བསྟིམས་པའི་ལག་རྗེས་ལས་འོངས་པའི། །^p8103

མཆོག་དམན་བར་མའི་འགྲོ་ཚོགས་བདག་དབང་དུ་གྱུར་ཏེ། །^p8104

ཀུན་ཀྱང་བྱང་ཆུབ་སྒྲུབ་ལ་སྙིང་སྟོབས་ཤིག་སྐྱེས་ནས། །^p8105

ལུས་ངག་དལ་དུ་མེད་པའི་ངང་ཚུལ་འདི་གཟིགས་སམ། །^p8106

ཞེས་གསུངས།^p8107

2019.12.26^p8108

^p8109

法王晋美彭措《胜利妙音·闻而生喜》:^p8110

见否具戒信众如繁花,^p8111

无边辽阔大地难容纳,^p8112

繁星惟恐丧失自处所,^p8113

瑟瑟发抖来去慌张张?^p8114

降魔金刚惩治邪恶时,^p8115

阿修罗众虔信善法行,^p8116

成为兴起佛法良友伴,^p8117

此乃前所未见成就相。^p8118

风心融入中脉之征象,^p8119

感化上上下下诸群生,^p8120

悉皆发心修行菩提道,^p8121

身语不懈此情汝见否?^p8122

2019.12.27^p8123

^p8124

སེམས་ཀྱི་གདར་ཤ་གཅོད་པའི་གདམས་པ་ལས།^p8125

བདེ་སྡུག་གང་མྱོང་སེམས་ལ་རགས་ལས་ཏེ། །^p8126

གང་ཞིག་བུ་རུ་བཟུང་ན་དེ་ཤི་འགྱོད། །^p8127

གང་ཞིག་དགྲ་རུ་བཟུང་ན་དེ་ཤི་དགའ། །^p8128

དངོས་པོའི་སྟེང་ན་བདེ་སྡུག་ཡེ་གྲུབ་མེད། །ཅེས་གསུངས།^p8129

《探寻心性之教言》:^p8130

一切苦乐由心生,何人执子子亡苦,^p8131

何人执敌敌亡乐,诸法本来无苦乐。^p8132

2019.12.28^p8133

^p8134

རྣམ་པར་རྒྱལ་བའི་དུས་གཏམ་ལས།^p8135

ལམ་ཡང་ཟབ་འོད་གསལ་སྙིང་པོ་ཡི། །^p8136

ཚིག་ཐོས་པས་སྲིད་རྩ་ཧྲུལ་བོར་བྱེད། །^p8137

གནད་བསྒོམས་ན་ཟླ་བ་དྲུག་གིས་གྲོལ། །^p8138

འདི་ཁོ་ན་སྙིང་གི་དཔལ་བེར་སྟིམས། །ཞེས་གསུངས།^p8139

《胜利道歌》:^p8140

甚深光明大圆满,仅闻词句断有根,^p8141

六月修要得解脱,唯此铭刻于心中。^p8142

2019.12.29^p8143

^p8144

དུས་མཐའི་སྨོན་ལམ་ལས།^p8145

སྐྱེས་མ་ཐག་ཏུ་ཐེག་པ་ཆེན་པོའི་ལམ། །^p8146

མ་ནོར་མངོན་སུམ་སྟོན་པའི་བླ་མ་དང་། །^p8147

མཇལ་ནས་རྣམ་པ་ཀུན་ཏུ་མཉེས་བྱེད་ཅིང་། །^p8148

ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །ཅེས་གསུངས།^p8149

《末世愿文》:^p8150

愿我无论生何处,遇善知识令生喜,^p8151

获得无误大乘道,具足闻思修智慧。^p8152

2019.12.30^p8153

^p8154

མི་ཕམ་རིན་པོ་ཆེས།^p8155

རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །^p8156

ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །^p8157

མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །^p8158

གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་གསུངས།^p8159

麦彭仁波切:^p8160

愿本传师加持入心中,^p8161

本尊摄受获得诸悉地,^p8162

空行护法如影随行身,^p8163

所想任运自成普吉祥!^p8164

2019.12.31^p8165

^p8166

བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས།^p8167

བདག་ནི་དམྱལ་བར་མི་འགྲོ་བར། །^p8168

གཞན་དག་སུ་ཞིག་དམྱལ་བར་འགྲོ། །^p8169

ཇི་སྲིད་དམྱལ་བ་མ་སྟོང་བར། །^p8170

དེ་སྲིད་བར་དུ་འཚང་མི་རྒྱ། །ཞེས་གསུངས།^p8171

地藏王菩萨:^p8172

我不入地狱,谁入地狱,^p8173

地狱不空,誓不成佛。^p8174

^p8175

对读

本章未含颂词;点「添加对读」可选库内其他章节并排研读。