Cinta Base

作明佛母赞·红青莲弓箭^p1

公开译作019

法王晋美彭措·取伏藏^p2

索达吉堪布·翻译^p3

༄༅། །ན་མོ་གུ་རུ་ཨ་ཛི་ཏ་ཡེ།^p4
纳摩格热阿泽达耶 顶礼上师阿则达1!^p5
སྲས་བཅས་རྒྱལ་བའི་སོར་རྟོགས་ཡེ་ཤེས་ཉིད། །^p6
这吉嘉沃所多耶希涅 佛佛子妙观察智,^p7
རབ་དམར་མཚན་དཔེའི་གཟུགས་སུ་སྨིན་པའི་དཔྱིད། །^p8
Ra玛灿会惹色门波些 成熟最红相好色,^p9
དགེ་ལེགས་འབུམ་གྱི་འབྱུང་གནས་བཅོམ་ལྡན་འདས། །^p10
给拉崩杰炯内炯丹迪 众善妙源出有坏,^p11
པད་མ་མཁའ་འགྲོ་རིག་བྱེད་དཔལ་མོར་འདུད། །^p12
巴玛宽卓热学华摩德 莲花空行汝前礼。^p13
བརྟན་གཡོའི་མཛེས་སྡུག་གཅིག་ཏུ་འཁྱིལ་བའི་སྐུ། །^p14
丹于贼德结德且沃格 动静庄严合一身,^p15
མཐོང་བས་མི་ངོམས་བདེ་སྟོང་ངང་གིས་འདྲེན། །^p16
通威么嗡得东昂给珍 观不厌自引空乐,^p17
དྲན་པའི་མོད་ལ་ཡེ་ཤེས་ཉི་མ་ཡིས། །^p18
展波摩拉耶希涅玛义 忆念当下以智日,^p19
གཟུང་འཛིན་ཆབ་རོམ་བཞུ་མཛད་ཁྱོད་ལ་འདུད། །^p20
荣怎恰荣犹匝窍拉德 化二取冰汝前礼。^p21
བརྒྱད་གཉིས་ལང་ཚོའི་རྩལ་འཆང་བདེ་བའི་མདངས། །^p22
嘉尼朗粗匝强得沃当 十六韶华妙乐相,^p23
ཆགས་པ་ཅན་ལ་ཆགས་པའི་སྒྱུ་རྩལ་གྱིས། །^p24
恰巴坚拉恰波杰匝基 于具贪者以贪技,^p25
ཀོསྟུ་བྷ་དང་འགྲོགས་པའི་རྡོ་བཞིན་དུ། །^p26
故德巴当卓波多银德 如依够达巴之石,^p27
བྱང་ཆུབ་མཆོག་ཏུ་སྒྱུར་མཛད་ཁྱོད་ལ་འདུད། །^p28
香且窍德杰匝窍拉德 转胜菩提汝前礼。^p29
འཇམ་མཉེན་སོར་མོས་འཁྱུད་པའི་དེ་མ་ཐག །^p30
蒋您所木砌波得玛塔 柔软手指碰触时,^p31
རླུང་སེམས་གཡོ་བ་དྷཱུ་ཏཱིའི་ཀློང་དུ་སྟིམ། །^p32
龙森哟瓦德迪龙德灯 动摇风心融中脉,^p33
རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ཡང་། །^p34
多杰森慧才当朗措扬 金刚勇识寿年华,^p35
རགས་ལུས་བཅུད་དུ་སྨིན་མཛད་ཁྱོད་ལ་འདུད། །^p36
Ra利借德门匝窍拉德 粗身熟精汝前礼。^p37
གང་སྐུ་ཨུཏྤལ་དམར་པོའི་ཞགས་པ་འདིས། །^p38
刚格额巴玛布压巴迪 身以此红青莲索,^p39
འགུགས་ཤིང་འཆིང་བར་མི་ནུས་གང་ཡང་མེད། །^p40
各向强瓦么尼刚扬美 无所不能勾招缚,^p41
བདུད་དང་ཚངས་དབང་ལ་སོགས་ཆེ་དགུ་ཡིས། །^p42
德当苍旺拉所切各义 令魔梵王等诸尊,^p43
ཁྱོད་ཞབས་སྤྱི་བོས་བཀུར་བར་མཛད་ལ་འདུད། །^p44
窍压学悟格瓦匝拉德 顶戴足下汝前礼。^p45
སྙན་འཇེབས་སྒྲ་དབྱངས་རྒྱ་མཚོའི་ཁྱད་ཆོས་ཀུན། །^p46
年节札样江促恰秋根 语以悦耳妙音海,^p47
ཡོངས་སུ་རྫོགས་པ་དྲུག་ཅུ་རྩ་བཞིའི་གསུང་། །^p48
永色作巴哲借匝伊颂 圆满特法六十四,^p49
ཐོས་དང་བསམ་པས་བློ་ཡི་མུན་སེལ་ཞིང་། །^p50
图当三贝洛叶门色样 以闻思维驱意暗,^p51
ངག་ལ་ངག་གི་དཔལ་སྩོལ་ཁྱོད་ལ་འདུད། །^p52
锕拉锕格华作窍拉德 赐语吉祥汝前礼。^p53
སྲིད་ཞིའི་དགེ་མཚན་ཡིད་ལ་འཐད་ཚད་ཀུན། །^p54
哲伊给灿叶拉塔擦根 有寂合意诸善相,^p55
རྨད་བྱུང་ཕན་བདེའི་གཏེར་གཅིག་ཁྱོད་ལས་ཤར། །^p56
玛雄潘迪得结窍类夏 胜利乐藏您中现,^p57
མ་ལུས་ཞིང་གི་རྒྱལ་བ་ཐམས་ཅད་ཀྱི། །^p58
玛利样格嘉瓦坛加杰 成无余刹诸佛母,^p59
ཡུམ་གྱུར་འཕགས་བཞི་སྐྱེད་མཛད་ཁྱོད་ལ་འདུད། །^p60
阴杰帕耶洁匝窍拉德 能生四圣汝前礼。^p61
མུན་པའི་གླིང་དུ་ཉིན་བྱེད་ཤར་བ་བཞིན། །^p62
门波朗德您学夏瓦银 宛如日升黑暗洲,^p63
ལྔ་བདོའི་རྒུད་པས་ཆེས་མནར་སྐྱེ་དགུ་ལ། །^p64
锕读格贝其纳洁各拉 于五浊衰逼迫众,^p65
རྫོགས་ལྡན་སྣང་བའི་དཔལ་ཡོན་མཐའ་དག་ཀུན། །^p66
作丹囊沃华云塔达根 所有圆满祥瑞物,^p67
བཙན་ཐབས་ཚུལ་གྱིས་སྦྱིན་མཛད་ཁྱོད་ལ་འདུད། །^p68
赞塔策基因匝窍拉德 强制赐予汝前礼。^p69
གང་སྐུ་ལས་བྱུང་འོད་དམར་འཕྲུལ་འཁོར་གྱིས། །^p70
刚格类雄奥玛彻括基 身放红光之幻轮,^p71
སྲིད་ཞིའི་བདེ་ཀློང་གཅིག་ཏུ་བཞུས་པའི་ཚེ། །^p72
哲耶得龙结德以波才 有寂融一乐界时,^p73
མི་མཐུན་འགལ་རྐྱེན་བཙལ་ཀྱང་མི་རྙེད་པའི། །^p74
么腾嘎锦匝匠么涅波 不顺违缘寻不得,^p75
ཐབས་ཚུལ་བསམ་གྱིས་མི་ཁྱབ་ཁྱོད་ལ་འདུད། །^p76
塔策三基么恰窍拉德 方便难思汝前礼。^p77
ཚེ་དཔལ་སྟོབས་འབྱོར་བདེ་སྐྱིད་སྙན་གྲགས་ཀུན། །^p78
才华多较得杰年札根 福寿财势安乐名,^p79
ཁབ་ལེན་རྡོ་ཡིས་ལྕགས་བཞིན་ཁྱོད་ཀྱི་སྐུ། །^p80
卡临多义加银窍杰格 如吸铁石您之身,^p81
ཡིད་ངོར་ཤར་བ་ཙམ་གྱི་མོད་ལ་ཡང་། །^p82
叶噢夏瓦赞杰摩拉扬 仅仅浮现心前时,^p83
ཅིག་ཆར་བསྡུས་ནས་སྩོལ་མཛད་ཁྱོད་ལ་འདུད། །^p84
结恰迪内作匝窍拉德 令顿摄集汝前礼。^p85
དགྱེས་སྤྱན་ཟུར་མིག་ཕོག་པའི་སྐྱེ་བོ་ལ། །^p86
基宣热么颇波洁卧拉 喜眼睨视触及者,^p87
ཆོས་དང་སྲིད་ཀྱི་ལེགས་ཚོགས་ཇི་སྙེད་ཀུན། །^p88
秋当哲杰拉措结涅根 尽世出世诸善聚,^p89
ཆུ་གཏེར་ཀླུང་དུ་ཆུ་ཕྲན་འོངས་པ་ལྟར། །^p90
且得龙德且产嗡巴达 犹如小溪汇大海,^p91
འབད་མེད་ངང་གྱིས་འདུ་མཛད་ཁྱོད་ལ་འདུད། །^p92
巴美昂给德匝窍拉德 令无勤集汝前礼。^p93
སྡང་མིག་ཁྲོ་གཉེར་བསྡུས་པའི་གཤིན་རྗེ་ཡང་། །^p94
当么绰捏迪波欣杰扬 怒目横眉阎罗王,^p95
སྙིང་ལ་ཨུཏྤལ་མདའ་ཡིས་རྨས་མ་ཐག །^p96
酿拉额巴大义美玛塔 青莲箭中其心时,^p97
གང་གི་རིག་སྔགས་འཆང་ལ་མ་བྱམས་བཞིན། །^p98
刚格热锕强拉玛宣银 即持明咒如慈母,^p99
ལྷག་པར་བརྩེ་བས་སྐྱོང་མཛད་ཁྱོད་ལ་འདུད། །^p100
拉巴贼威炯匝窍拉德 令尤爱护汝前礼。^p101
བསད་བསྐྲད་རྨོངས་འགུགས་ལས་ལ་ལྟོས་མིན་པར། །^p102
萨札蒙各类拉度门巴 不依诛逐愚招业,^p103
ཁྱོད་ཞལ་དྲན་པའི་ལྕགས་ཀྱུ་རྣོན་པོ་ཡིས། །^p104
窍压展波加杰伦波义 观您尊颜利铁勾,^p105
དགྲ་བགེགས་སྡེ་ཚོགས་དབང་མེད་འཆིང་བྱས་ཏེ། །^p106
札嘎得措旺美强虚得 自然束缚怨魔众,^p107
བྲན་བཞིན་འཁོར་དུ་འགུགས་མཛད་ཁྱོད་ལ་འདུད། །^p108
撰银括德各匝窍拉德 如仆服从汝前礼。^p109
གསང་ཆེན་ཐབས་གྲོལ་ལམ་དང་འགོགས་མིན་པར། །^p110
桑钦塔卓蓝当卓门巴 不依方便解脱道,^p111
ཆགས་པའི་སེམས་ཀྱིས་ཁྱོད་ལ་ཕྱོགས་ན་ཡང་། །^p112
恰波森基窍拉效纳扬 唯以贪爱心向您,^p113
དགའ་བ་བཞི་དང་ཧེ་རུ་ཀ་ཡི་དཔལ། །^p114
嘎瓦耶当嘿热嘎叶华 四喜黑日嘎威德,^p115
མི་ངལ་ཡིད་ལ་སྩོལ་མཛད་ཁྱོད་ལ་འདུད། །^p116
么锕叶拉作匝窍拉德 无勤赐者汝前礼。^p117
གསེར་འགྱུར་རྩི་ཡིས་ཐེབས་པའི་ལྕགས་བཞིན་དུ། །^p118
色杰责义特波加银德 如点金剂触及铁,^p119
ལས་ཉོན་སྡུག་བསྔལ་གཞན་དབང་གྱུར་རྣམས་ཀྱིས། །^p120
类纽德锕沿旺杰南基 业惑痛苦随他转,^p121
གང་ལ་དད་མོས་ཅུང་ཟད་སྐྱེས་པས་ཀྱང་། །^p122
刚拉达木炯Ra基贝匠 稍生胜解信心者,^p123
རྣམ་གྲོལ་དབུགས་ཆེན་འབྱིན་མཛད་ཁྱོད་ལ་འདུད། །^p124
南卓沃钦金匝窍拉德 解脱安慰汝前礼。^p125
མདོར་ན་ཤེས་བྱའི་ཁྱོན་དུ་འཁོད་པ་ཡི། །^p126
多纳希雪群德括巴叶 总之列于所知界,^p127
ཇི་སྙེད་ལེགས་ཚོགས་ཁྱོད་ཀྱི་རྣམ་འགྱུར་ཙམ། །^p128
结涅拉措窍杰南杰赞 所有美妙唯您变,^p129
དེ་ཕྱིར་བདེ་སྟོང་རང་མདངས་ལྷ་མོ་ཁྱོད། །^p130
得穴得东让当拉姆窍 故当深心不离依,^p131
འབྲལ་མེད་ཡིད་ཀྱི་བཅུད་དུ་བསྟེན་ལགས་ན། །^p132
抓美叶杰借德定拉纳 空乐自相尊母汝。^p133
གནས་སྐབས་ཡིད་ལ་གང་འདོད་འབད་མེད་འགྲུབ། །^p134
内嘎叶拉刚多巴美哲 愿暂无勤成所欲,^p135
མཐར་ཐུག་འཕོ་མེད་ཡེ་ཤེས་ཌཱ་ཀི་མའི། །^p136
塔特颇美耶希札格么 究竟今生即现前,^p137
གོ་འཕང་ཚེ་འདི་ཉིད་ལ་མངོན་གྱུར་ཏེ། །^p138
果旁才德涅拉温杰得 无变智慧空行果,^p139
འཁོར་བའི་རྒྱ་མཚོ་དོང་ནས་སྤྲུག་གྱུར་ཅིག །^p140
括沃江措冬内哲杰结 根除轮回之大海。^p141
ཅེས་པ་འདི་ནི་རྗེ་བཙུན་དཔལ་མོ་ལ་བཅོས་མིན་གྱི་དད་པས་བསླངས་ཏེ་ཡིད་ལ་ཤར་རིམ་བཞིན་བསྒྱུར་བཅོས་མ་བྱས་པར་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་ཡི་གེར་སྤེལ་བ་མངྒ་ལཾ།། །།^p142

此文,以于至尊吉祥作明佛母无伪信心引发依心中所现未加改造,阿旺罗珠宗美立成文字,愿增吉祥!^p143

༄༅།། ཏི་སྒྲོའི་ཆོས་སྐོར་ལས། རིག་བྱེད་དབང་མོའི་བསྟོད་པ་^p144
ཨུཏྤལ་མདའ་གཞུ་བཞུགས།^p145

Footnotes

  1. 上师阿则达:指麦彭仁波切。^p146 ↩

对读

本章未含颂词;点「添加对读」可选库内其他章节并排研读。